སྒྲོལ་མའི་རྒྱུད་ཀྱི་བྱུང་ཁུངས།
མ་དྷྱ་མ་སིདྷ།
Previous Chapter
Next Chapter

(མ་དྷྱ་མ་སིདྷ།)

མ་དྷྱ་མ་སིདྷ་ནི། ཇོ་བོ་རྗེའི་སློབ་མ་ཞིག་སྟེ། སྒྲ་ཚོད་དང་མདོའི་ལུགས་ལ་མཁས། འདིས་གསང་སྔགས་གཞན་མི་མཁྱེན། སྒྲོལ་མའི་རྒྱུད་འདི་ཁོ་ན་ལ་མཁས། ནུས་པའང་ཐོན་ཏེ། རྒྱ་གར་ཤར་ཕྱོགས་ཀྱི་ཆུ་བོ་གངྒ་ལ་གཤེགས་ཀྱང་ཐང་ལ་འོང་བ་བཞིན་ཐོགས་པ་མེད་པ། དུག་སྦྲུལ་དང་སྟག་ལ་སོགས་པ་ལ་བཀའ་བསྒོ་བར་ནུས་པ་ཞིག་གོ།