ཕུར་པ་རྒྱུད་ལུགས་ཀྱི་ཆོས་འབྱུང་།
རྩོམ་པ་པོ།:རིག་འཛིན་འཇིགས་མེད་གླིང་པ།
རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།
རིག་འཛིན་འཇིགས་མེད་གླིང་པ་ནི་རབ་བྱུང་བཅུ་གཉིས་པ་ཞི་བ་ཞེས་པ་མོ་བྱ་སྤྱི་ལོ1729ལོ་རྒྱལ་གྱི་ཟླ་བའི་ཚེས་བརྒྱད་ཉིན་ལྷོ་ཁ་འཕྱོངས་རྒྱས་སུ་སྐུ་འཁྲུངས། དགུང་ལོ་དྲུག་པ་ནས་དམ་པའི་ཆོས་ཀྱི་སྒོར་ཞུགས། སྐུ་ན་གཞོན་དུས་ནས་རྣམ་དཔྱོད་ཀྱི་སྒོ་འཕར་མཆོག་ཏུ་ཡངས་ཤིང་། སློབ་དཔོན་རྒྱ་ཆེར་མ་བསྟེན་ཅིང་། མདོ་རྒྱུད་ཀྱི་ཟབ་ཆོས་དང་རིག་གནས་མཐའ་དག་ལ་མཁས་པའི་རྩེར་སོན། དགུང་ལོ་ཉེར་ལྔ་ནས་སོ་ལྔའི་བར་དབེན་པའི་གནས་སུ་སྒྲུབ་པ་སྙིང་པོར་མཛད་དེ་བཅད་རྒྱ་མཛད། དེ་ནས་བསྟན་འགྲོའི་བྱ་བ་རྒྱ་ཆེར་མཛད་དེ། དབུས་གཙང་དང་མདོ་ཁམས། མོན་པ། ཁ་ཆེ་སོགས་སྐད་རིགས་མི་གཅིག་པའི་སློབ་མ་མང་དུ་བསྐྱངས་ཤིང་། དགུང་ལོ་བདུན་ཅུ་པ་རབ་བྱུང་བཅུ་གསུམ་པའི་ས་རྟ་སྤྱི་ལོ1798ལོར་སྐུ་གཤེགས།
གསུང་རྩོམ་ལ། ཡོན་ཏན་མཛོད་རྩ་འགྲེལ་དང་། རྙིང་མ་རྒྱུད་འབུམ་གྱི་རྟོགས་བརྗོད། དགོངས་འདུས་རྣམ་བཤད། ཀློང་ཆེན་སྙིང་ཐིག་གི་གཏེར་ཆོས་སོགས་པོད་དགུ་ཙམ་བཞུགས།
ཡིག་ཚང་གི་ནང་དོན་མདོར་བསྡུས།
ཆོས་འབྱུང་འདིར་སྒྲུབ་པ་ཆེན་པོ་བཀའ་བརྒྱད་ཀྱི་ནང་གསེས་ཕྲིན་ལས་ཕུར་པ་རྒྱུད་ལུགས་ཀྱི་ཆོས་ཀྱི་བྱུང་བའི་ལོ་རྒྱུས། སྔོན་བྱུང་གི་རྒྱུད་ཀྱི་ལུགས་དང་། ཕྱིས་བྱུང་མན་ངག་གི་ལུགས་བཅས་གཉིས་ཀྱི་སྒོ་ནས་རྒྱུད་ལུགས་ཀྱི་ཕུར་པའི་ཁུངས་བསྟན་ཡོད་ལ། ཕྱིས་བྱུང་མན་ངག་གི་ལུགས་ལའང་རྒྱལ་པོ་ལུགས་དང་། ཇོ་མོ་ལུགས། ལྕམ་ལུགས་བཅས་ཀྱིས་རྒྱུད་ལུགས་ཕུར་པའི་བསྟན་པ་དར་ཚུལ་རྣམས་རགས་ཙམ་རེ་བསྟན་ཡོད་དོ། །
བརྒྱུད་བསྐུར་གྲངས་འདོན།:0
ཉར་ཚགས་གྲངས་འདོན།:0
ཀློག་གྲངས།:3
ནང་དོན་མཛོད།
ཚང་མ།1ཡོད།
ཀློག་འགོ་བཙུགས།
དཔེ་ཆའི་མཛོད་དུ་སྣོན།