རྟ་ནག་ཆོས་འབྱུང་།
དང་པོ། གསང་སྔགས་ཕྱི་ནང་གི་ཁྱད་པར།
上一章
(དང་པོ། གསང་སྔགས་ཕྱི་ནང་གི་ཁྱད་པར།)
དང་པོ་ནི། ཕྱི་པའི་བདེན་པ་སོ་སོར་འདོད། ནང་པས་དབྱེར་མེད་དུ་འདོད་པ་ནི་ལྟ་བའི་ཁྱད་པར། ཕྱི་པས་ལྷ་ཞལ་སྦྱོར་མི་བསྒོམ། ནང་པས་བསྒོམས་པ་ནི་བསྒོམ་པའི་ཁྱད་པར། ཕྱི་པས་གཙང་སྦྲ་སྤྱོད་ཅིང་ཤ་ལྔ་བདུད་རྩི་ལྔ་ལ་སོགས་པ་བསྟེན་པར་མི་ནུས་ལ། ནང་པས་ནུས་པ་ནི་སྤྱོད་པའི་ཁྱད་པར་རོ། །