ཉི་མའི་རིགས་ཀྱི་རྒྱལ་རབས།
གཉིས་པ། མང་པོས་བཀུར་བ་ནས་ཤཱཀྱའི་རིགས་རྒྱུད་རྒྱ་བོད་རྣམས་སུ་ལེགས་པར་བྱུང་བ་ཚུལ་བརྗོད་པ།
Previous Chapter
Next Chapter

(གཉིས་པ། མང་པོས་བཀུར་བ་ནས་ཤཱཀྱའི་རིགས་རྒྱུད་རྒྱ་བོད་རྣམས་སུ་ལེགས་པར་བྱུང་བ་ཚུལ་བརྗོད་པ།)

ད་ནི་འཁོར་ལོས་བསྒྱུར་བ་སྤྱི་དང་བྱེ་བྲག་གི་རྣམ་པར་བཞག་པ་བསྟན་པར་བྱ་སྟེ། དེ་ཡང་ཕལ་ཆེན་ལས། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རིན་ཆེན་མང་ཞེས་བྱ་བ། སངས་རྒྱས་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཞལ་ལ་བལྟ་བའི་ཕྱིར་འོང་བར་ཆས་པ་ན། འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་བཅུའི་གྲངས་དང་མཉམ་པའི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། དེ་རེ་རེ་ཡང་ཞིང་ཁམས་རི་རབ་ཀྱི་རྒྱ་མཚོའི་རྡུལ་ཕྲན་སྙེད་ཀྱི་གྲངས་ཀྱི་འཁོར་ལོ་བསྒྱུར་བ་དང་། དེ་རེ་རེ་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བརྒྱ་མཚོའི་རྡུལ་བཅུའི་གྲངས་སྙེད་ཀྱི་འཁོར་ལོ་བསྒྱུར་བའི་རྒྱལ་པོ་དང་། དེ་རེ་རེ་ཡང་སྟོང་གཉིས་བར་མའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་སྙེད་ཀྱི་གྲངས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། དེ་རེ་རེ་ཡང་སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཕྲ་བ་སྙེད་ཀྱི་གྲངས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། དེ་རེ་རེ་ཡང་གླིང་བཞི་པའི་འཇིག་རྟེན་གྱི་ཁམས་ཀྱི་རྒྱ་མཚོའི་རྡུལ་ཕྲ་བ་སྙེད་ཀྱི་གྲངས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། དེ་རེ་རེ་ཡང་གླིང་གསུམ་པ་དང་། གཉིས་

39b

པ་དང་། གླིང་གཅིག་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་གྱི་གྲངས་སྙེད་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་། དེ་རེ་རེ་ཡང་ཁམས་ཀྱི་རྒྱལ་པོའི་རྒྱ་མཚོའི་རྡུལ་ཕྲ་བ་སྙེད་ཀྱི་འཁོར་གྱིས་བསྐོར་ནས་འོངས་སོ་ཞེས། འཁོར་ལོས་བསྒྱུར་བའི་རྒྱལ་པོའི་རྣམ་གྲངས། རྣམ་པར་བཞག་པ་གསུངས་མོད། ད་ལྟ་འདིར་སྐབས་སུ་བབ་པ་ནི། རྒྱལ་པོ་ང་ལ་ནུ་ལྟ་བུ་གླིང་བཞི་དང་སུམ་བཅུ་རྩ་གསུམ་དུ་བརྒྱ་བྱིན་གྱི་སྟན་ཕྱེད་ལ་དབང་བྱས་པ་ཡིན་ཅིང་། གཞན་འཁོར་ལོས་བསྒྱུར་བ་བཞི་ལ་སོགས་པའི་རྒྱལ་པོ་ཇི་ལྟར་བྱུང་བའི་ཚུལ་ནི། ང་ལས་ནུའི་བརླ་གཡས་པར་ཤ་རྨེན་འཇམ་པོ་གཅིག་བྱུང་ནས་སྨིན་པ་རྡོལ་བ་ལ་ཁྱེའུ་མཛེས་པ་མཚན་བཟང་པོ་དང་ལྡན་པ་གཅིག་བྱུང་ཏེ། མིང་མཛེས་པ་ཞེས་བཏགས་སོ། །གཞོན་ནུ་དེ་མཐུ་ཆེ་ཞིང་རྫུ་འཕྲུལ་ཆེ་བ་ཡིན་པས་དེ་ནི་གླིང་བཞི་ལ་དབང་བྱེད་པའི་འཁོར་ལོས་བསྒྱུར་བ་ཡིན་ཡིན་ནོ། །མཛེས་པའི་བརླ་གཡོན་པ་ལས་སྔ་མ་ལྟ་བུའི་ཤ་རྨེན་བྱུང་བ་སྨིན་ནས་རྡོལ་བས་བཞོན་ནུ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་གཅིག་བྱུང་བ་ལ། མིང་ཉེ་མཛེས་ཞེས་པར་བཏགས་ཏེ་གླིང་གསུམ་ལ་དབང་བྱེད་དོ། །ཉེ་མཛེས་ཀྱི་

