ཉི་མའི་རིགས་ཀྱི་རྒྱལ་རབས།
མིའི་འགྲོ་བ་ཇི་ལྟར་འབྱུང་བ།
Previous Chapter
Next Chapter

(མིའི་འགྲོ་བ་ཇི་ལྟར་འབྱུང་བ།)

དེ་ཡང་དང་པོ་ནི་ཁམས་གོང་མའི་

29a

༄༅།        །ལྷ་རྣམས་འདོད་ཁམས་སུ་སྐྱེ་བ་ན། རིམ་བཞིན་བསམ་གཏན་གྱི་སེམས་འགགས། འདོད་ཁམས་སུ་སྐྱེ་བའི་བག་ཆགས་ཀྱི་ཤས་ཀྱིས་འདོད་ཁམས་ཀྱི་ལྷ་དང་། ལྷ་མ་ཡིན་དང་། མི་རྣམས་སུ་འགྱུར་ཞིང་། ཞིང་ཁམས་གཞན་ནས་འདིར་སྐྱེ་བའི་ལས་བསགས་པ་རྣམས་ཀྱང་རིམ་གྱིས་བྱུང་སྟེ། རིགས་དྲུག་གི་འགྲོ་བ་རྣམས་སུ་འགྱུར་ཞིང་། དེ་དག་གི་སྐྱེ་གནས་ནི་བཞི་སྟེ། བརྫུས་སྐྱེས། མངལ་སྐྱེས། སྒོང་སྐྱེས། དྲོད་བཤེར་སྐྱེས་སོ། །གཉིས་པ་ནི་ལུང་དང་མངོན་འབྱུང་ལས་གསུངས་པ་དང་། མངོན་པ་མཛོད་ལས་གསུངས་པ་དང་། ས་སྡེ་ལས་འཕགས་པ་ཐོགས་མེད་ཀྱིས་གསུངས་པ་དང་། འཇིག་རྟེན་བཞག་པ་ལ་སོགས་པའི་མདོ་རྣམས་ལས། ཤིན་ཏུ་རྒྱས་པར་འབྱུང་ཞིང་། བཤད་པའི་རྣམ་གྲངས་ཕྲན་ཚེགས་ལ་མི་འདྲ་བ་བག་རེ་ཙམ་འབྱུང་ཡང་། བཤད་པའི་བབས་མི་འཐུན་པ་ཆེར་མི་འབྱུང་ངོ་། །འདིར་སྔ་མ་ལྟར་ན། མི་རྣམས་ནི་འོད་གསལ་གྱི་ལྷ་ལས་འཕོས་ཏེ་འདིར་སྐྱེས་སོ། །དེ་དག་ཀྱང་རང་འོད་ཀྱིས་མཚོ་ཞིང་ནམ་མཁའ་ལ་འགྲོ་བ་ལ་སོགས་པ་

29b

འོད་གསལ་གྱི་ལྷ་ཅི་འདྲ་བ་ཅིག་འབྱུང་སྟེ། མཛོད་ལས། སྔར་བྱུང་སེམས་ཅན་གཟུགས་ཅན་བཞིན། །ཅེས་སོ། །དེ་རྣམས་ཀྱི་མིང་ནི་སེམས་ཅན་ཞེས་གྲགས་པ་ཙམ་མོ། །དེའི་ཚེ་སའི་བཅུད་ཅེས་བྱ་བ། མདོག་མར་ཞུན་ལྟ་བུ། རོ་བཅུད་སྦྲང་རྩི་མ་བསྐོལ་བ་ལྟར་ཤིན་ཏུ་ཞིམ་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་ཅིང་རང་འོད་མ་གཏོགས་པ་ཉི་ཟླ་གཟའ་སྐར་དང་དུས་ཚིགས་དང་། སྐྱེས་པ་དང་བུད་མེད་ནི་མི་གྲག་གོ། དེའི་དུས་སེམས་ཅན་བརྐམ་ཆགས་ཅན་གཅིག་གིས་སའི་བཅུད་དེ་སོར་མོས་བླངས་ཤིང་མྱངས་པ་ན། དེ་ལ་སྲེད་པས་རིམས་ཀྱིས་ཁམས་ཀྱི་ཟས་ཟའོ། །དེ་སེམས་ཅན་གཞན་རྣམས་ཀྱིས་མཐོང་ནས་མྱང་བར་བྱེད་དོ། །དེ་ནས་རིམ་གྱིས་རོ་ལ་ཆགས། ཞེས་པ་ལྟར་རོ། །སའི་བཅུད་དེ་ཟོས་པ་ན། ལུས་ཕྲང་བ་དང་ལྕི་བ་ཞུགས་ཏེ། ཁ་དོག་བཟང་པོ་དང་འོད་ཀྱང་མི་སྣང་ངོ་། །དེའི་ཚེ་ཆོས་ཉིད་ཀྱིས་ནམ་མཁའ་ལ་ཉི་ཟླ་དང་གཟའ་སྐར་དག་བྱུང་ཞིང་། སྐད་ཅིག །ཐང་ཅིག །ཡུད་ཙམ། དུས་ཚིགས། ཉིན་མཚན། ཟླ་ཕྱེད། ཟླ་བ་ལོ་རྣམས་འཇིག་རྟེན་དུ་བྱུང་བར་གྱུར་ཏོ། །དེ་ནས་སེམས་ཅན་རྣམས་ཀྱིས་སའི་བཅུད་དེ་ཟ་ཞིང་ཚེ་རིང་ལ། ཡུན་རིང་བར་གནས་སོ། །དེ་རྣམས་ལས་ཁ་ཟས་

30a

༄༅།        །ཆེར་ཟོས་པ་ནི་མདོག་ངན་ལ། ཆུང་ངུར་ཟོས་པ་ནི་མདོག་བཟང་ངོ་། །དེ་དག་མངོན་པའི་ང་རྒྱལ་སྐྱེས་ཏེ། གཅིག་གིས་གཅིག་ལ་ཁ་དོག་བཟང་ངན་གྱིས་ཁྱད་དུ་བསོད་དོ། །འདི་ཙམ་ནས་དང་པོར་ང་རྒྱལ་བྱུང་། སྡིག་པ་མི་དགེ་བའི་ཆོས་དེ་ཉིད་བླངས་པའི་རྒྱུ་དེས་སའི་བཅུད་དེ་ཡལ་ལོ། །དེ་ནས་སེམས་ཅན་རྣམས་ཀྱིས་ཚོགས་ནས་རོ་བྲོ་བ་རོ་བྲོ་བ་ཞེས་སྨྲས་མོད་ཀྱི་འོན་ཀྱང་། གཏི་མུག་པས་དོན་ནི་མི་ཤེས་སོ། །སླར་ཡང་ས་ཞག་ཁ་དོག་དང་རོ་ཕུན་སུམ་ཚོགས་པ། དོང་ཁའི་མེ་ཏོག་དང་འདྲ་ཞིང་། སྦྲང་རྩི་བཙིར་བ་ལྟ་བུ་བྱུང་བ་དེ་ཉིད་ཟའོ། །དེས་འཚོ་སྟེ་ཚེ་རིང་ཞིང་ཡུན་རིང་དུ་གནས་ལ། ཁ་ཟས་མང་ཉུང་དུ་ཟོས་པས། མདོག་བཟང་ངན་ལ་ཕན་ཚུན་ཁྱད་དུ་བསོད་དོ། །དེའི་མཐུས་ས་ཞག་ནི་མེད་དེ། མྱུ་གུའི་ཚལ་ཞེས་བྱ་བ། ཁ་དོག་ཤིང་ཀ་དམ་པའི་མེ་ཏོག་ལྟ་བུ་ལ། རོ་བཅུད་ཕུན་སུམ་ཚོགས་པ་སྐྱེས་སོ། །དེ་ཟ་ཞིང་ཚེ་ནི་ཡུན་རིང་པོར་གནས་སོ། །སླར་ཡང་མངོན་པའི་ང་རྒྱལ་དང་སྡིག་པ་སྤྱད་པའི་དབང་གིས་མྱུ་གུ་ནི་མེད་ལ། གཅིག་གིས་གཅིག་ལ་མདུན་ནས་ཕར་སོང་ཕར་སོང་ཞེས་སྨྲའོ། །དེའི་ཚེ་མ་རྨོས་པ་བཏབ་པའི་འབྲས་ས་ལུ་ཤུན་པ་དང་། ཕུག་

