བུ་སྟོན་ཆོས་འབྱུང་།
༡༽. བྱ་རྒྱུད།
(༡༽. བྱ་རྒྱུད།)
འཇམ་དཔལ་གྱི་རྒྱུད་ནི། འཇམ་དཔལ་རྩ་བའི་རྒྱུད་ཤཱཀྱ་བློ་གྲོས་ཀྱི་འགྱུར། དཔའ་བོ་གཅིག་གྲུབ་དག་བློ་དང་ཚུལ་ཁྲིམས་རྒྱལ་བའི་འགྱུར། འཇམ་དཔལ་གྱི་ཞལ་ནས་གསུངས་པ་ཤུ་ལོག་ཉི་ཤུ་ཀླུའི་དབང་པོའི་འགྱུར། འཇམ་དཔལ་གྱིས་དམོད་བཙུགས་པ་འཇམ་དཔལ་ཤེས་རབ་བློ་འཕེལ་ཤུ་ལོག་ལྔ། འཇམ་དཔལ་ཡི་གེ་འབྲུ་གཅིག་པ། འཇམ་དཔལ་གྱིས་དམ་བཅས་པ། འཇམ་དཔལ་རྣོན་པོ་ལ་སངས་རྒྱས་ཀྱིས་བསྟོད་པ་སྟེ། བརྒྱད་དོ། །འདིར་འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ་ཤུ་ལོག་བཞི་བཅུ། འཇམ་དཔལ་གྱིས་ཤེས་རབ་བསྐྱེད་པ། མཉྫུ་གྷོ་ཥ། ཝཱ་གཱི་ཤྭ་ར། འཇམ་དཔལ་གྱིས་སྡུག་བསྔལ་ཞི་བྱེད། འཇམ་དཔལ་ལ་ལྷ་མོ་བརྒྱད་ཀྱིས་བསྟོད་པ་འདི་བུ་མོ་བརྒྱད་ཀྱིས་བསྟོད་པ་དང་གཅིག་མི་གཅིག་བརྟག་སྟེ། དེ་དག་མ་རྙེད་དོ། །སྤྱན་རས་གཟིགས་ཀྱི་རྒྱུད་ལ། རྩ་བའི་རྒྱུད་པད་མའི་དྲ་བ་སྐྱུ་ར་ཚུལ་ཁྲིམས་འོད་ཟེར་གྱི་འགྱུར། བཤད་པའི་རྒྱུད་དོན་ཡོད་ཞགས་པའི་རྟོག་པ་ཆེན་པོ་བསྒྱུར་འཕྲོ་བམ་པོ་ཉི་ཤུ་རྩ་དྲུག །དོན་ཡོད་ཞགས་པའི་སྙིང་པོ་ཤུ་ལོག་བརྒྱ་སུམ་ཅུ་པ་བ་རི་རིན་ཆེན་གྲགས་ཀྱི་འགྱུར། དོན་ཡོད་ཞགས་པའི་སྙིང་པོའི་གཟུངས། དོན་ཡོད་ཞགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པའི་གཟུངས་བློ་ལྡན་ཤེས་རབ་ཀྱི་འགྱུར། དོན་ཡོད་ཞགས་པའི་ས་བཅུ་པའི་གཟུངས། སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཐོགས་པ་མི་མངའ་བའི་གཟུངས་དང་། སྤྱན་རས་གཟིགས་ཡིད་བཞིན་འཁོར་ལོའི་སྙིང་པོ་ཤུ་ལོག་ཉིས་བརྒྱ་བཞི་བཅུ་པ་སྟེ་ཆོས་གྲུབ་ཀྱིས་རྒྱ་ལས་བསྒྱུར་བ། སྤྱན་
རས་གཟིགས་ཞལ་བཅུ་གཅིག་པའི་གཟུངས་ཤུ་ལོག་ལྔ་བཅུ་རྩ་བཞི། ཞལ་བཅུ་གཅིག་པའི་རིག་སྔགས་ཀྱི་སྙིང་པོ་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་བ། པད་མོ་ཅོད་པན་གྱི་རྒྱུད་འགར་ཆོས་བཟང་གི་འགྱུར། འཇིག་རྟེན་དབང་ཕྱུག་གི་རྟོག་པ་བ་རིའི་འགྱུར། ཡི་གེ་དྲུག་པའི་རིག་སྔགས་ཤུ་ལོག་བཅུ་དགུ། སྤྱན་རས་གཟིགས་ཀུན་ཏུ་བཟང་པོའི་གཟུངས་ཤུ་ལོག་ལྔ་བཅུ་རྩ་ཕྱེད་དང་གསུམ་ཡེ་ཤེས་སྡེའི་འགྱུར། ནཱི་ལ་ཀཎྛའི་གཟུངས་ཤུ་ལོག་བཞི་བཅུ། ཧ་ཡ་གྲྀ་བའི་གཟུངས་ཤུ་ལོག་སུམ་ཅུ། མེ་ཁ་ལའི་གཟུངས་ཤུ་ལོག་ཉིས་བརྒྱ་ཉི་ཤུ་རྩ་ལྔ། སྤྱན་རས་གཟིགས་ཀྱི་ཡུམ་ཤུ་ལོག་སུམ་ཅུ་རྩ་དྲུག་པ་ཡེ་ཤེས་སྡེའི་འགྱུར། སྙིང་རྗེ་མི་བཤོལ་བའི་གཟུངས། སྤྱན་རས་གཟིགས་ཀྱི་གཟུངས། སྤྱན་རས་གཟིགས་ཀྱི་སྙིང་པོ། སེང་གེ་སྒྲའི་རྒྱུད་འགོས་ཀྱི་འགྱུར། སེང་གེ་སྒྲའི་གཟུངས་འགར་ཤེས་རབ་འབྱུང་གནས་ཀྱི་འགྱུར། སེང་གེ་སྒྲས་དམ་བཅས་པའི་གཟུངས་ཤེས་རབ་བརྩེགས་ཀྱི་འགྱུར་ཏེ་ཉེར་བཞིའོ། །འདིར་སྤྱན་རས་གཟིགས་ཡིད་བཞིན་ནོར་བུ་འཁོར་ལོས་བསྒྱུར་བའི་གཟུངས་ཤུ་ལོག་བརྒྱ་རྩ་ལྔ། ཧ་ལ་ཧ་ལའི་རྟོག་པ། སྤྱན་རས་གཟིགས་ཀྱི་ཕན་ཡོན་བསམ་གྱིས་མི་ཁྱབ་པ། སྤྱན་རས་གཟིགས་འཁོར་དང་བཅས་པའི་གཟུངས་རྣམས་བཙལ་ལོ། །ཕྱག་ན་རྡོ་རྗེའི་རྒྱུད་ལ། རྡོ་རྗེ་ས་འོག་གི་རྒྱུད་ལེའུ་ཉི་ཤུ་རྩ་ལྔ་པ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་འགྱུར། རྡོ་རྗེ་ས་འོག་གི་ལེའུ་བཅུ་གསུམ་པ་འཕགས་པ་ཤེས་རབ་ཀྱི་འགྱུར། རྡོ་རྗེ་ས་འོག་ལེའུ་བདུན་པ་དགེ་སློང་བྱའི་གདོང་ཅན་གྱི་འགྱུར། རྡོ་རྗེ་ས་གསུམ་དུ་རྒྱུ་བའི་རྟོག་པ་ར་བྱིད་ལོ་ཙཱ་བའི་འགྱུར། ལག་ན་རྡོ་རྗེའི་གཟུངས་ཆོ་ག་དང་བཅས་པ་རྒྱ་བརྩོན་སེང་གི་འགྱུར། འབྱུང་པོ་འདུལ་བའི་རྒྱུད་ཆོས་ཀྱི་ཤེས་རབ་འགྱུར། འཇིག་རྟེན་གསུམ་འདུལ་རིན་ཆེན་བཟང་པོའི་འགྱུར། རྡོ་རྗེ་གདེངས་པའི་རྒྱུད་ཆོས་ཀྱི་དབང་ཕྱུག་གི་འགྱུར། རྡོ་རྗེ་བདེ་ཁྲོས་ཀྱི་རྒྱུད་ཤེས་རབ་

༄༅། །འབྱུང་གནས་ཀྱི་འགྱུར། རྡོ་རྗེ་སྙིང་པོ་མེ་ལྕེ་དབབ་པ་དྷརྨ་གྲགས་ཀྱི་འགྱུར། རྡོ་རྗེ་གཏུམ་པོ་རྩ་བའི་རྒྱུད། རྒྱུད་ཕྱི་མ། ཕྱི་མའི་ཕྱི་མ་རྣམས་ཆོས་ཀྱི་བརྩོན་འགྲུས་ཀྱི་འགྱུར། ལག་ན་རྡོ་རྗེ་རྨི་ལམ་མཐོང་བའི་གཟུངས། ལག་ན་རྡོ་རྗེའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། རྡོ་རྗེ་རྣམ་འཇོམས་རྩ་བའི་རྒྱུད་ཤུ་ལོག་སུམ་ཅུ་རྩ་ལྔ། བཤད་པའི་རྒྱུད་རྡོ་རྗེ་རི་རབ་ཆེན་པོའི་ཁང་བུ་བརྩེགས་པ་ཤུ་ལོག་བདུན་བརྒྱ། རྡོ་རྗེ་མི་ཕམ་པ་མེ་ལྟར་རབ་ཏུ་རྨོངས་བྱེད་ཤུ་ལོག་བདུན་ཅུ། ལག་ན་རྡོ་རྗེ་བཅུའི་སྙིང་པོ་ཤུ་ལོག་ཉི་ཤུ་རྩ་གསུམ་པ་རྣམས་ཡེ་ཤེས་སྡེའི་འགྱུར། རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པའི་གཟུངས། རྡོ་རྗེ་མཆུ་བམ་པོ་གཉིས། རྡོ་རྗེ་གནམ་ལྕགས་མཆུ། ལྕགས་མཆུ་གཉིས། ལྕགས་མཆུ་ནག་པོ། སོག་མ་མེད་ཀྱི་རྟོགས་པ་རྒྱས་པ་ཤཱཀྱ་བརྩོན་འགྲུས་ཀྱི་འགྱུར། ཕྱག་ན་རྡོ་རྗེའི་རྒྱུད་ཆེན་པོ་རིག་པ་མཆོག་བམ་པོ་བཅོ་ལྔ་དཔལ་བརྩེགས་ཀྱི་འགྱུར། ལེགས་པར་གྲུབ་པའི་རྒྱུད་བམ་པོ་བདུན་དཔུང་བཟང་གིས་ཞུས་པ་བམ་པོ་གཅིག་དང་ཤུ་ལོག་ལྔ་བཅུ་པ་སྟེ། ཉེར་དགུའོ། ། ། །
