ཉི་མའི་རིགས་ཀྱི་རྒྱལ་རབས།
དང་པོ། མི་མཇེད་ཀྱི་རྣམ་པར་བཞག་པ།
Previous Chapter
Next Chapter

(དང་པོ། མི་མཇེད་ཀྱི་རྣམ་པར་བཞག་པ།)

དང་པོ་ནི། མཛོད་ལས། གླིང་བཞི་པ་དང་ཉི་ཟླ་དང་། །རི་རབ་དང་ནི་འདོད་ལྷ་དང་། །ཚངས་པའི་འཇིག་རྟེན་སྟོང་ལས་ནི། །སྟོང་ནི་སྤྱི་ཕུད་ཡིན་པར་འདོད། །དེ་སྟོང་ལས་ནི་སྟོང་གཉིས་པ། །བར་མའི་འཇིག་རྟེན་ཁམས་ཡིན་ནོ། །དེ་སྟོང་ལས་ནི་སྟོང་གསུམ་མོ། །མཉམ་དུ་འཇིག་ཅིང་འབྱུང་བ་ཡིན། །ཅེས་པ་ལྟར། གླིང་བཞི། རི་རབ། ཉི་

9b

ཟླ། རྒྱལ་ཆེན་རིགས་བཞི། སུམ་ཅུ་རྩ་གསུམ། འཐབ་བྲལ། དགའ་ལྡན་ནས་བརྩམས་ཏེ། ཚངས་པའི་འཇིག་རྟེན་གྱི་བར་སྟོང་ལ་ནི་སྟོང་སྤྱི་ཕུད་ཅེས་བྱའོ། །སྟོང་ཆུ་ངུའི་འཇིག་རྟེན་གྱི་ཁམས་དེ་སྟོང་ལས་ནི་སྟོང་གཉིས་བར་མ། སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་སོ། །དེ་དག་སྟོང་ལས་ནི། སྟོང་གསུམ་གྱི་སྟོང་ཆེན་པོ་མི་འཇེད་འཇིག་རྟེན་གྱི་ཁམས་ཡིན་ཏེ། དེ་ཐམས་ཅད་ཀྱང་གྲུབ་སྡེ་གཅིག་པའི་ཚུལ་གྱིས་སོ། འབྱུང་བ་ཡིན་ནི། ཅེས་པ་ཆགས་པ་ཡིན་ནོ། །དེ་རྣམས་ཀྱང་ཇི་ལྟར་གནས་པའི་ཚུལ་ནི། ཡོན་ཏན་རིན་པོ་ཆེ་བསྡུད་པ་ལས། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །སེམས་ཅན་ལས་ལ་སྤྱོད་པའི་རྒྱུ་ནི་འདི་འདྲའོ། །ཞེས་དང་། དེ་ལ་སྣོད་ཀྱི་འཇིག་རྟེན་གྱི། །གནས་པར་འདོད་པའི་འོག་དག་གི །རླུང་གི་དཀྱིལ་འཁོར་རྔམས་སུ་ནི། །ས་ཡ་དྲུག་འབུམ་གྲངས་མེད་དེ། །ཅེས་པས། སེམས་ཅན་རྣམས་ཀྱི་ལས་ཀྱི་དབང་གིས་འོག་ཏུ་ནམ་མཁའ་ལ་བརྟེན་པའི་རླུང་གི་དལ་གྲུབ་ཏེ། རྔམས་སུ་ནི་དཔག་ཚད་ས་ཡ་དྲུག་འབུམ། རྒྱར་ནི་གྲངས་མེད་དེ། མཚན་

