རྟ་ནག་ཆོས་འབྱུང་།
ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་བཤད་པ།
(ཕྱི་རོལ་མུ་སྟེགས་པའི་གྲུབ་མཐའ་བཤད་པ།)
དེ་གཉིས་ལས་ཕྱི་རོལ་མུ་སྟེགས་བྱེད་ཀྱི་ངེས་ཚིག་ནི། ནང་གི་དེ་ཁོ་ན་ཉིད་བདག་མེད་པའི་དོན་ལ་དཔྱོད་པ་ལས་ཕྱི་རོལ་དུ་གར་ཞིང་ཐར་པའི་མུའམ་སྟེགས་ལ་བརྟེན་ནས་ལམ་སྒྲུབ་པར་ཁས་འཆེ་བས་སམ་ཡང་ན་བསྟན་པ་འདི་དང་སྟོན་པ་འདི་ལས་ཕྱི་རོལ་དུ་ཕྱོགས་ཏེ་འཇིག་རྟེན་པའི་ཤེས་རབ་ཀྱིས་ཤེས་བྱའི་དོན་ལ་དཔྱོད་པར་བྱེད་ཅིང་། ཡིན་ལུགས་ཀྱི་མྱ་ངན་ལས་འདས་པ་དང་། རྗེས་སུ་མཐུན་པའི་ལམ་མེད་པས་མཁས་པའི་རྗེས་འབྲང་གི་གྲུབ་མཐའ་སྨྲ་བ་པོ་ཡིན་པས་ཕྱི་རོལ་མུ་སྟེགས་བྱེད་ཅེས་བྱའོ། །འོན་ཀྱང་ལམ་དེ་དང་ཅུང་ཟད་ཉེ་བར་གྱུར་པས་ཐར་པའི་མུའམ་སྟེགས་ལ་གནས་པས་འཇིག་རྟེན་ཐ་མལ་པ་ལས་ནི་ཆེས་མཆོག་ཏུ་གྱུར་པ་ཡིན་ཏེ། ཤེས་བྱའི་གནས་ལུགས་ལ་དཔྱོད་པར་བྱེད་པའི་ཕྱིར་རོ། །འཇིག་རྟེན་ཐ་མལ་པ་རྣམས་ནི་ཤེས་བྱའི་གནས་ཚུལ་དང་། འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་ངང་ཚུལ་ལ་རྟོག་དཔྱོད་གང་ཡང་མི་འཇུག་པར་ཚེ་འདིའི་བདེ་སྡུག་གི་བླང་དོར་ཙམ་དོན་དུ་གཉེར་བ་ཡིན་ཏེ། མིའི་ནང་ན་མུ་སྟེགས་ཀྱི་གྲུབ་མཐའ་ཤེས་པ་ཡང་ཤིན་ཏུ་ཉུང་བའི་ཕྱིར་རོ། །དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་སྤྲུལ་པ་དང་། རང་རྒྱུད་
ཀྱི་མུ་སྟེགས་གཉིས་ལས།
