རྟ་ནག་ཆོས་འབྱུང་།
སེམས་སྡེ།
上一章
(སེམས་སྡེ།)
སེམས་སྡེའི་དོན་ནི། ངོ་བོ་སྣ་ཚོགས་སུ་སྣང་ཡང་སེམས་ཉིད་གཅིག་གི་རོལ་པ་ལས་མ་འདས་པར་འདོད་དེ། ཀློང་གསལ་ལས། སྣ་ཚོགས་སེམས་ཀྱི་སྣང་བ་སྟེ། །དེ་བཞིན་གཉིས་མེད་སེམས་ཉིད་ནི། །རང་བྱུང་ཡེ་ཤེས་མི་གཡོའི་བདག །འོད་གསལ་སྤྲོས་དང་བྲལ་བར་བརྗོད། །ཅེས་གསུངས་པའི་ཕྱིར། དེ་ལ་འབྲས་བུ་སེམས་ཀྱི་འབྱུང་བར་འདོད་པས་སེམས་ཕྱོགས་པ་སོགས་བདུན་དུ་ཡོད་པར་བཤད་དོ། །དེའི་རྗོད་བྱེད་ཀྱི་རྒྱུད་ཤློ་ཀ་འབུམ་ཕྲག་ཉི་ཤུ་རྩ་གཅིག་པ་ལྟ་བུ་སྟེ། དེ་ཡང་ཆོས་ཉིད་ལ་བརྗོད་དུ་མེད་པའི་ཀློང་། ལྟ་བ་ལ་མིན་པ་མེད་པའི་ཀློང་། སྤྱོད་པ་ལ་ཡིན་པ་མེད་པའི་ཀློང་སྟེ་ཀློང་གསུམ་དུ་འདུས་པར་འདོད་དོ། །