རྟ་ནག་ཆོས་འབྱུང་།
༡. ལུང་གི་རྗེས་འབྲང་གི་མདོ་སྡེ་པ།
上一章
(༡. ལུང་གི་རྗེས་འབྲང་གི་མདོ་སྡེ་པ།)
དང་པོ་ནི། གྲུབ་པའི་མཐའ་ཕལ་ཆེར་བྱེ་བྲག་ཏུ་སྨྲ་བ་དང་འདྲ་ཞིང་དེ་ལ་མངོན་པར་སྨྲ་བའི་མདོ་སྡེ་པ་དང་། ཐེག་ཆེན་བཀར་སྒྲུབ་ཀྱི་ཡུལ་དུ་གྱུར་པའི་མདོ་སྡེ་པ་ཞེས་ཀྱང་བྱ་སྟེ། བྱེ་བྲག་ཏུ་སྨྲ་བ་དང་འདི་གཉིས་ཀྱིས་འབུམ་སོགས་ཐེག་ཆེན་གྱི་མདོ་རྣམས་བཀར་མི་འདོད་པའི་ཕྱིར་རོ། །དེའི་མཚན་གཞི་ནི་མཛོད་རང་འགྲེལ་ལས་བཤད་པའི་མདོ་སྡེ་པ་དེ་ཡིན།