30b

མ་མེད་པའི་གཙང་མ་དག་སྐྱེས་ཏེ། ཁ་དོག་ཕུན་སུམ་ཚོགས་པ་དང་། ཏྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་གཟེགས་མ་མེད་ཅིང་། དག་ལ་གཙང་བ། སོར་བཞིའི་ཚད་ཙམ། ཡོངས་སུ་གཡོགས་པ་མེད་པ། དེ་ནངས་བརྔས་ན་ནངས་སྐྱེ། ནུབ་བརྔས་ན་ནུབ་སྐྱེ་ཞིང་། ཇི་ཙམ་བརྔས་ཀྱང་རྗེས་མི་མངོན་ནོ། །སེམས་ཅན་རྣམས་ཀྱིས་དེ་དག་ཟ་ཞིང་ཡུན་རིང་དུ་གནས་སོ། ཁམས་ཀྱི་ཟས་དེ་ཁད་ཀྱིས་ཟོས་པས། ཉོན་མོངས་པའི་ལས་སད་པའི་དབང་གིས་དབང་པོ་ཐ་དད་པར་གྱུར་ཏེ། ཕོ་མོ་ཞེས་པའི་ཐ་སྙད་བྱུང་ངོ་། །དེ་དག་གཅིག་ལ་གཅིག་ཕན་ཚུན་མིག་ཚུགས་སུ་བལྟས་པ་ཆགས་པར་གྱུར་ཞིང་། སྲེད་པ་ལ་བརྟེན་ནས་ལོག་པར་ཞུགས་སོ། །འདི་ནི་འདོད་ཆགས་མངོན་དུ་གྱུར་པའི་ཐོག་མའོ། །དེ་གཞན་དག་གིས་མཐོང་ནས་ཀ་ཡེ་སེམས་ཅན་ངན་པ་བྱ་བ་མ་ཡིན་པ་བྱེད་པ་འདི་ལྟ་བུ་ཞེས། ས་དང་གསེག་མ་དག་འཐོར་བར་བྱེད་པས་ཞག་གཅིག་ནས་བདུན་གྱི་བར་དུ་ཡང་སྤོང་བར་བྱེད་ལ། སྡིག་པ་ཅན་ལོག་པའི་བརྟུལ་ཞུགས་སྤྱོད་པ་དེ་རྣམས་ཀྱིས་ཁང་པ་བརྩིགས་ནས་འདིར་བྱ་བ་མ་

31a

༄༅།        །ཡིན་པ་སྤྱོད་དོ། །ཞེས་ཟེར་བས་གནས་དེ་ལ་ཁྱིམ་ཁྱིམ་ཞེས་གྲགས་ཏེ། འཇིག་རྟེན་འདིར་ཐ་མལ་པའི་ཁང་པ་རྩོམ་པའི་དང་པོ་ཡིན་ནོ། །དེ་ནས་སེམས་ཅན་སྙོམས་ལས་ཅན་ཞིག་གི་ས་ལུ་ཡང་དོ་ནུབ་དུ་བླངས་སོ། །དེ་ནས་གཞན་ཞིག་གིས་ནངས་པར་ས་ལུ་ལེན་དུ་འདོང་ངོ་ཞེས་བརྗོད་པས། ཀྱེ་སེམས་ཅན་ཁྱོད་རང་གི་ས་ལུ་ལོང་ཅིག །ཁོ་བོས་ནི་མདང་དུ་བླངས་ཟིན་ཏོ་ཞེས་སྨྲས་པས་ན། དེ་མཐད་པར་ཤེས་ནས་གཞན་རྣམས་ཀྱིས་ཀྱང་ཞག་གཉིས་དང་བདུན་གྱི་བར་གྱི་ས་ལུ་བླངས་སོ། །ཡང་གཞན་དག་གིས་ཀྱང་ཀྱེ་འདི་ནི་ལེགས་ཀྱིས། མ་ལ་བདག་ཅག་གིས་ཀྱང་ཟླ་བ་ཕྱེད་དང་གཅིག་གི་ས་ལུ་བླང་ངོ་སྙམ་བླངས་པས། འབྲས་བུའི་སོག་འཇོག་གིས་ཡོངས་སུ་ལོངས་སྤྱད་པས་ས་ལུ་རྗེན་པ་རྣམས་ཕུན་པ་དང་ཕུབ་མས་གཡོགས་བརྔས་པ་དག་ཀྱང་སླར་སྐྱེ་བར་མ་འདོད་དོ། །དེ་ནས་སེམས་ཅན་རྣམས་ཕན་ཚུན་དུ་ཚོགས་ཏེ། སྔར་གྱི་ས་ཞག་བྱུང་བ་མན་གྱི་ས་ཞག་དག་སྒྲོགས་ཤིང་ས་ལུ་ཡང་སྐྱེ་བར་མ་གྱུར་པས། ཞིང་དག་བརྐོ་བར་བྱའོ་ཞེས་སྟེ། བར་འཚམས་བཅད་ནས་འདི་ནི་ཁྱོད་ཀྱིའོ། །འདི་ནི་ང་ཡིའོ་ཞེས་བདག་ཏུ་བཟུང་སྟེ་སའི་