མི་གཡོ་བའི་རྒྱུད་ནི་མི་གཡོ་བའི་གསང་རྒྱུད་ཆེན་པོ། མི་གཡོ་བ་རྟུལ་ཕོད་པའི་རྟོག་པ་གླན་དར་མ་བློ་གྲོས་ཀྱི་འགྱུར། མི་གཡོ་བའི་རྟོག་པ་དངོས་གྲུབ་ཐམས་ཅད་འབྱུང་བ་ཆོས་ཀྱི་དབང་ཕྱུག་གི་འགྱུར། མི་གཡོ་བའི་གཟུངས་ཆོས་ཀྱི་བཟང་པོའི་འགྱུར། མི་གཡོ་བའི་གསང་བའི་རྟོག་པ་ལེའུ་ལྔ་པ་སྟེ། ལྔའོ། །སྟོབས་པོ་ཆེའི་གཟུངས་ཤུ་ལོག་ཉིས་བརྒྱ་ལྔ་བཅུ། རྡོ་རྗེ་འཇིགས་བྱེད་ཀྱི་གཟུངས་དོན་ཡོད་རྡོ་རྗེའི་འགྱུར། བདུད་རྩི་ཐབ་སྦྱོར་གྱི་སྙིང་པོ་ཤུ་ལོག་བཞི་བཅུ། ཁྲོ་བོ་རྨེ་བརྩེགས་ཀྱི་གཟུངས། བགེགས་སེལ་བའི་གཟུངས་ཤུ་ལོག་བཅུ། འདིར་དྲང་སྲོང་གིས་ཀླུ་ལ་དམོད་པ་བོར་བའི་གཟུངས། གཤིན་རྗེ་གཤེད་ཀྱི་རྟོག་པ་ལེའུ་བདུན་པ། ཞལ་དྲུག་པའི་རྟོག་པ་གཉིས་མ་རྙེད་ཟེར་རོ། །

འཇིགས་བྱེད་ཀྱི་རྟོག་པ་བདུན་པ་དང་གདོང་དྲུག་གི་རྒྱུད་ལ་ཟེར་རམ་ཡང་སྙམ་མོ། རྟ་མགྲིན་གྱི་གཟུངས་ནི་ཧ་ཡ་གྲྀ་བའི་གཟུངས་ཡིན་པས་ཐ་དད་དུ་མི་བསམ་མོ། །རིག་པའི་ལྷ་མོའི་རྒྱུད་སྒྲོལ་མའི་རྒྱུད་ནི་ལས་སྣ་ཚོགས་འབྱུང་བ་ཆོས་ཀྱི་བཟང་པོའི་འགྱུར། སྒྲོལ་མའི་མཚན་བརྒྱ་རྩ་བརྒྱད་པ་ཤུ་ལོག་ཉིས་བརྒྱ་ཉི་མ་རྒྱལ་མཚན་གྱི་འགྱུར། སྒྲོལ་མས་དམ་བཅས་པའི་གཟུངས། སྒྲོལ་མ་འཇིགས་པ་བརྒྱད་ལས་སྐྱོབ་པ། སྒྲོལ་མ་འཇིགས་པ་བརྒྱད་ལས་སྒྲོལ་བའི་གཟུངས་ཤུ་ལོག་བཅུ། སྒྲོལ་མ་ཀུ་རུ་ཀུལླེའི་རྟོག་པ་ནག་ཚོའི་འགྱུར། འདི་རྣལ་འབྱོར་ཆེན་པོར་སེམས་སོ། །གཟུངས་གྲ་ལྔའི་སྟོང་ཆེན་རབ་འཇོམས་བམ་པོ་གཉིས། རྨ་བྱ་ཆེན་མོ་ཤུ་ལོག་བདུན་བརྒྱ། སོ་སོར་འབྲང་མ་ཤུ་ལོག་བཞི་བརྒྱ་བཞི་བཅུ། བསིལ་བའི་ཚལ་ཤུ་ལོག་ཉིས་བརྒྱ་བརྒྱད་ཅུ། གསང་སྔགས་རྗེས་སུ་འཛིན་མ་ཤུ་ལོག་བརྒྱ་རྩ་བཞི་བཅུ་པ་རྣམས་ཡེ་ཤེས་སྡེའི་འགྱུར། །
གཙུག་ཏོར་གྱི་སྐོར་ལ། འོད་དཔག་མེད་ཀྱིས་གསུངས་པའི་འཆི་བདག་གི་དབྱུག་པ་འཛིན་པའི་གཙུག་ཏོར་རྣམ་རྒྱལ། དཔལ་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་གཙུག་ཏོར་རྣམ་རྒྱལ་ཤུ་ལོག་བརྒྱ་ཉི་ཤུ་ཡེ་ཤེས་སྡེའི་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་རྒྱལ། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་རྟོག་པ་དང་བཅས་པ་ཤུ་ལོག་ཉིས་བརྒྱ་ཉི་ཤུ་བ་རིའི་འགྱུར། གཙུག་ཏོར་རྣམ་རྒྱལ་གྱི་གཟུངས་རྟོག་པ་དང་བཅས་པའི་རབ་བྱེད་དང་པོ་ཉི་མ་རྒྱལ་མཚན་གྱི་འགྱུར། གཙུག་ཏོར་གདུགས་དཀར་ཤུ་ལོག་བརྒྱ་ཉི་ཤུ། གཙུག་ཏོར་གདུགས་དཀར་མཆོག་ཏུ་གྲུབ་པ་གཟུ་དགའ་རྡོར་གྱི་འགྱུར། ཡང་གཙུག་ཏོར་གདུགས་དཀར་གཉིས་ཀྱི་ལྷ་ཡུལ་མ་ཆུང་བ་ལ་མཧཱ་ཛ་ནའི་རང་འགྱུར། གཙུག་ཏོར་དྲི་མེད་ཤུ་ལོག་ཉིས་བརྒྱ་ལྔ་བཅུ་རྩ་ལྔ་ཡེ་ཤེས་སྡེའི་འགྱུར། འོད་ཟེར་ཅན་གྱི་གཟུངས་ཤུ་ལོག་ཉི་ཤུ་རྩ་

