བུ་སྟོན་ཆོས་འབྱུང་།

༢.སྒྲུབ་པའི་ཆོས།

上一章
下一章
9a

(༢.སྒྲུབ་པའི་ཆོས།)

སྒྲུབ་པའི་ཆོས་ནི༏ ལམ་སྟེ༏ འབྲས་བུའི་ཆོས་དེ་ཐོབ་པར་བྱེད་པའི་ཡོན་ཏན་ཕུན་སུམ་ཚོགས་པའོ། །དེའང་ཕུན་སུམ་ཚོགས་པ་བཞི་ལྡན་ཏེ། འདིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པ་ཡིན་གྱི། འཁོར་བའི་གྲོང་ཁྱེར་དུ་ཕྱིན་པར་བྱེད་པ་མ་ཡིན་པས་ཡོད་པ་མ་ཡིན་པ་དང་། མྱང་འདས་དང་འབྲེལ་བས་བར་མ་ཆད་ཅིང་མི་འགྱུར་བས་རྒྱུན་མི་འཆད་པ་དང་། འདོད་ཆགས་ལ་སོགས་པའི་ཆོམ་པོས་མི་འཕྲོག་པས་གནོད་པ་མེད་པ་དང་། ཆོས་ལ་དགའ་བའི་ཟས་དང་ལྡན་པས་ཉེ་བར་སྟོན་པ་ཕུན་སུམ་ཚོགས་པ་དང་བཞིའོ། །