31b

ཁྱོན་དག་བགོས་ཏེ་འདི་ནི་ཞིང་བདག་ཏུ་འཛིན་པ་དང་མུ་ཚིགས་བྲེ་བའི་ལས་ཀྱི་མཐའ་རྩོམ་པའི་དང་པོའོ། །དེ་ནས་སེམས་ཅན་ཞིག་གིས་རང་གི་ས་ལུ་ཡོད་བཞིན་གཞན་གྱི་ས་ལུ་ལ་མ་བྱིན་པར་བླངས་སོ། །བདག་པོ་དེས་མཐོང་ནས་དེང་ཁྱོད་རང་གི་ཡོད་བཞིན་གཞན་གྱི་ལ་རྐུ་བར་བྱེད་པ་མི་རིགས་སོ་ཞེས་སྨྲས་ཏེ། ཕར་དྲངས་ཚུར་དྲངས་ནས། འཁོར་མང་པོའི་དབུས་སུ་ཁྲིད་དེ། ཀྱེེ་ཤེས་ལྡན་དག་འདིས་ངའི་ས་ལུ་རྐུ་བར་བྱས་སོ་ཞེས་སྤྱས་སོ། །ཐམས་ཅད་ཀྱིས་ཀྱང་སེམས་ཅན་ངན་པ་ཁྱོད་ད་ཕྱིན་ཆད་འདི་ལྟར་མ་བྱེད་ཅིག་ཅེས་སོ། །དེ་ན་རེ་ཁྱོད་ཀྱིས་བདག་ས་ལུའི་ཕྱིར་ཕར་དྲངས་ཚུར་དྲངས་ནས་འཁོར་མང་པོའི་དབུས་སུ་སྤྱོས་སོ་ཞེས་རྩོད་ཅིང་། དེ་ནས་ཐམས་ཅད་ཚོགས་ཤིང་འདི་ལྟར་དུ་སྤྱོ་བར་ཡང་སྣང་བས་བདག་ཅག་གི་ནང་ན་སེམས་ཅན་གཟུགས་བཟང་ཤིང་བལྟ་ན་བསྡུག་པ། ལྷག་པར་བསོད་ནམས་ཆེ་བར་གྲགས་པ་ཞིག །བདག་ཅག་གི་ཞིང་རྣམས་ཀྱི་བདག་པོར་བསྐོས་དང་། དེས་ཉེས་པ་བྱས་པ་དག་ལ་ནི་ཆད་པས་གཅོད་ལ། ལེགས་པར་བྱས་པ་རྣམས་ལ་ཕན་གདགས་པར་འགྱུར་རོ་ཞེས་བགྲོས་ནས་ཞིང་དག་ལས་ཐོག་ཤས་སྦྱིན་པར་བྱའོ་སྙན་ནས་བགྲོས་པར་བྱས་སོ། །བསོད་ནམས་དང་ལྡན་

32a

༄༅།        །པ་དེ་ལྟ་བུ་ཞིག་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་བཀུར་ཏེ། ཆོས་དང་འཐུན་པའི་སྒོ་ནས་ཐོག་ཤས་ཀྱིས་མཆོད་ཅིང་བཀུར་བས་ན་དེ་ལ་མང་བོས་བཀུར་བ་མང་པོས་བཀུར་བ་ཞེས་བྱའོ། །དེའང་མཛོད་ལས། ལེ་ལོས་སོག་འཇོག་བྱས་ནས་ནི། །འཛིན་ཅན་རྣམས་ཀྱིས་ཞིང་དཔོན་བསྟབས། །ཞེས་དང་། ཞིང་ཐམས་ཅད་ཀྱི་བདག་པོར་གྱུར་ནས་ཉམས་པ་ལས་སྐྱོབ་པར་བྱེད་པ་རྒྱལ་རིགས་དང་། ཆོས་ཀྱི་སྐྱེ་དགུ་སྐྱོང་ཞིང་ཚུལ་ཁྲིམས་དང་ཤེས་རབ་ཉམས་སུ་བླངས་ཏེ་གནས་པ་ལ་རྒྱལ་པོ་རྒྱལ་པོ་ཞེས་སྨྲས་སོ། །དེའི་རིང་ལ་མི་རྣམས་ཀྱི་མིང་ལ་སེམས་ཅན་སེམས་ཅན་ཞེས་བྱའོ། །དུས་སྐབས་འདི་ཙམ་ནས་མི་རིགས་བཞི་འམ་ལྔར་གྱུར་པ་ཡིན་ཏེ། དེ་བཞིན་སྐྱེ་དགུ་ཐམས་ཅད་སྐྱངས་པ་ལས། །ཞེས་སོགས་དང་། སྔོན་ནི་འདི་དག་ཐམས་ཅད་ཀྱང་། །ཅེས་སོགས་འབྱུང་བ་ལྟར། འཐབ་རྩོད་ཀྱིས་འཇིགས། འབགས་རྩོག་གིས་སྐྱོ་ཞིང་། སྒོ་གསུམ་གྱི་སྤྱོད་པ་ཞི་བ་དང་དུལ་བ་གཙོ་བོར་སྒྲུབ་པ་ལ་དགའ་བས་ནགས་འདབ་དང་། བས་མཐའི་དབེན་པ་བསྟེན་ཅིང་གཙང་སྒྲ་ལ་གནས་པ་ཐམས་ཅད་ནི་བྲམ་ཟེའི་རིགས་སུ་གྱུར། སེམས་ཅན་མང་པོ་ཞིང་ལས་དང་ནོར་གྱིས་འཚོ་ཕྱིས་རྒྱ་ཆེན་པོ་ལ་བརྩོན། ངོ་

32b

ཚ་དང་ཁྲེལ་འཛེམ་ནི་ཆེ། རང་ལ་ཇི་ལྟར་འབྱོར་པ་དང་བསྟུན་ཏེ་སྦྱིན་པ་ལ་དགའ་ཞིང་གཉེན་འདུན་དང་ཉེ་རིང་མང་པོའི་འཚོ་ཐབས་ལ་མཁས་པ་རྣམས་ལ་ནི་རྗེ་རིགས་ཞེས་ཟེར། ཡང་སེམས་ཅན་མང་པོ་ངོ་ཚ་དང་ཁྲེལ་འཛེམ་ནི་ཆུང་། ཟུ་ལུམ་དང་རང་བཟོར་སྤྱོད་ཅིང་། འཛེམ་བག་དང་བྲལ་བས་ཅུང་ཆུང་འཆོལ་པར་སྤྱོད་ཅིང་། རིགས་གོང་མ་ལ་བརྟེན་ཏེ་འཚོ་བ་རྣམས་ལ་ནི་དམངས་རིགས་ཞེས་ཟེར། དེ་ལ་སེམས་ཅན་མང་པོ་ཞིག་ཤིན་ཏུ་རྨོངས་པས་མི་དགེ་བ་མཐའ་དག་ལ་འཆོལ་པར་སྤྱོད། ཁྲེལ་དང་བག་ཡོད་ངོ་ཚ་ནི་གཏན་མི་ཤེས་འཇིག་རྟེན་དུ་སྨོད་པའི་བྱ་བ་དང་ལས་ལ་བབ་འཆོལ་དུ་སྤྱོད་ཅིང་། དམ་པའི་སྤྱོད་པ་དང་ཤིན་ཏུ་འགལ་བ་རྣམས་ལ། རིགས་ངན་ནམ་གདོལ་པའི་རིགས་ཟེར་ཏེ། བྱ་བའི་ཁྱད་པར་དེ་དག་གིས་རིགས་བཞིའམ་ལྔར་གྱུར་ཏོ། ཆོས་མངོན་པ་ལས་ཆོས་དང་། སྤྱོད་ཚུལ་བཟང་པོ། ཀུན་དུ་སྤྱོད་པས་འཁོར་སྐྱོང་ཞིང་རངས་པར་བྱེད་པས་ན་རྒྱལ་པོའོ། །ཞིང་རྣམས་ཀྱི་བདག་པོར་གྱུར་པའི་རིགས་ན་རྒྱལ་རིགས། ཕྱི་རོལ་ཏུ་སེམས་ཤིང་གཙང་སྒྲ་ལ་སྤྱོད་པས་ན་བྲམ་ཟེའི་རིགས། བྱ་བ་དང་ཉོན་མོངས་པ་སྣ་ཚོགས་ཅན་གྱི་ལས་བྱེད་པས་ན་རྗེའུའི་རིགས།