40a

༄༅།        །རྐང་པ་གཡས་པར་ཤ་སྨེན་གཅིག་བྱུང་བ་སྨིན་ཅིང་རྡོལ་བ་ལས། ཁྱེའུ་མཛེས་པ་མཚན་དང་ལྡན་པ་གཅིག་བྱུང་བའི་མིང་མཛེས་ལྡན་ཞེས་བྱ་སྟེ། དེ་ནི་མཐུ་དང་རྫུ་འཕྲུལ་ཆེ་བས། གླིང་གཉིས་ཀྱི་རྒྱལ་སྲིད་ལ་དབང་བསྒྱུར་རོ། །མཛེས་ལྡན་གྱི་རྐང་པ་གཡོན་པ་ལ་ཤ་སྨེན་འཇམ་པ་སོགས་དང་ལྡན་པ་རྡོལ་བས་ཁྱེའུ་མཛེས་ཤིང་མཚན་དང་ལྡན་པ་གཅིག་བྱུང་བས། མིང་ཉེ་མཛེས་ལྡན་ཞེས་བཏགས་སོ། །དེ་ཡང་གླིང་གཅིག་པའི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དེ། རྒྱལ་པོ་འདི་བཞི་ནི་ཚེ་ལོ་བརྒྱད་ཁྲི་ལས་འཆི་བར་མི་འབྱུང་ཏེ། མཛོད་ལས། འཁོར་ལོས་བསྒྱུར་བ་འབྱུང་བ་ནི། །སྟོང་ཕྲག་བརྒྱད་ཅུ་ལས་མི་འཆི། །ཞེས་བཤད་ལ། འཁོར་ལོས་བསྒྱུར་བ་ཐམས་ཅད་རྒྱལ་ཐབས་ནི། སེམས་ཅན་ལ་ཧ་ཅང་ཡང་ཉམས་འཐག་ཅིང་ཡིད་སྐྱོ་བའི་ཁྲིམས་སུ་བཅའ་བ་ནི་མེད་ཅིང་། དབང་དུ་བྱ་བ་ཡང་། མཛོད་ལས། གསེར་དངུལ་ཟངས་ལྕགས་འཁོར་ལོ་ཅན། །དེ་དག་གླིང་གཅིག་གླིང་གཉིས་དང་། །གསུམ་དང་བཞི་ལ་མས་རིམ་བཞིན། །ཕས་བསུ་རང་འགྲོ་གཡུལ་བཤམས་དང་། །མཚོན་བརྩམས་པས་རྒྱལ་གནོད་པ་མེད། །ཞེས་གསུངས་

