བུ་སྟོན་ཆོས་འབྱུང་།
དང་པོ། སྤྱིར་འཇིག་རྟེན་དུ་ཆོས་ཇི་ལྟར་བྱུང་ཚུལ།
上一章
34b
(ལེའུ་གཉིས་པ། བསྒྲུབ་བྱའི་ཆོས་ཇི་ལྟར་བྱུང་ཚུལ།)
སྤྱི་དོན་བཞི་པ་ཆོས་ཇི་ལྟར་བྱུང་ཚུལ་ལ་གཉིས་ཏེ། སྤྱིར་འཇིག་རྟེན་དུ་ཆོས་ཇི་ལྟར་བྱུང་ཚུལ། ཁྱད་པར་བོད་ཡུལ་དུ་ཇི་ལྟར་བྱུང་ཚུལ་ལོ། །
34b
(དང་པོ། སྤྱིར་འཇིག་རྟེན་དུ་ཆོས་ཇི་ལྟར་བྱུང་ཚུལ།)
དང་པོ་ལ། སྤྱིར་བྱང་སེམས་ཚོགས་སམ་སྨོན་ལམ་རྫོགས་པ་དང་། སངས་རྒྱས་ཀྱི་ཞིང་དག་པ་དང་། གདུལ་བྱ་དགེ་བའི་རྩ་བ་སྨིན་པ་ན་སངས་རྒྱས་
35a
༄༅། །འབྱུང་བ་ཡིན་ཞིང་དེས་དམ་པའི་ཆོས་སྟོན་པ་ཡིན་པ་ལ་འདི་ལ་གསུམ་སྟེ། སྤྱིར་བསྐལ་པ་གང་ལ་སངས་རྒྱས་བྱོན་ཚུལ། ཁྱད་པར་དུ་བསྐལ་པ་བཟང་པོའི་སངས་རྒྱས་བྱོན་ཚུལ། ཁྱད་པར་དུ་མི་མཇེད་འཇིག་རྟེན་དུ་ཐུབ་པའི་དབང་པོ་བྱོན་ཚུལ་ལོ། །
