རྟ་ནག་ཆོས་འབྱུང་།

༥. འབྱུང་བ་ལྔ།

上一章
下一章

(༥. འབྱུང་བ་ལྔ།)

དེ་ལྔ་ལས་འབྱུང་བ་ལྔ་སྐྱེས་ཏེ་འབྱུང་བ་ལྔ་ནི། ས་ཆུ་མེ་རླུང་ནམ་མཁའ་སྟེ་ལྔའོ། །དེ་ཡང་སྒྲ་བརྟག་པ་ནམ་མཁའི་ཡོན་ཏན་དང་། དྲི་བརྟག་པ་སའི་ཡོན་ཏན་དང་། རོ་བརྟག་པ་ཆུའི་ཡོན་ཏན་དང་། རེག་བྱ་བརྟག་པ་རླུང་གི་ཡོན་ཏན་དང་། གཟུགས་བརྟག་པ་མེའི་ཡོན་ཏན་ཡིན་ཞེས་འདོད་དོ། །ང་རྒྱལ་གསུམ་པས་ནི་སྔ་

19b

མ་གཉིས་ཀྱིས་འབྲས་བུ་བསྐྱེད་པའི་མཚུངས་ལྡན་ནམ་གྲོགས་བྱེད་ཀྱིས་འབྲས་བུ་ཟུར་པ་བསྐྱེད་པར་མི་འདོད་དེ། དབང་ཕྱུག་ནག་པོའི་གཞུང་ལས། རང་བཞིན་ལས་ཆེ་དེ་ལས་ང་རྒྱལ་ཏེ། །དེ་ལས་བཅུ་དྲུག་གི་ནི་ཚོགས་རྣམས་སྐྱེ། །དེ་ལྟར་བཅུ་དྲུག་བྱུང་བ་དེ་ལས་ཀྱང་། །དེ་ཙམ་ལྔ་ལས་འབྱུང་བ་ཆེན་པོ་ལྔ། །ཞེས་འབྱུང་བའི་ཕྱིར། དེ་ལྟར་ན་གཙོ་བོ་ཉེར་བཞི་ལས། རང་བཞིན་དོན་དམ་པ་དང་། རྣམ་འགྱུར་ཉེར་གསུམ་ཀུན་རྫོབ་ཏུ་འདོད་དེ། སྔ་མ་དེ་ལས། ཡོན་ཏན་གསུམ་གྱི་ཡོན་ཏན་མཆོག །མཐོང་བའི་ལམ་དུ་འགྱུར་མ་ཡིན། །མཐོང་བའི་ལམ་དུ་གང་གྱུར་བ། །སྒྱུ་མ་བཞིན་དུ་ཤིན་ཏུ་གསོག །ཅེས་འབྱུང་བའི་ཕྱིར།