40b

པས། གསེར་གྱི་འཁོར་ལོས་བསྒྱུར་བ་ནི། གླིང་བ་གཞན་རྣམས་ཀྱི་རྒྱལ་པོ་དང་། སྣ་བོས་ངང་གིས་འདུད་པར་བྱེད་ཅིང་། དེ་ཙམ་གྱིས་འབངས་སུ་ཁས་བླངས་ནས། བཀའ་བཞིན་སྒྲུབ་པར་བྱེད་དོ། །དངུལ་གྱིས་འཁོར་ལོས་བསྒྱུར་བ་ནི། གླིང་གཞན་རྣམས་ཀྱི་རྒྱལ་དེ་དང་དེར་དཔུང་གི་ཚོགས་དང་བཅས་ནས་འགྲོ་བར་བྱེད་དེ། དེ་ཙམ་གྱིས་ཕ་རོལ་ཀྱི་འདུད་ཅིང་བཀའ་བཞིན་སྒྲུབ་ལ། བྱང་སྒྲ་མི་སྙན་མ་གཏོགས་གླིང་གསུམ་ལ་དབང་བྱེད་པ་ཡིན་ནོ། །ཟངས་ཀྱི་འཁོར་ལོས་བསྒྱུར་བ་ནི། གླིང་དེ་དག་ཏུ་རང་ཉིད་རྒྱལ་བར་བྱ་བའི་ཕྱིར་གཡུལ་གཤོམ་པར་བྱེད་དེ། དེ་ཙམ་གྱིས་རྒྱལ་ཞིང་གུས་པར་བཏུད་ནས་བན་ལང་སྤྱོད་མ་གཏོགས་གླིང་གཉིས་ལ་དབང་བསྒྱུར་བ་ཡིན་ནོ། །ལྕགས་ཀྱི་འཁོར་ལོས་བསྒྱུར་བ་ནི། གླང་པོ་ཆེ་དང་། ཤིང་རྟ་དང་། རྟ་དང་། དཔུང་བུ་ཆུང་སྟེ། དཔུང་ཚོགས་ཡན་ལག་བཞི་ཀ་ཡང་། གོ་མཚོན་དགོས་ནས་གཡུལ་དུ་མཚོན་བརྩམ་དགོས་ལ། དེ་ཙམ་གྱིས་རྒྱལ་ཞིང་རྒོལ་བ་ཐམས་ཅད་ཀྱིས་འདུད་པར་བྱེད་བཀའ་བཞིན་སྒྲུབ་པས་ན། ལུས་འཕགས་པོ་མ་གཏོགས་གླིང་གཅིག་ཁོ་ན་ལ་དབང་བསྒྱུར་བར་བྱེད་དོ། །མཛོད་ལས། ལྷན་ཅིག་གཉིས་མིན་སངས་རྒྱས་བཞིན། །

41a

༄༅།        །ཞེས་པས། འཁོར་ལོས་བསྒྱུར་བ་གཉིས་དུས་གཅིག་ཏུ་མི་འབྱུང་སྟེ། འགྲན་ཟླ་མེད་པའི་བསོད་ནམས་དང་ལས་ཕུན་སུམ་ཚོགས་པ་ཡིན་པའི་ཕྱིར་རོ། །རྒྱལ་པོ་དེ་དག་ཀྱང་ཆོས་བཞིན་དུ་སྤྱོད་པས་གནོད་པ་མེད་ཅིང་སྐྱེ་དགུ་ཐམས་ཅད་སྐལ་པ་བཟང་པོ་དང་ལྡན་པས་ངང་གིས་དགེ་བ་ལ་སྤྱོད་པའི་རིག་པ་དང་བྱ་བ་མ་ཡིན་པ་ཆེན་པོ་ལ་མི་འཇུག་པས། ཕན་ཚུན་དུ་ལུས་སྲོག་ལ་གནོད་པའི་ལས་དང་། གཙུག་ལག་ལ་བརྟེན་པའི་ཁྲིམས་སུ་བཅའ་བ་ནི་མི་དགོས་པ་ཡིན། རྒྱལ་པོ་འདི་ལྔ་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྡེ་ལྔ་ཞེས་བྱ་བ་ཡིན་ནོ། །དེ་རྣམས་ཀྱི་དུས་ནི་བསྐལ་པ་རྫོགས་ལྡན་ཡིན་ནོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཉེ་མཛེས་ལྡན་གྱི་སྲས་ནི། བཟང་པོ་ཡིན་ཏེ། འཇིག་རྟེན་བཞག་པར་འདི་ཕྱིན་ཆད་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རྣམས་ནི་གླིང་གཅིག་ལ་དབང་བྱེད་པ་ཤ་སྟག་གོ། །ཅེས་གསུངས་སོ། །དེ་ནས་སེམས་ཅན་རྣམས་ཉོན་མོངས་པ་ལ་དགའ་ཞིང་སྤྱོད་པ་རྩུབ་པ་ཤས་ཆེ་བར་གྱུར་ཏེ། བྱས་པ་མི་ཤེས་པ་དང་། དྲིན་དུ་མི་གཟོ་བ་མང་། གཞན་ལ་གནོད་པ་དང་གཡོ་རྒྱུའི་སྤྱོད་པ་འཕེལ་བས་བཟང་པོའི་སྐལ་པ་ཤས་ཆུང་ཞིང་ལེགས་པར་སྤྱོད་དུ་མི་

