རྟ་ནག་ཆོས་འབྱུང་།

ཐེག་པ་ཆེ་ཆུང་གི་ཁྱད་པར།

上一章
下一章

(ཐེག་པ་ཆེ་ཆུང་གི་ཁྱད་པར།)

ཡང་ཐེག་པ་ཆེ་ཆུང་གི་ཁྱད་པར་ནི། རང་ཉིད་གཅིག་པོ་ཞི་བདེ་འདོད་པའི་བློས་ཀུན་ནས་བསླང་སྟེ་ལམ་བསླབ་པ་གསུམ་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པ་ལ་ཐེག་དམན་པ་དང་། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་འདོད་ཀྱི་བློས་ཀུན་ནས་བླངས་ཏེ་ལམ་ཕར་ཕྱིན་དྲུག་ལ་བརྟེན་ནས་རྫོགས་པའི་བྱང་ཆུབ་བསྒྲུབས་པ་ལ་ཐེག་ཆེན་པ་ཞེས་བྱའོ། །