༄༅། །གཉིས་བ་རིའི་འགྱུར། འོད་ཟེར་ཅན་གྱི་རྟོག་པ། འོད་ཟེར་ཅན་འབྱུང་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས་འོད་ཟེར་ཅན་གྱི་རྟོག་པ་བརྒྱ་ཕྲག་བདུན་པ་ཕྱུང་བ། རི་ཁྲོད་ལོ་མ་ཅན་ཤུ་ལོག་ཉི་ཤུ། རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྟོག་པ་ཆོས་ཀྱི་དབང་ཕྱུག་གི་འགྱུར། སྐུལ་བྱེད་མའི་གཟུངས། དུག་སེལ་མའི་རིག་སྔགས་ཤུ་ལོག་ཉི་ཤུ་རྩ་ཕྱེད་དང་གསུམ། དབྱིག་དང་ལྡན་པའི་གཟུངས་ཤུ་ལོག་སུམ་ཅུ་རྩ་བདུན་ཡེ་ཤེས་སྡེའི་འགྱུར། གྲགས་ལྡན་མའི་གཟུངས། རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་ཤུ་ལོག་བརྒྱ་བཞི་བཅུ་རྩ་ལྔ་ཡེ་ཤེས་སྡེའི་འགྱུར། རིག་སྔགས་ཀྱི་རྒྱལ་མོ་སྒྲོལ་མ་མཆོག་ཤུ་ལོག་བརྒྱ་བཞི་བཅུ། ལྷ་མོ་བརྒྱད་ཀྱི་གཟུངས་ཤུ་ལོག་སུམ་ཅུ་རྩ་གསུམ་པ་ཡེ་ཤེས་སྡེའི་འགྱུར། རྒྱལ་བ་ཅན་གྱི་གཟུངས་ཤུ་ལོག་བརྒྱད་ཅུ་རྩ་གཅིག །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱའི་ཡང་སྙིང་། ལྷ་མོ་སྒྲ་ལྡན་མ་ལ་བསྟོད་པ། ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པ། དཔལ་ཆེན་མོའི་མདོ་ཤུ་ལོག་བཅུ་གཅིག་པ་དང་། དཔལ་ལྷ་མོའི་མིང་བཅུ་གཉིས་པ་ཤུ་ལོག་བརྒྱད་པ་གཉིས་ཡེ་ཤེས་སྡེའི་འགྱུར། འདིར་གཙུག་ཏོར་ནས་བྱུང་བ་ཐུགས་རྗེ་མཆོག །སངས་རྒྱས་ཐམས་ཅད་ཀྱི་ཡུམ་རི་ཁྲོད་ལོ་མ་ཅན་ཉི་ཤུ་རྩ་བཞི་སྤྱིའི་གཟུངས་རྣམས་བཙལ་ལོ། །རྒྱུད་སྡེ་ཐམས་ཅད་ལ་དགོས་པ་དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་ག་གསང་བ་སྤྱི་རྒྱུད། བསམ་གཏན་ཕྱི་མའི་རིམ་པར་ཕྱེ་བ་ཤུ་ལོག་བརྒྱ་རྩ་བཅུ། རབ་གནས་མདོར་བསྡུས་པའི་རྒྱུད་འབྲོ་ཤེས་རབ་གྲགས་ཀྱི་འགྱུར། འདི་རྣལ་འབྱོར་རྒྱུད་དུ་གཏོགས། ནོར་བུ་རྒྱས་པའི་གཞལ་མེད་ཁང་བམ་པོ་གཉིས་དཔལ་གྱི་ལྷུན་པོ་དང་དཔལ་བརྩེགས་ཀྱི་འགྱུར། འཆི་མེད་རྔ་སྒྲའི་གཟུངས། ཚེ་དཔག་མེད་ཀྱི་ཡང་སྙིང་། འོག་མིན་གྱི་ཚེ་དཔག་མེད། བདེ་བ་ཅན་གྱི་ཚེ་དཔག་མེད། ཚེ་དཔག་མེད་ཀྱི་སྙིང་པོ་ཉི་མ་གྲགས་ཀྱི་འགྱུར། ཤཱཀྱ་ཐུབ་པའི་སྙིང་པོ། རྣམ་པར་སྣང་མཛད་ཀྱི་སྙིང་པོ། རྒྱལ་བ་བླ་མའི་གཟུངས། མི་འཁྲུགས་པའི་གཟུངས། བདེ་

