བཀའ་གདམས་ཆོས་འབྱུང་།
༢. བཀའ་བསྡུ་གཉིས་པ།
Previous Chapter
Next Chapter

(༢. བཀའ་བསྡུ་གཉིས་པ།)

གཉིས་པ་ནི། དུས་སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ན། གནས་ཡངས་པ་ཅན་དུ། སྦྱིན་བདག་ཆོས་རྒྱལ་མྱ་ངན་མེད་ཀྱིས་མཛད་དེ། ཚོགས་པ་དགྲ་བཅོམ་པ་བདུན་བརྒྱ་འདུས་ཏེ། དགྲ་བཅོམ་གྲགས་པ་དང་། ཐམས་ཅད་འདོད་ལ་སོགས་པས་སྡེ་སྣོད་གསུམ་ཞལ་འདོན་དུ་མཛད་དེ། དགོས་པ་རུང་བ་མ་ཡིན་པའི་གཞི་བཅུ་བསལ་བ་དང་། བསྟན་པ་ཡུན་རིང་རུ་གནས་པའི་ཕྱིར་བཀའ་བསྡུ་གཉིས་པ་མཛད་དོ། །