41b

རུང་བའི་ཕྱིར་འཁོར་ལོས་བསྒྱུར་བ་རྣམས་སྤོབས་པ་བྲི་བར་གྱུར་ཏེ་མི་འབྱུང་ཞིང་སྟོབས་ཀྱིས་འཁོར་ལོས་བསྒྱུར་བ་ལ་སོགས་པ་རིམ་ཀྱིས་བྱུང་བ་ཡིན་ནོ། །འདི་དག་གི་རྒྱལ་ཐབས་དང་ཁྲིམས་ཀྱི་བཅའ་བ་ནི་གཙུག་ལག་ལ་རྟེན་དགོས་ཏེ། དེ་ཡང་དགེ་སྦྱོང་དང་དྲང་སྲོང་དག་གིས་གནོད་བཅུད་ཀྱི་སྐྱེ་དགུ་ཇི་ལྟར་རིགས་པས་སྐྱོང་བའི་གཙུག་ལག་འདི་ལྟར་བྱས་ན། བདག་གཞན་གཉིས་ཀ་དགེ་ལེགས་སུ་འགྱུར་ལ། འདི་ལྟར་མ་བྱས་ན། མི་རིགས་ཤིང་བདག་གཞན་གཉིས་ཀ་དགེ་ལེགས་སུ་མི་འགྱུར་ཞེས་འཇིག་རྟེན་གྱི་ལུགས་དང་འཐུན་ཞིང་འཚམ་པར་བྱས་ཏེ། རྒྱལ་པོ་རྣམས་ཀྱང་དེ་དག་ལས་དེ་དག་ཉན་ཅིང་རྟོགས་པར་བྱས་ནས་རང་རང་གི་རྒྱལ་སྲིད་ལུགས་དང་འཐུན་པར་སྐྱོང་བ་ཡིན་ནོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཉེ་མཛེས་ལྡན་གྱི་སྲས་བཟང་པོ། བཟང་པོའི་སྲས་ལེགས་བཟང་དེའི་སྲས་བཏང་བའི་རྒྱུད་ལས་བཏང་བཟུང་། ཡན་ལག །ཡན་ལག་ཤིང་རྟ། ངན་སྤོང་། སྐལ་ལྡན་ཤིང་རྟ། རྒྱ་མཚོ། རྒྱ་མཚོའི་བུ། རྒྱ་མཚོ་ཆེན་པོ། ཤ་ཀུ་ནི་དང་། ཤ་ཀུ་ནི་ཆེན་པོ། ཀུ་ཤ་དང་། ཉེ་བའི་ཀུ་ཤ་དང་། ཀུ་ཤ་ཆེན་པོ་དང་། ལེགས་མཐོང་དང་། ལེགས་མཐོང་ཆེན་པོ་དང་། རབ་ཐོབ་དང་། རབ་ཐོབ་ཆེན་པོ།