ལྡན་གྱི་སྙིང་པོ། སངས་རྒྱས་ཀྱི་སྙིང་པོ་ཤུ་ལོག་སུམ་ཅུ་རྩ་བརྒྱད། སངས་རྒྱས་ཀྱི་སྙིང་པོའི་ཆོས་ཀྱི་རྣམ་གྲངས་ཤུ་ལོག་ལྔ་བཅུ་རྩ་ལྔ། སངས་རྒྱས་ཐམས་ཅད་ཀྱི་ཡན་ལག་དང་ལྡན་པ་ཤུ་ལོག་སུམ་ཅུ་རྩ་ལྔ། ཁ་ཅིག་གིས་འདིར་སངས་རྒྱས་བཅུ་གཉིས་པ། སངས་རྒྱས་བདུན་པ་གཉིས་བྲིས་སོ། །འོན་ཀྱང་མདོའི་ནང་དུ་བཤད་ཟིན་ཏོ། །སྣང་བ་མཐའ་ཡས་ཀྱི་གཟུངས། སྣང་བ་མཐའ་ཡས་རྗེས་སུ་དྲན་པའི་གཟུངས། ཟླ་འོད་ཀྱི་མཚན་རྗེས་སུ་དྲན་པ། དེ་བཞིན་གཤེགས་པ་སྤྱིའི་སྙིང་པོ་རྗེས་སུ་དྲན་པ། རིན་ཆེན་གཙུག་ཏོར་ཅན་གྱི་མཚན་རྗེས་སུ་དྲན་པ། དྲི་མ་མེད་པའི་གཟུངས་ཤུ་ལོག་བརྒྱད་ཅུ་རྩ་བདུན་ཡེ་ཤེས་སྡེའི་འགྱུར། འཕགས་པ་ཁྱད་པར་ཅན་ཤུ་ལོག་བདུན་ཅུ་རྩ་ལྔ་པ་དང་། དཀྱིལ་འཁོར་བརྒྱད་པ་ཤུ་ལོག་བདུན་ཅུ་པ་གཉིས་ཡེ་ཤེས་སྡེའི་འགྱུར། སངས་རྒྱས་བཅོམ་ལྡན་འདས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་དང་དེ་བཞིན་དུ་འཁོར་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་བྱམས་པ་ནམ་མཁའི་སྙིང་པོ་ཀུན་ཏུ་བཟང་པོ་ལག་ན་རྡོ་རྗེ་འཇམ་དཔལ་སྒྲིབ་པ་རྣམ་སེལ་སའི་སྙིང་པོ་རྣམས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་བམ་པོ་གཉིས། རྒྱལ་བ་ཐམས་ཅད་ཀྱི་རིང་བསྲེལ་རིན་པོ་ཆེ་ཟ་མ་ཏོག །སྤྱན་རས་གཟིགས་ཀྱི་མཚན་བརྒྱ་རྩ་བརྒྱད་པ་ཤུ་ལོག་བཞི་བཅུ། བྱམས་པས་དམ་བཅས་པའི་གཟུངས་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ཆུའི་དབང་པོའི་མཚན་བརྒྱ་རྩ་བརྒྱད་པ་ཤུ་ལོག་བཞི་བཅུ། གནོད་གནས་ཀྱི་དབང་པོ་ཇི་ལྟར་འབྱུང་བའི་རྟོག་པ་རྭ་རྡོ་རྗེ་གྲགས་ཀྱི་འགྱུར། གནོད་འཛིན་དཔལ་གྱི་གཟུངས། ཆུ་དབང་སྙིང་རྗེ་ཅན་བདེ་བྱེད་ཀྱི་གཟུངས་ཤུ་ལོག་བཅུ། གཟུངས་ཕྲ་མོ་སྣ་ཚོགས་ལ། བཀླག་པས་འགྲུབ་པ་སོར་མོ་ཅན། ལུས་ཀྱི་དབྱིབས་མཛེས་པ་ཤུ་ལོག་བཞི་བཅུ་རྩ་གསུམ་ཡེ་ཤེས་སྡེའི་འགྱུར། བྱང་ཆུབ་སྙིང་པོའི་རྒྱན་འབུམ་ཤུ་ལོག་ཉིས་བརྒྱ་ལྔ་བཅུ། མཆོད་རྟེན་གཅིག་བཏབ་ན་བྱེ་བ་བཏབ་པར་འགྱུར་བ་ཤུ་ལོག་ཉིས་བརྒྱ་ལྔ་བཅུ། གསང་

༄༅། །བ་རིང་བསྲེལ་གྱི་ཟ་མ་ཏོག་ཤུ་ལོག་བཞི་བཅུ། ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་མདོ་ཤུ་ལོག་བརྒྱ། སྣང་བརྒྱད་ཅེས་བྱ་བའི་རིག་སྔགས་ལི་ལས་བསྒྱུར་བ་འདི་འཕང་ཐང་མར་བཀའ་ཡང་དག་ཏུ་མཛད་མོད་ཀྱི་བརྟག་པའི་གཞིའོ། །སྒོ་བཟང་པོ་ཤུ་ལོག་བརྒྱ་རྩ་བཅུ་པ་དང་། ཆོས་ཀྱི་རྒྱལ་མཚན་གཉིས་ཡེ་ཤེས་སྡེའི་འགྱུར། གསེར་ཅན་ཤུ་ལོག་ལྔ་བཅུ། སྙིང་རྗེ་མཆོག་ཤུ་ལོག་ལྔ་བཅུ། མེ་ཏོག་བརྩེགས་པ་ཤུ་ལོག་ལྔ་བཅུ་རྩ་ལྔ། གཟུངས་ཆེན་པོ་ཤུ་ལོག་ལྔ་བཅུ་རྩ་བདུན། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