རྟ་ནག་ཆོས་འབྱུང་།

༣. གང་ཟག་སྙན་བརྒྱུད།

上一章
下一章

(༣. གང་ཟག་སྙན་བརྒྱུད།)

ཀླུ་སྒྲུབ་ལས་རྟ་མགྲིན། འཇམ་དཔལ་བཤེས་གཉེན་ལས་གཤིན་རྗེ་ཧཱུྃ་ཀཱར་ལས་ཡང་དག །པདྨ་སམྦྷ་ཝ་ལས་ཕུར་པ། འདི་ལ་ཀླུ་སྒྲུབ། ཐོགས་མེད། རོ་ལངས་བདེ་བ་རྣམས་ཀྱི་གཞུང་ཡོད་པར་རྒྱ་གར་གྱི་སློབ་དཔོན་བདེ་བྱེད་ཀྱིས་བཤད་ཟེར་རོ། །དྷ་ན་སིངྷ་ཀྲ་ཏའམ་པདྨ་ནག་པོ་ལས་མ་མོ་རྦོད་གཏོང་། ཤནྟིཾ་གརྦྷ་ལས་འཇིག་རྟེན་མཆོད་བསྟོད། བི་མ་ལ་ལས་བདུད་རྩི་ཡོན་ཏན་ཞེས་འདྲེན་པར་བྱེད་དོ། །སློབ་དཔོན་པདྨས་རིག་འཛིན་སོ་སོ་ལས་གསན་པ་ཡིན་ནོ། །