10a

༄༅།        །པོ་ཆེའི་རྡོ་རྗེས་ཀྱང་གཞིག་པར་མི་ནུས་པ་བསྲ་བ་ཡིན་ལ། དེའི་སྟེང་དུ། ཆུ་སྟེ་རྔམས་ནི་བཅུ་གཅིག་དང་། །སྟོང་ཕྲག་དག་ནི་ཉི་ཤུའོ། །དེ་ལྟར་སེམས་ཅན་སྤྱི་མཐུན་གྱི་ལས་ལས། རླུང་གི་དཀྱིལ་འཁོར་དེ་ལ་སྤྲིན་གསེར་གྱི་སྙིང་པོ་ཅན་འདུས་ནས་ཆར་གྱི་རྒྱུན་གཉའ་ཤིང་ཙམ་བབས་པས། ཆུའི་དཀྱིལ་འཁོར་རྔམས་སུ་དཔག་ཚད་འབུམ་ཕྲག་བཅུ་གཅིག་དང་སྟོང་ཕྲག་ཉི་ཤུའོ། །དེའང་ཁ་ཅིག་ལས་ཀྱི་དབང་གིས་དཔེར་ན་བཟའ་བ་དང་བཏུང་བ་ཟོས། འཐུངས་པ་མ་ཞུ་བ་ལོང་ཀར་ལྷུང་བ་བཞིན་ནོ་ཞེས་ཟེར། གཞན་དག་སྦྱང་གི་ཚུལ་གྱིས་འཛིན་ཏོ་ཞེས་ཏེ། ས་སྡེར། འོག་བཞི་དང་། ལོགས་ན་གནས་པའི་རླུང་གིས་ཆུ་དེ་རྣམས་མཐུར་དང་། ཐད་ཀར་མི་འཛག་གོ་ཞེས་གསུངས། འདི་གཉིས་ནི་སྟོང་གསུམ་འཇིག་རྟེན་ཐམས་ཅད་ཀྱི་གཞིར་གྱུར་པ་ཅིག་ཡིན་ལ། གཞན་ས་གཞི་རི་གླིང་ལ་སོགས་པ་སོ་སོ་བ་གཅིག་ཡིན་ཞེས་དང་། ཡང་རླུང་གི་དལ་ལ་འཕངས་ཀྱི་ཚད་གསུངས་ནས་རྒྱར་གྲངས་མེད་ཞེས་གསུངས་པས། འོག་གི་རླུང་གི་དཀྱིལ་འཁོར་ནི་ཐམས་ཅད་ཀྱི་གཞིར་གྱུར་པ་གཅིག་ཡིན་

10b

ཞིང་། ཆུ་ཡི་དཀྱིལ་འཁོར་དང་། གསེར་གྱི་ས་གཞི་སོགས་ལ་རྒྱ་འཕངས་ཀྱི་ཚད་གསུངས་པས། སོ་སོ་ཡིན་ནོ་ཞེས་ཀྱང་གསུངས་སོ། །ཡང་ཅི་འཐུན་གྱི་ལས་ཀྱི་མཐུ་ལས་བྱུང་བའི་རླུང་གི་ཆུ་དེ་བསྲུབས་པས། འོ་མ་བསྐོལ་བའི་སྤྲིས་མ་ལྟར་གསེར་གྱི་ས་གཞི་ཆགས་སོ། །ཆུ་དེའང། ཕྱིས་ནི་རྔམས་སུ་འབུམ་ཕྲག་བརྒྱད། །ལྷག་མ་དག་ནི་གསེར་དུ་འགྱུར། །ཆུའི་སྟེང་རིམ་དཔག་ཚད་སུམ་འབུམ་ཉི་ཁྲིར་གསེར་གྱི་རང་བཞིན་གྱི་ས་གཞིར་གྱུར་ཏོ། །ཆུ་དང་གསེར་གྱི་དཀྱིལ་འཁོར་གྱི། །ཐད་ཀར་འབུམ་ཕྲག་བཅུ་གཉིས་དང་། །སྟོང་ཕྲག་གསུམ་དང་བརྒྱ་ཕྲག་ནི། །ཕྱེད་དང་ལྔ་རྣམས་ཁོ་ནའོ། །གཉི་ཀའང་རྒྱ་མཉམ་མོ། །འཁོར་ཡུག་དུ་ནི་སུམ་འགྱུར་རོ། །ཡང་དཔག་ཚད་ས་ཡ་ཕྲག་གསུམ། །འབུམ་ཕྲག་དྲུག་ཁྲི་སུམ་བརྒྱ་ལྔ་བཅུའོ། །ཅེས་ཏེ་བཟོད་ཀའི་ཞིང་ཐམས་ཅད་ཀྱི་དབུས་ན་སྙིང་པོར་གྱུར་ཞིང་ལྷུན་པོ་ལྟར་མཐོ་བ་ནི། སྤྱི་འཐུན་སྨོན་ལམ་ཆུ་གཏེར་ཆེ་ལས་འཁྲུངས། །གླིང་མང་འདབ་རྒྱས་ལྷུན་པོའི་ཟེ་འབྲུས་བརྒྱན། །ཕུན་ཚོགས་ལྷ་མིའི་ལོངས་སྤྱོད་སྦྲང་རྩིས་གང་། །སྐྱེ་དགུ་བུང་བའི་ཉེར་

11a

༄༅།        །འཚོ་ངོ་མཚར་ལྡན། །ཞེས་པ་ལྟར།