42a

༄༅།        །ཐོབ་ཆེན་པོ། རབ་ཏུ་སྒྲ་གྲགས་དང་། རབ་ཏུ་སྒྲ་གྲགས་ཆེན་པོ། འོད་བྱེད། བརྟུལ་ཕོད། ལྷུན་པོ་ལྡན། ལྷུན་པོ་ཡོད། (འཇིག་རྟེན་བརྟན་བཞག་སོགས་སུ་འོད་ཟེར་ཅེས་པ་འདི་རྣམས་མེ་ལྕེ་དང་གསལ་བ་དང་། སྣང་བ་དང་། འབད་པ་ཅེས་པར་བསྒྱུར་འདུག་གོ། །)འོད་ཟེར། འོད་ཟེར་ལྡན། འོད་ཟེར་ཡོད་དང་། ཀུན་ནས(འདིའི་དུས་ཚེ་ལོ་བཞི་ཁྲི་པ་དེ་སངས་རྒྱས་འཁོར་བ་འཇིགས་བྱོན་ནོ།)འོད་ཟེར་ཏེ། དེ་ལྟར་ན་སུམ་བཅུ་ཐམ་པའོ། །ཀུན་ནས་འོད་ཟེར་གྱི་བུ་ཚའོ། །ཡང་ཚ་བུ་ཚའི་རྒྱུད་རྒྱལ་པོ་བརྒྱ་ཐམ་པ་ཡུལ་གྲུ་འཛིན་དུ་བྱུང་པའི་ཐ་མ་ནི་རྒྱལ་པོ་དགྲ་འདུལ་ཏེ། དགྲ་ཐམས་ཅད་འདུལ་བས་ན་དགྲ་འདུལ་ཞེས་བྱའོ། །དེའི་བུ་རྒྱུད་ལྔ་ཁྲི་བཞི་སྟོང་ཡུལ་དམག་གིས་མི་ཚུགས་པར་བྱུང་བའི་ཐ་མ་ནི་རྒྱལ་པོ་མ་རྒྱལ་བ་རྒྱལ་བ་ཞེས་བྱའོ། །དེའི་བུ་རྒྱུད(མངོན་བྱུང་དུ་ནི་སུམ་ཁྲི་དྲུག་སྟོང་ལས་མི་འདོད།)དྲུག་ཁྲི་སུམ་སྟོང་ཡུལ་ཝ་ར་ན་སེར་བྱུང་བའི་ཐ་མ་རྒྱལ་པོ་བཟོད(འདིའི་དུས་ཚེ་ལོ་སུམ་ཁྲི་པ་སྟེ་སངས་རྒྱས་གསེར་ཐུབ་བྱོན་ནོ།)དཀའོ། །དེའི་རྒྱུད་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གྲོང་ཁྱེར་ཀིམ་འབི་ལར་བྱུང་བའི་ཐ་མ་རྒྱལ་པོ་ཚངས་སྦྱིན(ཡེ་ཤེས་རྒྱལ་བ་ལས། སྔོན་བྱུང་བ་འདས་པའི་དུས་ན་འཛམ་བུའི་གླིང་འདིར་རྒྱལ་པོ་ཚངས་བྱིན་ཞེས་བྱ་བ་དམ་པའི་ཆོས་འཚོལ་བའི་ཕྱིར་བདག་གི་བདོག་པ་ཐམས་ཅད་ཡོངས་སུ་བཏོང་བ་ཞིག་བྱུང་སྟེ་ཞེས་སོ།།)ནོ། །དེའི་བུ་རྒྱུད་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གྲོང་ཁྱེར་གླང་པོ་ཆེའི་གྲོང་ཁྱེར་དུ་བྱུང་བའི་