33a

༄༅།        །ངན་ལས་དང་གནོད་པའི་ལས་བྱེད་པས་ན་དམངས་རིགས། ཧ་ཅང་ནོར་ལ་བརྐམ་ཞིང་མི་ཕྱུགས་གསོད་པ། མི་རྣམས་ཀྱིས་གཏུམ་པོ་ཞེས་སྨོད་པའི་ལས་ཅན་ལ་ནི་གདོལ་པ་ཞེས་བྱའོ། །ཡང་ཕྱི་རོལ་པ་དག་ནི། དེར་ནི་གསེར་གྱི་སྒོང་ངར་གྱུར། །དེ་ལས་ཚངས་པ་སྐྱེས་པ་ཡིན། །ཅེས་པས་ཚངས་པ་ལ་ནི་འཇིག་རྟེན་མེས་པོ་དང་བྱེད་པོ་ཞེས་གྲགས་པ་ལྟར་ཏེ། དེ་ཡང་སྔོན་ཚངས་པ་ཡིད་ཀྱི་སྒོ་ང་ཞེས་བྱ་བ་གསེར་གཙོ་མའི་ཁ་དོག་ལྟ་བུ་ཞིབ་པད་མོ་མཛེས་པའི་ནང་ལས་བྱུང་སྟེ། དེ་དྲོད་ཀྱིས་སྨིན་པར་བྱས་པ་ལས། སྐྱེས་བུ་གདོང་བཞི་པ། རལ་པས་ཁྱེབས་པ་གཅིག་བྱུང་སྟེ། དེའི་རལ་པ་ཆེ་བས་གདོང་པ་བཞི་ལས་གླིང་བཞི་ལོངས་སྤྱོད་དང་བཅས་པ་བྱུང་བ་ན། དེ་རྣམས་ལས་ལོངས་སྤྱོད་པ་པོ་དགོས་པར་ཤེས་ནས། ཚངས་པའི་སྙིང་ལ་བྲམ་ཟེ་དང་། དཔུང་པ་ལ་རྒྱལ་རིགས། བརླ་ལ་རྗེ་རིགས། རྐང་མཐིལ་ལ་དམངས་རིགས་ཏེ་མི་རིགས་བཞི་བསྐྱེད་ནས་ལོངས་སྤྱོད་དུ་བཅུག་གོ། །ཡང་དེ་རྣམས་ལ་ཕན་པའི་རིགས་གཅིག་ཀྱང་སློབ་པར་འདོད་ནས། སྙན་ངགས་ཀྱི་རིགས་བྱེད། ངེས་བརྗོད་ཀྱི་རིག་བྱེད། མཆོད་སྦྱིན་གྱི་རིག་བྱེད། སྲིད་བསྲུང་

33b

གི་རིག་བྱེད་དེ། རིག་བྱེད་ཆེན་པོ་བཞི་ཐུན་ནས། ཞལ་བཞི་པོ་ནས་གསུངས་ཏེ། ཚངས་པས་ཚེའི་རིག་བྱེད་དྲན། །དེ་ཡིས་སྐྱེ་དགུའི་མགོན་ལ་བཤད། །ཅེས་ཟེར་རོ། །དེ་ལྟར་མི་རིགས་བཞིར་གྱེས་ཚུལ་དང་། སྔོན་རབས་པ་དག་འཇིག་རྟེན་འདིའི། །བདག་པོ་ཚངས་པ་ཡིན་པར་འདོད། །ཁྱད་པར་རིག་བྱེད་གཙོར་བྱེད་པས། །ཚངས་དང་རིག་བྱེད་པ་རུ་གྲགས། །ཅེས་ཏེ་ཚངས་པའི་མཐུས་འཇིག་རྟེན་དང་། གླིང་བཞི། མི་རིགས་བཞི་དང་བཅས་པ་ཆགས་པར་འདོད་དོ། །མང་པོས་བཀུར་བའི་སྲས། འོད་མཛེས་ཞེས་བྱ་སྟེ། དེའི་དུས་སུ་མིའི་མིང་ཚུར་ཤོག་ཚུར་ཤོག་ཅེས་པར་གྱུར་ཏོ། །དེའི་སྲས་དགེ་བ་ཞེས་བྱ་བ་ལ་མི་རྣམས་ཀྱི་མིང་རྨེ་བ་ཅན་ཞེས་བརྗོད་དོ། །དེའི་སྲས་དགེ་མཆོག་སྟེ་མིའི་མིང་ལ་སྤྲིན་འགྲིན་སྤྲིན་འགྲིན་ཞེས་པར་གྱུར་ཏོ། །དེའི་སྲས་གསོ་སྦྱོང་འཕགས་ཏེ། མིའི་མིང་ལ་ཏ་ལའི་རྐང་ངམ། ཏ་ལའི་རྗེ་ངར་ཟེར་རོ། །རྒྱལ་པོ་དེ་ལྔ་ལ་སྐལ་པ་དང་པོའི་རྒྱལ་པོ་སྡེ་ལྔ་ཞེས་བྱ་སྟེ། དེ་རྣམས་ཀྱི་ཚེ་སེམས་ཅན་ཀུན་ཀྱང་རྙིགས་དུས་ལ་ལྟོས་ཏེ། སྤྱོད་པ་ནི་ཕལ་ཆེར་བཟང་ཞིང་རང་བཞིན་ངང་གིས་དགེ་ལ་ཐོག་མ་མེད་པ་ནས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པས་

