བུ་སྟོན་ཆོས་འབྱུང་།

༡. ལྟ་བའི་ཆ་གསལ་བར་བྱེད་པ།

上一章
下一章
19a

(༡. ལྟ་བའི་ཆ་གསལ་བར་བྱེད་པ།)

དང་པོ་ནི། མངོན་པ་སྡེ་བདུན་ཏེ། ཇི་སྐད་དུ། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོ་གལ་བུས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཡེ་ཤེས་ལ་འཇུག་ཀ་ཏྱའི་བུས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །ཡང་དག་འགྲོ་བའི་རྣམ་གྲངས་ནི། །གསུས་པོ་ཆེ་ཡིས་བྱས་ཞེས་གྲག །ཅེས་པ་ལྟར་རོ༏ ༏ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་ན་རེ། བདུན་པོ་འདི་བཀའ་ཡིན་ཏེ། སྟོན་པས་ཡུལ་དུས་གང་ཟག་ཐ་དད་ལ་ཐོར་བུར་གསུངས་པ་རྣམས་ཉན་ཐོས་དགྲ་བཅོམ་པས་བསྡུས་པ་ཡིན་ཏེ། དཔེར་ན་ཆེད་དུ་བརྗོད་པའི་ཚོམས་བཞིན་ནོ། །དེ་ལྟ་མིན་ན་བཀའ་ལ་སྡེ་སྣོད་གསུམ་དུ་མ་ཚང་བར་འགྱུར་རོ་ཟེར་རོ། །མདོ་སྡེ་པ་ལ་སོགས་པ་ན་རེ། མ་མོ་ནི། མདོ་སྡེ་འདུལ་བ་གཉིས་ཀའི་སྤྱི་ཁྱབ་བམ་གསེབ་ཚང་ནས་བསྟན་པས་སྐྱོན་མེད་ལ་བདུན་པོ་བསྟན་བཅོས་སུ་འདོད་དོ། །བདུན་པོ་དེའི་དོན་བསྡུས་པ་བྱེ་བྲག་ཏུ་བཤད་པ་ཆེན་པོ། དེའི་དོན་བསྡུས་

19b

པ་མངོན་པ་མཛོད་ལ་སོགས་པའོ། །