རྟ་ནག་ཆོས་འབྱུང་།
དང་པོ། བྱེ་བྲག་སྨྲ་བ།
上一章
(དང་པོ། བྱེ་བྲག་སྨྲ་བ།)
དེ་ཡང་ཤེས་བྱའི་བྱེ་བྲག་འདུས་མ་བྱས་རྟག་པའི་གཞི། སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། ལྡན་པ་མིན་པ་འདུ་བྱེད་ཀྱི་གཞི་སྟེ་གཞི་ལྔར་ཕྱེ་ནས་དེ་ཐམས་ཅད་བདེན་གྲུབ་ཏུ་སྨྲ་བས་ན་བྱེ་བྲག་ཏུ་སྨྲ་བ་ཞེས་བྱའོ། །དེ་ལ་དབྱེ་ན་གཞི་ཐམས་ཅད་ཡོད་པར་སྨྲ་པའི་སྡེ་པ། དགེ་འདུན་ཕལ་ཆེན་པའི་སྡེ་པ། གནས་བརྟན་པའི་སྡེ་བ། མང་པོས་བཀུར་བའི་སྡེ་པ་དང་བཞི།