42b

ཐ་མ་རྒྱལ་པོ་གླང་པོ་བྱིན་ཞེས་བྱའོ། །འདིའི་བུ་རྒྱུད་རྒྱལ་པོ་ལྔ་སྟོང་ཨ་སྨ་པ་ར་ཏ་སྟེ། གྲོང་ཁྱེར་རྡོ་འཇོག་ཏུ་བྱུང་བའི་ཐ་མ་རྒྱལ་པོ་བལ་ནུ་ཅན་ཞེས་བྱའོ། །དེའི་བུ་རྒྱུད་སུམ་ཁྲི་ཉིས་སྟོང(མངོན་འབྱུང་དུ་སུམ་ཁྲི་བཞི་སྟོང་བྱ་བ་བྱུང་།)གྲོང་ཁྱེར་བྲང(འགྱུར་ཁ་ཅིག་ཏུ་བྲང་འགྲོ་སྟེ་ཀླུ་ཉལ་བའི་གྲོང་ཁྱེར་རྒྱ་མཚོ་ཞེས་པ་བྱུང་།)གིས་ཉལ་དུ་བྱུང་བའི་ཐ་མ་རྒྱལ་པོ་མཚན་པོ་ཆེས་འདུལ་བ་ཞེས་བྱའོ། །དེའི་བུ་རྒྱུད་ཡང་སུམ་ཁྲི་ཉིས་སྟོང་གྲོང་ཁྱེར་མ་རྒྱལ་བ་ལས་རྒྱལ་བར་བྱུང་བའི་ཐ་མ་ནི་རྒྱལ་པོ་རྒྱལ་བྱིན་ཞེས་བྱའོ། །དེའི་བུ་རྒྱུད་ཡང་སུམ་ཁྲི་ཉིས་སྟོང་གྲོང་ཁྱེར་ཀ་ནྱེ་ཀུབ་ཚར་བྱུང་བའི་ཐ་མ་རྒྱལ་པོ་རྒྱལ་སྡེ(ཡང་ཡེ་ཤེས་རྒྱས་པ་ལས། སྔོན་བྱུང་བ་འཛམ་བུའི་གླིང་གི་བྱང་དུ་དཔག་ཚད་དྲུག་ཁྲི་ཀུན་ནས་གྲུ་བཞིར་གྱུར་པ་དེའི་ཚེ། ང་འཛམ་བུའི་གླིང་གི་རྒྱལ་པོར་གྱུར་ཏེ། ཆོས་ལྡན་པ་རྒྱལ་བའི་སྡེ་ཞེས་སོ།།)ཞེས་བྱའོ། །དེའི་བུ་རྒྱུད་རྒྱལ་པོ་ཁྲི་བརྒྱད་སྟོང་གྲོང་ཁྱེར་ཙམ་པར་བྱུང་བའི་ཐ་མ་རྒྱལ་པོ་ཀླུའི་ལྷ་ཞེས་བྱའོ། །དེའི་བུ་རྒྱུད་རྒྱལ་པོ་ལྔ་ཁྲི་ལྔ་སྟོང་གྲོང་ཁྱེར་ཏ་ལའི་ཕྲེང་དུ་བྱུང་བའི་ཐ་མ་རྒྱལ་པོ་མིའི་ལྷ་ཞེས་པའོ། །དེའི་བུ་རྒྱུད་རྒྱལ་པོ་ཁྲི་ཉིས་སྟོང་གྲོང་ཁྱེར་ཏ་མ་ལིར་བྱུང་བའི་ཐ་མ་རྒྱལ་པོ་རྒྱ་མཚོའི་ལྷ(ཡེ་ཤེས་རྒྱས་པ་ལས། སྔོན་བྱུང་བ་འདས་པའི་དུས་འཁོར་བ་དཔག་ཏུ་མེད་པའི་ཡང་ཕ་རོལ་ན་འཛམ་བུའི་གླིང་འདིའི་དབང་ཕྱུག་རྒྱལ་པོ་རྒྱ་མཚོའི་ལྷ་ཞེས་བྱ་བ་བྱུང་སྟེ་ཞེས་སོགས་སོ།།)ཞེས་བྱའོ། །དེའི་བུ་རྒྱུད་རྒྱལ་པོ་ཁྲི་བརྒྱད་སྟོང་ཡུལ་བ་སོའི་གྲོང་དུ་བྱུང་བའི་ཐ་མ་རྒྱལ་པོ་བློ་གྲོས་བཟང་པོ་ཞེས་པའོ། །དེའི་རྒྱུད་རྒྱལ་པོ་ཉི་ཁྲི་