34a

༄༅།        །སྐལ་པ་བཟང་ཞིང་ཕན་པར་སྨྲ་བ་ལ་ཉན་པའི་ཕྱིར་དེ་དག་གི་ནི་གཙུག་ལག་ལ་བརྟེན་པའི་ཁྲིམས་སུ་བཅའ་བ་ནི་མེད་དོ། །རྒྱལ་པོ་བསོ་སྦྱོང་འཕགས་ཀྱི་སྤྱི་བོར་ཤ་རྨེན་ཅིག་སྐྱེས་པ་ཤིང་བལ་ལྟར་འཇམ་ཞིང་ཅུང་ཟད་ཀྱང་གནོད་པ་མེད་ལ་དེ་སྨིན་ནས་རྡོལ་བ་ལས། ཁྱེའུ་གཟུགས་བཟང་ཞིང་བལྟས་སྡུག་ལ་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པ་གཅིག་བྱུང་སྟེ། སྤྱི་བོ་ལས་སྐྱེས་པས་ན་སྤྱི་བོ་སྐྱེས་ཞེས་གྲགས་སོ། །གཞོན་ནུ་བཙས་མ་ཐག་རྒྱལ་པོ་གསོ་སྦྱོང་འཕགས་ཀྱི་བཙུན་མོ་དྲུག་ཁྲི་མོ་ཐམས་ཅད་ཀྱི་ནུ་མ་ལ་འོ་མ་རང་ཟགས་ནས་རེ་རེས་ཀྱང་ང་ལས་ནུ་ང་ལས་ནུ་ཞེས་སྨྲས་པ་ན། གཞོན་ནུ་ང་ལས་ནུ་ང་ལས་ནུ་ཞེས(ཡབ་སྲས་མཇལ་བའི་མདོར)ཟེར་རོ། །ང་ལས་ནུའི་ཕོ་བྲང་ནི་མི་ཚུགས་པ་ཞེས་བྱ་སྟེ། ཤར་ནུབ་ཏུ་དཔག་ཚད་བཅུ་གཉིས། ལྷོ་བྱང་དུ་དཔག་ཚད་བདུན་ཡོད་དེ། གཞན་ཡོན་ཏན་རྣམས་ནི་བརྒྱ་བྱིན་གྱི་ཁང་བཟང་རྣམ་པར་རྒྱལ་བ་ལྟ་བུའོ། །སྐལ་པ་དང་པོར་བྱུང་བ་འཁོར་ལོས་བསྒྱུར་རྒྱལ་གྱི་རིགས་སུ་སྐྱེས་པའི་གྲོང་ཁྱེར་གྱི་དང་པོར་གྱུར་པ་ནི་དེ་ཡིན་ནོ། །ང་ལས་ནུ་དཔྱིད་གནས་པའི་ཕོ་བྲང་ནི་ཟླ་

34b

བ་འཆར་བ་ཞེས་བྱ་སྟེ། དེར་བཙུན་མོའི་ཚོགས་དང་བཅས་ཏེ་གནས་པ་ན། ཙན་དན་སྐུས་པ་བཞིན་བསིལ་བར་འགྱུར་རོ། །དབྱར་གནས་པའི་ཕོ་བྲང་ནི་བཻ་ཌུཪྻའི་སྙིང་པོ་ཞེས་བྱ་སྟེ་དེར་གནས་ཤིང་འདུག་པ་ན། ཏ་མ་ལའི་ལོ་མས་བསྐུས་པ་ལྟར། ལུས་དུས་སུ་སླར་ཡང་བདེ་བ་དང་ལྡན་པར་འགྱུར་རོ། །རྒུན་གནས་པ་ནི་ཉི་མའི་འོད་ཟེར་ཡང་དག་འཕགས་ཞེས་བྱ་སྟེ་དེར་གནས་པ་ན་དཔེར་ན་ཨ་ཀ་རུ་བསྐུས་པ་ལྟར་ལུས་བྲོ་བ་དང་ལྡན་པར་འགྱུར་རོ། ཁང་བཟང་དེ་རྣམས་ཉམས་དགའ་ཞིང་བདེ་བ། བསམ་པའི་དབང་གིས་རླུང་འཇམ་པ་དང་། ཆར་ཟིམ་བུར་འབབ་པ། རོལ་མོའི་སྒྲ་འབྱུང་བ། ལོངས་སྤྱོད་རྒྱ་ཆེ་ཞིང་སྐྱིད་པ་ཡིན་ནོ། །ང་ལས་ནུ་དེ་རྩེད་མོ་རྩེ་བ་ན་བརྒྱ་བྱིན་དྲུག་གི་ཚེར་གྱུར་ཏོ། །སླར་ཡང་རྒྱལ་ཕྲན་གྱི་ཚུལ་གྱིས་འཛམ་བུའི་གླིང་ལ་དབང་བྱེད་པ་ན་བརྒྱ་བྱིན་དྲུག་གི་ཚེར་གྱུར་ལ། དེའི་ཚེ་གསོ་སྦྱོང་འཕགས་ན་བས་རྩ་བ་དང་འབྲས་བུ་སོགས་ཀྱིས་བསྐྱེད་ཀྱང་མ་ཕན་ཏེ། བསོ་སྦྱོང་འཕགས་ཀྱིས་ང་ལས་ནུ་ཡུལ་བཞན་དུ་སོང་བ་བོས་རྒྱལ་སྲིད་ལ་དབང་བསྐུར་ཅིག་ཞེས་ཕོ་ཉ་མངགས་པ་ལ་འོངས་པ་ན། ལམ་བར་དུ་བསོ་སྦྱོང་འཕགས་འདས་པ་ཐོས་ཏེ། ང་རྒྱལ་སྲིད་

35a

༄༅།        །ཐོབ་ན་དབང་བསྐུར་བའི་ཆས་དག་འདིར་འོང་བ་རིགས་སོ་སྙམ་མོ། །དེའི་ཚེ་གནོད་སྦྱིན་ལྷ་གནས་ཀྱིས་སེང་གེའི་ཁྲི་དང་། གཞན་རྣམས་ཀྱིས་གདུགས་དང་། ཅོད་པན་དབུ་རྒྱན་ཁྱེར་ནས་དེ་ཉིད་དུ་ལྷགས་པར་གྱུར་པ་ན་ཡང་ཁོ་བོས་ཆོས་བཞིན་དུ་ཆོས་ཀྱི་རྒྱལ་སྲིད་ལ་དབང་བསྐུར་བར་གྱུར་ན། ལྷ་དག་གིས་དབང་བསྐུར་བའི་ཆས་དག་ཅིའི་ཕྱིར་མི་འབྱུང་བསམ་པ་ལ། ལྷ་དག་གིས་དབུ་རྒྱན་དང་ཅོད་པན་གྱིས་དབང་བསྐུར་ཞིང་། རྒྱལ་སྲིད་ཀྱི་རིན་པོ་ཆེ་སྣ་བདུན་ཉེ་བའི་རིན་ཆེན་བདུན་བྱུང་ཞིང་དབང་བསྐུར་རོ། །གཞན་ཡང་ཕ་རོལ་གྱི་སྡེ་འཇོམས་པའི་བུ་སྟོང་དུ་ཚང་བ་བྱུང་ནས་ཆོས་བཞིན་དུ་བྱེད་པའི་རྒྱལ་སྲིད་ལ་དབང་བྱས་སོ། །དེ་ཡང་རིན་པོ་ཆེ་བདུན་ཕྲག་གསུམ་དང་ལྡན་ཏེ། དེའི་ཚུལ་ནི་དྲན་པ་ཉེར་བཞག་དུ། དེ་དག་ཐམས་ཅད་བསོད་ནམས་ཀྱི་མཐུ་ལས་གྲུབ་པ་སྟེ། འཁོར་ལོ་ནི་བཟོས་པ་མ་ཡིན་པ་གསེར་གྱི་རང་བཞིན་དཔག་ཚད་ལྔ་བརྒྱ་པ་རྩིབས་སྟོང་དང་ལྡན་ཞིང་མཛེས་པ། ནམ་མཁའ་ལ་དཔག་ཚད་འབུམ་དུ་ཉི་མ་གཅིག་གིས་འགྲོ་བའོ། །བརྒྱད་སྟོང་པའི་འགྲེལ་པ་ཡན་གི་བཤད་པ་ལས། འཁོར་ལོ་དེ་ཡང་སྐྱེས་བུས་མ་བྱས་པ་རྩིབས་སྟོང་པ་ལྟེ་བ་དང་བཅས་པའོ། །འཁོར་ལོ་བསྒྱུར་བ་སྐྱེ་བ་མེད་པ་ལ་ཆོས་བཤད་པས་ལྷའི་མདུན་པ་ལ་སྤྱད་པ་ཡོད་དོ། །གང་གི་ཚེ་འཁོར་ལོ་བསྒྱུར་བ་འཛམ་བུ་གླིང་དུ་སྐྱེ་ན་དེའི་ཚེ་ལེགས་པར་ཁྲུས་བྱས་དང་། བསྙེན་གནས་བསྲུང་བའི་མདུན་དུ་ཆོས་བཟངས་ནས་འོངས་ཏེ་ནམ་མཁའ་ལ་གནས་པར་འགྱུར་རོ། །ཞེས་གསུངས་སོ། །ནོར་བུ་ནི་མི་ཆེན་པོའི་བརླ་ཙམ་ཟུར་བརྒྱད་པ། དཔག་ཚད་བརྒྱར་འོད་འབྱུང་བ། ཅི་བསམ་པ་སྟེར་ཞིང་དཔག་ཚད་