ཤུ་ལོག་བཞི་བཅུ། སའི་དབང་པོ་ཆེན་པོ་ཤུ་ལོག་སུམ་ཅུ་རྩ་ཕྱེད་དང་བརྒྱད། བེ་ཅོན་ཆེན་པོ་ཤུ་ལོག་བཞི་བཅུ། ཙན་དན་གྱི་ཡན་ལག་ཤུ་ལོག་སུམ་ཅུ་རྩ་དགུ། གཙུག་གི་ནོར་བུ་ཤུ་ལོག་བཞི་བཅུ་རྩ་བརྒྱད་དེ་རྣམས་ཡེ་ཤེས་སྡེའི་འགྱུར། ཕྱིར་ཟློག་པ་རྣམ་པར་རྒྱལ་བ་ཅན་ཤུ་ལོག་སུམ་ཅུ་རྩ་བདུན། མདངས་ཕྱིར་མི་འཕྲོག་པ་ཤུ་ལོག་བཅུ་བདུན། གཞན་གྱིས་མི་ཐུབ་པ་རིན་པོ་ཆེའི་ཕྲེང་བ་ཤུ་ལོག་སུམ་ཅུ་རྩ་དྲུག །གཞན་གྱིས་མི་ཐུབ་པ་མི་འཇིགས་པ་སྦྱིན་པ་ཤུ་ལོག་སུམ་ཅུ་རྩ་བཞི་པ་ཡེ་ཤེས་སྡེའི་འགྱུར། གདོན་མི་ཟ་བའི་གཟུངས། གཞན་གྱིས་མི་ཐུབ་པའི་རིག་པ་ཆེན་མོ་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་དང་། དབང་བསྐུར་བ་ཤུ་ལོག་སུམ་ཅུ་རྩ་གསུམ་པ་གཉིས་ཡེ་ཤེས་སྡེའི་འགྱུར། མིག་རྣམ་པར་སྦྱོང་བ་ཤུ་ལོག་སུམ་ཅུ་རྩ་གཉིས། བར་ཆད་རྣམ་པར་སྦྱོང་བ་ཤུ་ལོག་ཉི་ཤུ་རྩ་གཅིག་པ་ཡེ་ཤེས་སྡེའི་འགྱུར། འགྲོ་ལྡིང་བའི་རིག་སྔགས་ཤུ་ལོག་བཞི་བཅུ་རྩ་ལྔ་པ་ཡེ་ཤེས་སྡེའི་འགྱུར། འདི་ལ་གློག་བཟློག་ཀྱང་ཟེར། བར་ཆད་ཐམས་ཅད་སེལ་བ། མཆོད་པའི་སྤྲིན་ཤུ་ལོག་བཅུ་དྲུག །ཡོན་ཏན་བསྔགས་པ་དཔག་ཏུ་མེད་པ་ཤུ་ལོག་བཅོ་ལྔ། ཆོས་ཐམས་ཅད་ཀྱི་ཡུམ་ཤུ་ལོག་དགུ། ཕྱིར་བཟློག་པ་སྟོབས་ཅན་ཤུ་ལོག་བཅུ་གསུམ། མདངས་ཕྱིར་མི་འཕྲོག་པ་ཤུ་ལོག །རིག་སྔགས་ཀྱི་རྒྱལ་མོ་དབུགས་ཆེན་མོ་ཤུ་ལོག་བཅུ་བཞི་ཡེ་ཤེས་སྡེའི་

འགྱུར། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཤུ་ལོག་བཅུ་གསུམ། རིམས་ནད་རབ་ཏུ་ཞི་བར་བྱེད་པ་ཤུ་ལོག་བཅུ་གཉིས་ཡེ་ཤེས་སྡེའི་འགྱུར། རིམས་ནད་ཞི་བ་མིག་ནད་རབ་ཏུ་ཞི་བར་བྱེད་པ་ཤུ་ལོག་བརྒྱད། འབྲུམ་བུའི་ནད་རབ་ཏུ་ཞི་བར་བྱེད་པའི་གཟུངས་ཤུ་ལོག་བཅུ། གཞང་འབྲུམ་རབ་ཏུ་ཞི་བར་བྱེད་པ་ཤུ་ལོག་ཉི་ཤུ་རྩ་གཉིས་པ་ཡེ་ཤེས་སྡེའི་འགྱུར། མི་རྒོད་རྣམ་པར་འཇོམས་པ་ཤུ་ལོག་བཅོ་ལྔ། བུ་མང་པོ་སྟོན་པ་ཤུ་ལོག་བཅུ་གསུམ་ཡེ་ཤེས་སྡེའི་འགྱུར། སྟོང་འགྱུར་གྱི་གཟུངས་ཤུ་ལོག་བདུན། ཡེ་ཤེས་ཏ་ལ་ལ་ཤུ་ལོག་ཉི་ཤུ། འོད་ཟེར་དྲི་མེད་ཤུ་ལོག་བརྒྱད་ཅུ་རྩ་བདུན་པ་དཔལ་གྱི་ལྷུན་པོའི་འགྱུར། ཤེས་པ་ཐམས་ཅད་མཐར་ཕྱིན་པར་གྲུབ་པའི་མཆོད་རྟེན། རྟེན་འབྲེལ་གྱི་ཆོ་ག་ཞིབ་མོ་ཤུ་ལོག་བཞི་བཅུ། རྟེན་ཅིང་འབྲེལ་པར་འབྱུང་བ་རྟེན་འབྲེལ་སྙིང་པོ། རིན་པོ་ཆེ་བརྡར་བ། གཙུག་ཏོར་འབར་བ། སྨན་ལ་སྔགས་ཀྱིས་གདབ་པ། བསྐོར་བ་བྱ་བ་གཉིས། ཡོན་ཡོངས་སུ་སྦྱོང་བ་གཉིས། ཐོས་པ་འཛིན་པ། ཤེས་