རྟ་ནག་ཆོས་འབྱུང་།

༡. རྒྱུས་འབྲས་བུ་བསྐྱེད་ཚུལ་ཤེས་པ།

上一章
下一章

(༡. རྒྱུས་འབྲས་བུ་བསྐྱེད་ཚུལ་ཤེས་པ།)

དང་པོ་ནི། རང་བཞིན་རྒྱུ་ཁོ་ན། ཆེན་པོ། ང་རྒྱལ། དེ་ཙམ་ལྔ་སྟེ་བདུན་རྒྱུ་འབྲས་གཉིས་ཀ །དབང་པོ་བཅུ་གཅིག །འབྱུང་བ་ལྔ་སྟེ་བཅུ་དྲུག་འབྲས་བུ་ཁོ་ན། བདག་གམ་སྐྱེས་བུ་རྒྱུ་འབྲས་གང་ཡང་མ་ཡིན་པར་འདོད་དེ། དེ་ཉིད་ལས། གཙོ་བོ་བྱེད་ཡིན་བྱ་བ་མིན། །ཆེན་པོ་སོགས་བདུན་བྱ་བ་བྱེད། །བཅུ་དྲུག་པོ་ནི་བྱ་བ་ཡིན། །སྐྱེས་བུ་བྱ་མིན་བྱེད་པའང་མིན། །ཞེས་འབྱུང་བའི་ཕྱིར། དེ་ཡང་རྒྱུ་འབྲས་རྫས་གཅིག་མངོན་པར་མི་གསལ་བ་གསལ་བའི་རང་བཞིན་དུ་གྱུར་པ་ལ་སྐྱེ་བ་དང་། མངོན་པར་གསལ་བ་མི་གསལ་བའི་རང་བཞིན་དུ་གྱུར་པ་ལ་འཇིག་པར་འདོད་དོ། །