35b

བརྒྱའི་བར་དུ་ནད་སེལ་བ། མི་རྣམས་དུས་མིན་དུ་མི་འཆི་ལ་གཞན་གང་གིས་ཀྱང་མི་གནོད་པའོ། །བཙུན་མོ་ནི་ཁ་ལ་ཨུད་དཔལ་ལའི་དྲི་དང་། རེག་ན་ཉོན་མོངས་པ་མེད་སྟེ། བཀྲེས་སྐོམ་དང་མྱ་ངན་སེལ་བའོ། །བློན་པོ་ནི་བྱ་བ་མཐའ་དག་མ་བསླབས་ཀྱང་ཤེས། ཉོན་མོངས་མེད་ཅིང་མི་དགེ་བ་སྤངས་པ། སེམས་ཅན་ཀུན་ལ་བྱམས་ཤིང་ཕན་པ་ཁོ་ན་བསྒྲུབ་པའོ། །གླང་པོ་ཆེ་ནི་ཤིན་ཏུ་དུལ་ཤིང་གཞོན་པ། ཉིན་གཅིག་ལ་འཛམ་བུའི་གླིང་ལན་གསུམ་འཁོར་བ། ཆུ་དང་། སྐམ་དང་། བར་སྣང་དུ་གཡུལ་འགྱེད་པའི་ཐབས་ལ་དཔའ་བ། གླང་པོ་ཆེ་སྟོང་གི་སྟོབས་དང་ལྡན་པའོ། །(མངོན་འབྱུང་ལས)རྟ་མཆོག་ནི། རྨ་བྱའི་མགྲིན་པའམ། (དྲན་ཉེར་ལས)ཀུ་མུ་ཏ་དང་དུང་ལྟར་དཀར་ཞིང་ཅང་ཤེས་པ། འཛམ་བུའི་གླིང་ཡུད་ཀྱིས་བགྲོད་པའོ། །སའི་འགྲེལ་པར། རྟའི་རྒྱལ་པོ་སྤྲིན་ཤུགས་ཀྱི་བུ་ཐ་ཆུང་། ལུས་སྔོ་ལ་མགོ་གནག་པ་ཞེས་ཀྱང་ངོ་། །གདགས་པར་བན་གླང་སྤྱོད་ཀྱི་གླིང་ཕྲན་ཁམ་བུ་ཅན་ན། རྟའི་རྒྱལ་པོ་སྟོང་གིས་ཡོངས་སུ་བསྐོར་བ་ཡོད་དེ་བརྒྱ་བྱིན་གྱི་རྟའོ། །ཅེས་སོ། །ཁྱིམ་བདག་ནི་བང་མཛོད་མཐའ་དག་གསེར་དངུལ་གྱིས་འགྱེངས་ཞིང་རྒྱལ་པོའི་བཀའ་ཉན། འགྲོ་བ་

36a

༄༅།        །དུ་མ་བསྡུད་ལ་ཕལ་ཆེར་འཇོམས་པར་བྱེད་པ་ལ་དཔའ་བའོ། །རྒྱལ་པོ་སྲས་སུ། མཛོད་ཀྱི་སྤྱན་དང་། བློན་པོ་ནི། དཔུང་གི་སྤྱན་ལྟ་བུ་ཅེས་གསུངས། ཉེ་བའི་རིན་ཆེན་བདུན་ལ། རལ་གྲི་ནི་རྒྱལ་པོ་གང་འགལ་བ་དེར་སོང་སྟེ། མ་བཏབ་ཀྱང་ཀུན་གྱིས་འདུད་པའོ། །ལྤགས་པ་ནི་མཆུར་དཔག་ཚད་བཅུ། ཞེང་དུ་དཔག་ཚད་བཅུ་གཉིས། སྔར་ཆར་གྱིས་མི་བརླན། རླུང་གིས་མི་བསྐྱོད། གྲང་ན་གྲོ་ཚ་ན་བསིལ་ཏེ། ཉི་ཟླའི་འོད་སྣང་བ་ཞིག་ཀླུའི་ལྤགས་པ་རྒྱ་མཚོ་ནས་བྱུང་བའོ། །ཁང་པ་ནི་ཆུར་དཔག་ཚད་བཅུ། ཞེང་དུ་བདུན། རིན་པོ་ཆེ་དང་ཟླ་བ་རྒྱུ་སྐར་བལྟ་བར་འདོད་ན་ཁང་པ་དེར་འོང་ལ། རྨི་ལམ་དགེ་བ་མཐོང་ཞིང་ལྷ་མོ་རྣམས་ཀྱིས་རོལ་མོའི་རྩེ་དགའ་བྱེད་པ་ཅན་ནོ། །གོས་ནི་འཇམ་ལ་དྲི་མ་མེད། གྱོན་ན་ཚ་གྲང་། བཀྲེས་སྐོམ། ངལ་དུབ་སེལ་ཞིང་དེ་དག་གི་གནོད་པས་མི་ཚུགས་ལ། མེས་མི་ཚིག །མཚོན་གྱིས་མི་ཆོད་པའོ། །ཚལ་ནི་རྒྱལ་པོ་དེར་ཕྱིན་པ་ན། ཚལ་གྱི་མཐུས་ལྷའི་བུ་མོ་དང་བྱ་ལ་སོགས་པ་དེར་འོངས་སྟེ། འདོད་ཡོན་ལ་རྩེ་དགའ་ཞིང་སྤྱོད་པའོ། །མལ་ཆ་ནི། བློ་གསལ་བ། ཀུན་ནས་ཉོན་མོངས་པ་མི་སྐྱེད་ཅིང་། བསམ་གཏན་བྱེད་པ་ན་རྣམ་པར་གྲོལ་བའོ། །ལྷམ་ནི་གྱོན་ན་ཆུར་མི་འབྱིང་། ཡུད་ཙམ་གྱིས་དཔག་ཚད་བརྒྱར་འགྲོ་ནུས་ལ། ངལ་དུབ་མེད་པའོ། །གཞན་ཡང་གསེར་དངུལ་