རབ་བསྐྱེད་པ་གསུམ་ཀླུའི་དབང་པོའི་འགྱུར། ཤུ་ལོག་བརྒྱ་ལོབ་པ་གཉིས། སྟོང་ལོབ་པ་གསུམ། མི་བརྗེད་པ། ཕྱག་བྱ་བ། གོས་བརྒྱ་ཐོབ་པ། པད་མའི་སྤྱན། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ། སྐྲན་ཞི་བ། མ་ཞུ་བའི་ནད་འབྱུང་བ། སྡང་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། སྡིག་པ་ཞི་བར་བྱེད་པ། ཁྲོ་བ་ཞི་བར་བྱེད་བ། ཁྲོ་བ་ཞི་བ། ཚིག་བཙན་པ། བདག་སྲུང་བ། ཡིད་དུ་འོང་བ། མགྲིན་པ་སྙན་པ། དོན་ཐམས་ཅད་གྲུབ་པ། ལས་གྲུབ་པ། དུག་ཐམས་ཅད་ཞི་བར་བྱེད་པ། བཅིངས་པ་ལས་གྲོལ་བ། བདུད་སྐྲག་པར་བྱེད་པ། རྨ་འབྱོར་བར་བྱེད་པ། མེའི་ཟུག་རྔུ་ཞི་བར་བྱེད་པ། མཁྲིས་པའི་ནད་སེལ་བ། བད་ཀན་གྱི་ནད་སེལ་བ། ཀྵ་ཡའི་ནད་སེལ་བ། རིམས་དང་སྲོག་ཆགས་ཀྱིས་མི་ཚུགས་པ། མཆོག་ཐོབ་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ། སྟོང་ཕྲག་ཉི་ཤུ་རྩ་ལྔ་པ། འཕགས་པ་བརྒྱད་སྟོང་པ་རྣམས་ཀྱི་

༄༅། །གཟུངས། ཕ་རོལ་ཏུ་ཕྱིན་པ་དྲུག་གི་སྙིང་པོ། ཕ་རོལ་ཏུ་ཕྱིན་པ་དྲུག་གཟུང་བར་འགྱུར་བ། ཕ་རོལ་ཏུ་ཕྱིན་པ་བཅུ་ཐོབ་པར་འགྱུར་བ། ཚད་མེད་པ་བཞི་ཐོབ་པར་འགྱུར་བ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་གཟུང་བར་འགྱུར་བ། ཕལ་པོ་ཆེ་གཟུང་བར་འགྱུར་བ་སྡོང་པོ་བཀོད་པའི་སྙིང་པོ། ཏིང་ངེ་འཛིན་རྒྱལ་པོ་གཟུང་བར་འགྱུར་བ། སོ་སོར་འབྲང་མ་ཆེན་མོ་གཟུང་བར་འགྱུར་བ། ལང་ཀར་གཤེགས་པའི་མདོ་ཐམས་ཅད་བཀླག་པར་འགྱུར་པའི་གཟུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པའི་གཟུངས་ལ་སོགས་པ་འདི་དག་མདོ་སྡེའི་ནང་ནས་ཕྱུང་བ་ཡིན་པས་རྒྱུད་དངོས་མ་ཡིན་པ་ཡང་གཟུངས་ཕྱོགས་གཅིག་ཏུ་བྱ་བའི་ཕྱིར་སྔར་གྱི་རྒྱུད་འབུམ་རྣམས་སུ་བྲིས། གཞན་ཡང་གཟུངས་ཕྲན་མང་པོ་དེ་དང་འདྲའོ། །སྤྲིན་ཆེན་པོ་དང་། སྤྲིན་ཆེན་པོ་ཀླུ་ཐམས་ཅད་ཀྱི་སྙིང་པོ་ཡེ་ཤེས་སྡེའི་འགྱུར། ཀླུའི་རྒྱལ་པོ་གཟི་ཅན་གྱིས་ཞུས་པ་ཤུ་ལོག་སུམ་ཅུ། ཇོ་བོ་རྗེས་སྤྱན་དྲངས་པའི་ཚོགས་ཀྱི་བདག་པོའི་རྒྱུད་དངོས་གྲུབ་འབྱུང་བ། ཚོགས་ཀྱི་བདག་པོའི་སྙིང་པོའི་ཤུ་ལོག་བཅུ་དྲུག །ནོར་བུ་བཟང་པོའི་གཟུངས་ཤུ་ལོག་བཅོ་ལྔ་ཀླུའི་དབང་པོའི་འགྱུར། ནོར་བུ་བཟང་པོའི་རྟོག་པ་བ་རིའི་འགྱུར། གཟའ་རྣམས་ཀྱི་ཡུམ་ཤུ་ལོག་དྲུག་ཅུ། དེའི་གཟུངས། ནོར་གྱི་རྒྱུན་གྱི་གཟུངས་ཤུ་ལོག་བརྒྱད་ཅུ་རྩ་དྲུག །ནོར་རྒྱུན་མའི་རྟོག་པ། གར་མཁན་མཆོག་གི་བརྟག་པ་སྔ་ཕྱི་གཉིས་རབ་ཞི་བཤེས་གཉེན་གྱི་འགྱུར། དཔལ་ནག་པོ་ཆེན་པོའི་རྒྱུད་ཕུར་བུ་འོད་ཀྱི་འགྱུར། ནག་པོ་ཆེན་པོའི་གཟུངས་ཤུ་ལོག་ཕྱེད་དང་བདུན། ལྷ་མོ་ནག་མོའི་གཟུངས་ཤུ་ལོག་བཅུ་གསུམ། ནག་པོ་ཆེན་པོའི་གཟུངས་ཤུ་ལོག་བཅུ་གསུམ། ནག་པོ་ཆེན་པོའི་གཟུངས་རིམས་ནད་ཐམས་ཅད་ལས་ཐར་བར་བྱེད་པ་ཡེ་ཤེས་སྡེའི་འགྱུར། ལྷ་མོ་ནག་མོའི་བསྟོད་པ། དེའི་མཚན་བརྒྱ་རྩ་བརྒྱད་པ། རོ་ལངས་བདུན་པའི་གཟུངས་ཤུ་ལོག་བརྒྱད་ཅུ་རྩ་དགུ་ཡེ་ཤེས་སྡེའི་འགྱུར། སུ་རཱུ་པའི་གཟུངས་

ཤུ་ལོག །ཡེ་ཤེས་སྐར་མདའི་སྙིང་པོ། བདུད་རྩི་འབྱུང་བའི་གཟུངས། ཁ་འབར་མ་དབུགས་དབྱུང་བའི་གཏོར་ཆོག་ཤུ་ལོག་ཉི་ཤུ། ཡི་དྭགས་ཁ་ནས་མེ་འབར་མ་ལ་སྐྱབས་མཛད་པའི་གཟུངས་ཤུ་ལོག །འཇུར་འགེགས་ལ་ཆུ་སྦྱིན་པའི་གཟུངས་ཤུ་ལོག་ཡེ་ཤེས་སྡེའི་འགྱུར། མཆིལ་མ་དང་སྣབས་དང་ལུས་ཀྱི་དྲི་མ་དང་དྲི་ཆེན་དང་དྲི་ཆུ་རྣམས་ཡི་དྭགས་ལ་སྦྱིན་པའི་གཟུངས་བ་རིའི་འགྱུར། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་དགེ་ཚུལ་ཁྱུང་གྲགས་ཀྱི་འགྱུར། འདི་རྩོད་པ་ཅན་དུ་གྲགས་ཀྱང་ནག་ཚོ་ལོ་ཙཱ་བས་རྒྱུད་ཡང་དག་ཏུ་མཛད་པས་ཡང་དག་གོ་ཞེས་ཁ་ཅིག་གོ །འདིར་ཕྱོགས་བཅུའི་སངས་རྒྱས་རྗེས་སུ་དྲན་པའི་གཟུངས་རྡོ་རྗེ་མཆོག་བདེ་བར་བསྒྲགས་པ། བུ་མོ་ཨུ་མ་དེ་བ། འོད་ཟེར་སྒྲུབ་པ། སྙིང་རྗེ་ཆེན་པོའི་རང་བཞིན་གྱི་གཟུངས་བམ་པོ་གཅིག །རིག་སྔགས་ཀྱི་རྒྱལ་མོ་ཀུན་ནས་འོད་ཤུ་ལོག་བཞི་བཅུ། ལག་ན་རྡོ་རྗེའི་གསང་བའི་མིང་བརྒྱད་པོ་གསང་སྔགས་ཀྱིས་ཡོངས་སུ་བསྐོར་བ་དང་བཅས་པ་ཤུ་ལོག་ཉེར་གཅིག །ནོར་བུ་བཟང་པོའི་སྙིང་པོ་ཤུ་ལོག་བཅུ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མའི་མཚན་བརྒྱ་རྩ་བརྒྱད་པ་ཤུ་ལོག་སུམ་ཅུ། དེ་བཞིན་གཤེགས་པའི་མཚན་བརྒྱ་རྩ་བརྒྱད་པ་ཤུ་ལོག་སུམ་ཅུ། ལྷ་མོ་ནོར་རྒྱུན་མའི་མཚན་བརྒྱ་རྩ་བརྒྱད་པ་ཤུ་ལོག་ཉི་ཤུ། འདི་རྣམས་བཙལ་ལོ། །འདིར་ཁ་ཅིག་གིས་གསེར་འོད་དམ་པ་རིན་པོ་ཆེའི་ཏོག །དཀོན་མཆོག་ཏ་ལ་ལ། མཚན་མོ་བཟང་པོ། འདུས་པ་ཆེན་པོ། རྡོ་རྗེ་སྙིང་པོ། ཉི་མའི་སྙིང་པོ། ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ཡིན་པ་དང་མཐུན་པ་ལ་སོགས་པ་བྲིས་པ་ནི་ནོར་བ་ཡིན་ཏེ་མདོ་དང་རྒྱུད་མ་འདྲེས་པར་ཕྱེ་བའི་དཀར་ཆག་དག་ཏུ་མདོར་བཤད་པའི་ཕྱིར་རོ། །ཤེར་སྙིང་དང་ཚུལ་བརྒྱ་ལྔ་བཅུ་པའང་ཡིན་མོད་ཀྱི་ཤེར་སྙིང་ལ་སྒྲུབ་ཐབས་ཀླུ་སྒྲུབ་ཀྱིས་མཛད་པ་སྣང་བའི་ཕྱིར་དང་། ཚུལ་བརྒྱ་ལྔ་བཅུ་པ་སྔགས་སུ་འཆད་པའི་འགྲེལ་པ་ཡོད་པས་སྔགས་སུའང་མི་འགལ་ལོ། །
