རྟ་ནག་ཆོས་འབྱུང་།

༣. རྡོ་རྗེ་ཐེག་པའི་ལུགས།

上一章
下一章

(༣. རྡོ་རྗེ་ཐེག་པའི་ལུགས།)

གསུམ་པ་རྡོ་རྗེ་ཐེག་པའི་ལུགས་ནི། དེ་བཞིན་གཤེགས་པ་བཞུགས་པའི་དུས་སུ་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་དུ་ཕྱག་ན་རྡོ་རྗེས་རྒྱུད་སྡེ་མཐའ་དག་བསྡུས་ནས་རྒྱལ་པོ་ཆེན་པོ་ཨིནྡྲ་བྷཱུ་ཏི་འཁོར་དང་བཅས་པ་ལ་བྱིན་པར་བཤད་ཅིང་། དེ་དུས་ཀྱི་ཨིནྡྲ་བྷཱུ་ཏི་ནི་ཨིནྡྲ་བྷཱུ་ཏི་ཆེན་པོ་ཡིན་ལ། དེས་དངོས་གྲུབ་ཐོབ་སྟེ་རེ་ཞིག་ཨུ་རྒྱན་གྱི་ཡུལ་སྟོངས་ནས་མཚོས་གང་བ་ཞིག་ཏུ་གྱུར། ཡང་ཕྱག་ན་རྡོ་རྗེས་རྒྱུད་མཐའ་དག་གསེར་གྱི་གླེགས་བམ་ལ་བཻཌཱུཪྱ་ཞུན་མས་ཡི་གེར་བྲིས་ཏེ་མཚོ་དེ་ན་གནས་པའི་ཀླུ་རྣམས་སྨིན་པར་བྱས་ནས་རྒྱུད་ཀྱི་གླེགས་བམ་རྣམས་གཏད་པས་ཀླུ་དེ་རྣམས་མིའི་གཟུགས་སུ་གྱུར་ནས་མཚོ་འགྲམ་དུ་གྲོང་ཁྱེར་བྱས་ཏེ་རྡོ་རྗེ་ཐེག་པ་ཉམས་སུ་བླངས་པས་ཕལ་ཆེར་གྱི་གྲུབ་པ་ཐོབ། མ་གྲུབ་པ་རྣམས་ཀྱང་མིར་གྱུར། བུད་མེད་ཕལ་ཆེར་མཁའ་འགྲོ་མར་གྱུར་ནས་ཨུ་རྒྱན་མཁའ་འགྲོའི་གླིང་ཞེས་དུས་དེང་སང་གི་བར་དུ་གྲགས། དེ་དུས་ཡེ་ཤེས་གྲུབ་པ་མཛད་པ་པོའི་ཨིནྡྲ་བྷཱུ་ཏི་འབྲིང་པོ་བྱོན། དེའི་རྗེས་སུ་དེ་ཁོ་ན་ཉིད་གྲུབ་པ་མཛད་པ་པོའི་ཨིནྡྲ་བྷཱུ་ཏི་ཆུང་ངུ་ཞེས་པ་དེ་བྱོན་པ་ཡིན་ཏེ། ཡེ་ཤེས་ཐིག་ལེའི་རྒྱུད་ལས། མ་འོངས་པའི་དུས་སུ་གསང་བའི་རྒྱུད་སྐལ་པ་དང་ལྡན་པའི་སེམས་ཅན་ལ་སུས་བཤད་པར་བྱེད། བཀའ་སྩལ་པ། ཕྱག་ན་རྡོ་རྗེ་མགོན་པོས་བཤད་པར་བྱེད་དོ། །ཅེས་པ་དང་། གསང་བའི་སྒྲོན་མེ་ལས། གསང་བ་ཆེན་པོའི་རྒྱུད་ཤེས་པ་དང་བཤད་པ་མ་འོངས་པ་ན་སུས་བྱེད། བཀའ་སྩལ་པ། བྱང་ཕྱོགས་

15a

༄༅།       །ཨུ་རྒྱན་གྱི་ཡུལ་དཔལ་རྡོ་རྗེ་ཆེན་པོའི་གནས་སུ་ཨུ་རྒྱན་གྱི་རྒྱལ་པོ་ཨིནྡྲ་བྷཱུ་ཏི་ཞེས་བྱ་བས་ཤེས་པ་དང་བཤད་པ་དང་གསལ་བར་བྱེད་དོ། །གསོལ་བ། ཨིནྡྲ་བྷཱུ་ཏི་དེས་དུའི་དབང་ཕྱུག་ལ། བཀའ་སྩལ་པ། དཔལ་ཡེ་ཤེས་ཀྱི་ཐིག་ལེའི་རྒྱུད་ཀྱི་རྒྱལ་པོ་ལས། གང་ཞིག་བསྟོད་པ་ཕྱག་ན་རྡོ་རྗེའི་ཡེ་ཤེས་ཀྱི་སྐུ་ས་བཅུའི་དབང་ཕྱུག་དེ་ཉིད་ཀྱི་སྤྲུལ་པའི་སྐུ་དེ་ས་བཅུའི་དབང་ཕྱུག་གོ །ཅེས་དང་། ཚུལ་གསུམ་མཛེས་རྒྱན་ལས། ཁྱད་པར་སྔགས་ཀྱི་ཚུལ་རྣམས་བསྡུས་པའི་ཚུལ། །འདི་ལ་ལོག་པར་རྟོག་པ་གཞན་ཡོད་ཀྱང་། །སྐྱོན་མེད་བཀའ་དང་བསྟན་བཅོས་དགོངས་པ་ནི། །དེ་བཞིན་གཤེགས་པས་སྤྲུལ་པའི་དཀྱིལ་འཁོར་དུ། །ཨཽ་ཌྱ་ནའི་རྒྱལ་པོ་འཁོར་བཅས་རྣམས། །ལེགས་པར་བཅུག་ནས་ཡོངས་སུ་སྨིན་པར་མཛད། །དེ་ཚེ་ཕྱག་ན་རྡོ་རྗེས་རྒྱུད་ཀུན་བསྡུས། །ངེས་པའི་དོན་དུ་སྟོན་དང་སྡུད་པ་པོ། །ཐ་དད་མེད་ཀྱང་དམན་ལ་དེ་ལྟར་སྣང་། །སླར་ཡང་གསང་བའི་བདག་པོའི་རྒྱུད་སྡེ་ཀུན། །གནས་དེར་རྒྱལ་པོ་འཁོར་དང་བཅས་ལ་བྱིན། །དེ་ནས་འཇིག་ཆགས་དབང་གི་ཡུལ་ཕྱོགས་དེ། །རྒྱ་མཚོར་གྱུར་པའི་ཀླུ་རྣམས་སྨིན་མཛད་དེར། །རྒྱུད་ཀུན་ཡི་གེར་བྲིས་ནས་གླེགས་བམ་རྣམས། །ལག་འགྲོ་ཚོགས་ལ་བྱིན་ནས་རྒྱས་པར་མཛད། །ཅེས་གསུངས་པའི་ཕྱིར།