36b

བཻ་ཌུཪྻ། མན་ཤེལ། སྤུག །རྡོ་རྗེ་ཕ་ལམ། མུ་ཏིག་དམར་པོ་སྟེ་རིན་པོ་ཆེ་བདུན་དང་ལྡན་པའོ། །རྒྱལ་པོ་ང་ལས་ནུ་དེས། དུས་རེ་ཤིག་ནས་རྒྱལ་པོས་ལྗོངས་རྒྱུས་པས། སྲིད་ཀྱི་མི་རྣམས་ཞིང་ལས་ཀྱི་ཐ་འགྱེད་པ་མཐོང་སྟེ། འདི་ཅི་ཞིག །སྨྲས་པ། ལྷ། སྨན་དུ་འགྱུར་བའི་ལོ་ཏོག་དཀྲུན་ཏོ། །རྒྱལ་པོའི་བསམས་པ། ས་བོན་གྱི་རིགས་ཉི་ཤུ་རྩ་བདུན་གྱི་ཆར་ཕོབ་ཅིག་སྙམ་མ་ཐག་ཏུ། ལྷས་ཆར་ཕབ་པོ། །ཡང་རས་བལ་དང་། རས་སྐུད་དང་། ཕོ་བྲང་གི་ནང་དུ་རིན་པོ་ཆེའི་ཆར་ཕབ་པོ། །དེ་ལྟར་རྒྱལ་སྲིད་ལ་དབང་བསྒྱུར་བའི་དུས་རྒྱ་བྱིན་དྲུག་གི་ཚེ་ཐུབ་པོ། །དེ་ནས་རྒྱལ་པོས་མདུན་ནས་འདོན་ལ་བཀའ་སྩལ་པ། ངའི་བཀའ་འོག་ཏུ་མ་ཆུད་པའི་གླིང་གཞན་ཡོད་དམ། གསོལ་པ། ཤར་གྱི་ལུས་འཕགས་སོ། །དེའི་ཚེ་དཔུང་གི་ཚོགས་བྱེ་བ་ཕྲག་བརྒྱད་འབུམ། བུ་སྟོང་། རིན་པོ་ཆེ་སྣ་བདུན་དང་ཆས་སྟེ། སྲས་མཛེས་པ་རྒྱལ་སྲིད་ལ་བཞག་ནས། ཤར་གྱི་ལུས་འཕགས་གླིང་དུ་སོང་ངོ་། །དེར་གནས་པ་ནི་བརྒྱ་བྱིན་དྲུག་གི་ཚེ་འཕོས་སོ། །ཡང་བན་གླང་སྤྱོད་དུ་སོང་སྟེ། གླིང་དེར་རྗེས་སུ་སྟོན་པ་ལ་བརྒྱ་བྱིན་དྲུག་འཕོས་སོ། །སླར་བྱང་སྒྲ་མི་སྙན་དུ་སོང་

37a

༄༅།        །སྟེ། གླིང་དེའི་དཔལ་དང་འབྱོར་པ་དང་། ཕུན་སུམ་ཚོགས་པ་མཐའ་དག་ལ་ལོངས་སྤྱོད་ཅིང་། རྗེས་སུ་སྟོན་པའི་བར་ལ་བརྒྱ་བྱིན་དྲུག་འདས་སོ། །དེ་ནས་ནམ་མཁའ་ལ་འཕགས་སྟེ། གསེར་རི་མུ་ཁྱུད་འཛིན་ལ་གནས་པ་ན་བརྒྱ་བྱིན་དྲུག་དང་། རྣམ་པར་འདུད་ལ་འདུག་ནས་བརྒྱ་བྱིན་དྲུག །རྟ་རྣ་ལ་འདུག་ནས་བརྒྱ་བྱིན་དྲུག །བལྟ་ན་སྡུག་ལ་འདུག་ནས་བརྒྱ་བྱིན་དྲུག །སེང་ལྡེང་ཅན་ལ་གནས་པ་བརྒྱ་བྱིན་དྲུག །གཤོལ་གདའ་འཛིན་ལ་འདུག་པ་བརྒྱ་བྱིན་དྲུག་དང་། གཉའ་ཤིང་འཛིན་ལ་བརྒྱ་བྱིན་དྲུག་རྣམས་གནས་སོ། །ཡང་ནམ་མཁའ་ལ་འཕགས་སྟེ། རི་རབ་ལ་དཔག་ཚད་འབུམ་དྲུག་ཁྲི་ཡོད་པའི། བརྒྱད་ཁྲི་ཆུར་གནས། བརྒྱད་ཁྲི་སྟེང་དུ་འཕགས་ཤིང་། ངོས་རེ་རེར་དཔག་ཚད་བརྒྱད་ཁྲི་བརྒྱད་ཁྲི་ཡོད་པའི་ཆུ་འཚམས་ཀྱི་ཀླུ་རྣམས་ཀྱིས་འཐབ་པས། འདི་རྣམས་ཁོ་བོའི་མདུན་ནས་སོང་ཞིག་སྨྲས་པས། མདུན་ནས་རྒྱུག་པར་བྱེད་དོ། །རིམ་གྱིས་གཞོང་ཐོགས་དང་ཕྲེང་ཐོགས་རྟག་མྱོས་ཀྱི་ལྷ་རྣམས་ཀྱི་བར་ཐབ་པར་བརྩམས་པས་ན། མདུན་ནས་སོང་ཞིག་ཅེས་ཚིག་གི་མདས་འཕངས་སྟེ། མདུན་ནས་འགྲོ་བར་བྱེད་དོ། །

37b

རྒྱལ་ཆེན་རིགས་བཞི་བསམས་པ། འདི་ནི་མིའི་རྒྱལ་པོ་མཐུ་ཆེ་བ་སྟེ། འཐབ་པར་མི་ནུས་ཀྱིས་སུམ་བཅུ་རྩ་གསུམ་པ་རྣམས་ལ་སྦྲན་ནོ་སྙམ་སྟེ། འོང་ནས་སྨྲས་པ། འདིར་མིའི་རྒྱལ་པོ་ང་ལས་ནུ་འོངས་སོ་ཞེས་སྨྲས་པ་དང་། སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱིས་མཆོད་ཡོན་ལ་སོགས་པའི་ཆས་དུ་མ་དང་བཅས་སྟེ། བསུས་ནས་རི་རབ་ཀྱི་རྩེ་ལ་འཛེགས་པས་ན། ཚལ་སྔོ་ཞིང་སྔོ་བ། དབྱར་གྱི་སྤྲིན་སྤུངས་ལྟ་བུ་མཐོང་ཏེ། ཕ་གི་ཅི་ཞིག །གནོད་སྦྱིན་ལྷ་གནས་ཀྱིས་སྨྲས་པ། ཡོངས་འདུ་ས་རྟོལ་ཞེས་བགྱིའོ། །ལྷ་རྣམས་དབྱར་ཟླ་བ་བཞི་ལྷའི་འདོད་ཡོན་ལ་དགའ་བར་བྱེད་པའི་གནས་སོ། །ཡང་ལྷུན་པོའི་རྩེ་ན་སྟོན་ཀའི་སྤྲིན་སྤྲུངས་ལྟ་བུ་དཀར་བ་མཐོང་ནས། ཅི་ཞིག །གསོལ་པ། ལྷ། ལྷ་རྣམས་ཀྱི་མདུན་ས་ཆོས་བཟང་ལགས་སོ། །ཡང་རིམས་ཀྱིས་ལྷ་རྣམས་ཀྱི་གྲོང་ཁྱེར་བལྟ་ན་སྡུག་ཅེས་བྱ་བ་འཁོར་ཡུག་ཏུ་དཔག་ཚད་ཁྲི་ཡོད་པ། གསེར་གྱི་ར་བ་རིམ་བདུན། གྲོང་ཁྱེར་ལ་སྒོ་དགུ་བརྒྱ་དགུ་བཅུ་རྩ་དགུ། སྒོ་བསྲུངས་དང་བཅས་པ་མཐོང་སྟེ། ཕྱིན་པས་ལྷ་རྣམས་ཀྱིས་བསུས་ནས། ཆོས་བཟང་གི་མདུན་

