རྟ་ནག་ཆོས་འབྱུང་།
༡. མུ་སྟེགས་བསམ་གཏན་པ།
上一章
(༡. མུ་སྟེགས་བསམ་གཏན་པ།)
དང་པོ་ནི། མངོན་པར་ཤེས་པ་ལྔ་དང་ལྡན་ཞིང་རྫུ་འཕྲུལ་གྱིས་མཁའ་ལ་འགྲོ་བ་ཞིག་ཡིན་པར་བཤད་དེ༑ ཆེད་དུ་བརྗོད་པའི་ཚོམས་ལས། དྲང་སྲོང་ཆེན་པོ་ལྔ་མངོན་ཤེས། །མཁའ་ལ་རྒྱང་རིང་འགྲོ་བ་ཡང་། །གང་དུ་འཆི་མེད་སྤྱོད་ཡུལ་པའི། །ས་དེར་འགྲོ་བར་མི་ནུས་སོ། །ཞེས་གསུངས་པའི་ཕྱིར། དེ་ལ་དབྱེ་ན་རྟོག་གེ་འབར་བ་ལས༑ བསམ་གཏན་པ། བློ་དམན་པ། བསྐལ་པ་སུམ་ཅུ་རྗེས་སུ་དྲན་པ་དང་། བློ་འབྲིང་བསྐལ་པ་དྲུག་ཅུ་རྗེས་སུ་དྲན་པ་དང་། བློ་མཆོག་བསྐལ་པ་དགུ་བཅུ་རྗེས་སུ་དྲན་པ་དང་གསུམ་ཡོད་པར་བཤད་དོ། །