38a

༄༅།        །སར་ཉེ་དབང་སུམ་བཅུ་རྩ་གཉིས་བརྒྱ་བྱིན་དང་། ང་ལ་ནུའི་ཁྲི་བཤམས་པ་ལས་རིམས་གྱིས་ནང་དུ་འོངས་པ་ན། ང་ལས་ནུའི་བསམ་པར། གདན་ཐམས་ཅད་ཀྱི་ཐ་མ་ནི་ཁོ་བོའི་ཡིན་པར་གོར་མ་ཆག་སྟེ། ཀྱེ་མ་ཧོ། ལྷའི་དབང་པོ་འདི་ཉིད་ཀྱི་སྟན་གྱི་ཕྱེད་བསྟབས་ན་ཅི་མ་རུང་སྙམ་དུ་སེམས་བསྐྱེད་མ་ཐག་ཏུ། བརྒྱ་བྱིན་གྱི་སྟན་གྱི་ཕྱེད་བསྟབས་ཏེ་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་ནང་དུ་འདུག་པ་ལ་ནི། བརྒྱ་བྱིན་སུམ་བཅུ་རྩ་དྲུག་གི་ཚེ་ལོན་ཏོ། །དེའི་ཚེ་རྒྱལ་པོ་ང་ལས་ནུ་ནི་ཤཱཀྱ་ཐུབ་པ་ང་ཉིད་ཡིན་ལ། བརྒྱ་བྱིན་དེ་ནི་འོད་བསྲུངས་ཉིད་ཡིན་ནོ། །དེ་ལྟར་རྒྱལ་པོ་ང་ལས་ནུས་ནི་བརྒྱ་བྱིན་བརྒྱ་དང་བཅུ་བཞིའི་བར་གྱི་ཚེ་ལོན་ཏེ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཚེ་ཚད་ནི། མིའི་ལོ་བརྒྱ་གང་ཡིན་པ་དེ་ནི་སུམ་བཅུ་རྩ་གསུམ་པའི་ཉིན་ཞག་གཅིག་གོ། །དེ་སུམ་བཅུ་ལ་ཟླ་བ་གཅིག་གོ། །དེ་བཅུ་གཉིས་ལ་ལོ་གཅིག་ཏུ་བརྩིས་པའི་ལོ་སྟོང་ནི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཚེ་ཚད་ཡིན་ནོ། །དེ་ལ་མིའི་ལོར་བགྲངས་ན། ལོ་བྱེ་བ་ཕྲག་གསུམ་དང་། དྲུག་འབུམ་ཡོད་དོ། །ང་ལས་ནུ་འཛམ་བུའི་གླིང་དུ་རྒྱལ་སྲིད་བྱེད་པ་དེའི་ཚེ་མི་རྣམས་

38b

རང་གི་ཡིད་ལ་སེམས་པར་བྱེད། འཇལ་བར་བྱེད། ཉེ་བར་རྟོག་པར་བྱེད་ཏེ། བསམས། གཞལ། བརྟགས་ནས་བཟོའི་གནས་དང་། ལས་ཀྱི་གནས་མཐའ་དག་བྱེད་དུ་འཇུག་པས། མི་རྣམས་ནི་ཡིད་ལས་སྐྱེས། ཡིད་ལས་སྐྱེས་ཞེས་གྲགས་སོ། །རྒྱལ་པོ་འདི་དྲུག་པོའི་དུས་སུ་ནི་ཚེའི་ཚད་མེད་ཅིང་། ཚེ་ལོ་དཔག་ཏུ་མེད་པ་ཐུབ་པ་ཡིན་ནོ། །གྲགས་པ་མཐའ་ཡས་ཀྱི་ཚེ། འཛམ་བུའི་གླིང་འདི་དཔག་ཚད་ཁྲི་བརྒྱད་སྟོང་ཡོད་པ། གྲོང་ཁྱེར་བྱེ་བ་དྲུག་བཅུ་ཕོ་བྲང་ནི་རིན་པོ་ཆེས་རབ་ཏུ་བརྒྱན་པ། མཆུ་དང་ཞེང་དུ་དཔག་ཚད་བཅུ་གཉིས་བཅུ་གཉིས་ཡོད་པ། ཤིང་ཏ་ལའི་ཕྲེང་བས་རིམ་པ་བདུན་དུ་བསྐོར་བ་དེ་དག་ཀྱང་རིན་པོ་ཆེའི་རང་བཞིན་གྱི་བསྐྱེད་མོས་ཚལ་རྣམ་པར་བཀྲ་བ། བལྟ་ན་སྡུག་པ། བདག་གིར་བཟུང་བ་མེད་པ། བརྒྱད་ཁྲིས་བརྒྱན་པ་ཅེས་སོགས་བཤད་དོ། །སླར་ཡང་། གྲགས་པ་མཐའ་ཡས་དེ་འཛམ་བུའི་གླིང་དུ་བྱུང་བའི་དུས། ཕོ་བྲང་རིན་པོ་ཆེས་རབ་ཏུ་བརྒྱན་པ་ན་རྒྱལ་ཚབ་ནི་རྒྱལ་པོ་དགའ་བྱེད་ཅེས་བྱ་བས། འཛིན་ཅིང་ཆོས་བཞིན་དུ་སྐྱོང་བར་བྱེད་དོ་ཞེས་སྭོ། ། ང་ལས་ནུ་དང་གྲགས་པ་མཐའ་ཡས་གཉིས་སོ་སོར། ལུང་དང་། ཡབ་སྲས་མཇལ་བར་

39a

༄༅།        །བཤད་དོ། །ཡང་མཛོད་ལས། སེམས་ཅན་ཚུར་ཤོག་རྨེ་བ་ཅན། །སྤྲིན་མགྲིན་དང་ནི་དེ་བཞིན་དུ། །ཏ་ལའི་རྐང་དང་ཡིད་ལས་སྐྱེས། །སྔོན་གྱི་དེ་དྲུག་བསྡུས་པ་ཡིན། །ཅེས་སོ། །