43a

༄༅།        །ལྔ་སྟོང་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་བྱུང་བའི་ཐ་མ་ནི་རྒྱལ་པོ་མུན་སེལ་ཞེས་བྱའོ། །དེ་ཡང་། འཇིག་རྟེན་བཞག་པ་ལས། རྒྱལ་པོ་མུན་སེལ་གྱི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ། བརྒྱས་གྲོང་ཁྱེར་བ་ར་ན་སེར། རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །ཞེས་གསུངས་པས་སོ། །དེའི་བུ་རྒྱུད་རྒྱལ་པོ་བརྒྱ་ཐམ་པ་གྲོང་ཁྱེར་ཝ་ར་ན་སེར་བྱུང་བའི་ཐ་མ་ནི་རྒྱལ་པོ་དབང་ཕྱུག་སྡེ་ཞེས་པའོ། །དེའི་བུ་རྒྱུད་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གྲོང་ཁྱེར་ཙྭ་ཅན་དུ་བྱུང་བའི་ཐ་མ་རྒྱལ་པོ་རྒྱ་མཚོའི་སྡེའོ། །དེའི་བུ་རྒྱུད་རྒྱལ་པོ་སྟོང་ཕྲག་གཅིག་ཡང་ཡུལ་གྲུ་འཛིན་དུ་བྱུང་སྟེ་ཐ་མ་ནི་རྒྱལ་པོ་དཀའ་ཐུབ་སྤྱོད་ཅེས་བྱུང་ངོ་། །དེའི་བུ་རྒྱུད་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་ཡང་གྲོང་ཁྱེར་རྩྭ་ཅན་དུ་བྱུང་བའི་ཐ་མ་ནི་རྒྱལ་པོ་སའི་གདོང(འགྱུར་ཁ་ཅིག་ཏུ་སྔོན་འབྱུང་དུ་སིང་ངའི་གདོང་ཞེས་པའང་འདུག།)ཞེས་པའོ། །དེའི་བུ་རྒྱུད་རྒྱལ་པོ་འབུམ་ཕྲག་གཅིག་ཡང་གྲོང་ཁྱེར་ཝ་ར་ན་སེར་བྱུང་བའི་ཐ་མ་ནི་རྒྱལ་པོ་སའི་བདག་པོ་ཞེས་སོ། །དེའི་བུ་རྒྱུད་རྒྱལ་པོ་འབུམ་ཕྲག་གཅིག་གྲོང་ཁྱེར་དམག་གིས་མི་ཚུགས་པར་བྱུང་བའི་ཐ་མ་ནི་རྒྱལ་པོ་ས་འཛིན་ཞེས་བྱའོ། །དེའི་བུ་རྒྱུད་

43b

རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གྲོང་ཁྱེར་མི་ཐི་ལར་བྱུང་བའི་ཐ་མ་རྒྱལ་པོ་ལྷ་ཆེན་པོའོ། །དེའི་བུ་ཚ་རྒྱུད་ཡང་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གྲོང་ཁྱེར་མི་ཐི་ལར་བྱུང་སྟེ། རིམ་གྱིས་དྲང་སྲོང་གི་ཚངས་པར་སྤྱོད་པ་སྤྱད་དེ། དེ་རྣམས་ཀྱི་ཐ་མ་ནི་རྒྱལ་པོ་མུ་ཁྱུད་ཅེས་བྱའོ། །འཇིག་རྟེན་བཞག་པ་ལྟར། རྒྱལ་པོ་ལྷ་ཆེན་པོའི་བུ། རྒྱལ་པོ་དེས་འཕེལ། དེའི་བུ་མུ་ཁྱུད། དེའི་བུ་མུ་ཁྱུད་བརྟན། དེའི་བུ་ཚན་ཆེན་པོ་ཞེས་པ་ནས་ནམ་མཁའི་བདག་པོའི་བར་འདི་དང་ཅུང་མི་ཏྲ་ལ(འདིར་གསུངས་པ་རྣམས་འདུལ་བ་ལུང་དུ་ཡོད།)འདིར་ནི་རྒྱལ་པོ་མུ་ཁྱུད་དེའི་སྲས་རྒྱལ་པོ་དབྱིངས་པ་དང་། དེའི་སྲས་སྲ་བ་མུ་ཁྱུད་དང་། དེ་ལས་བརྒྱུད་པ་ནི། རྐོ་བ་ཉེ་བའི་རྐོ་བ་དང་། །རྐོ་བ་ཡོད་དང་ཀུན་ནས་རྐོ། །གྱ་ནོམ་སྣང་དང་མཉམ་སྣང་དང་། །ཐོས་པའི་སྡེ་དང་ཆོས་ཀྱི་སྡེ། །རྟོགས་པ་རྟོགས་པ་ཆེན་པོ་དང་། །རྟོགས་པའི་སྡེ་དང་མྱ་ངན་མེད། །མྱ་ངན་བྲལ་དང་བརྟན་པའི་སྡེ། །དགའ་བས་སྦྱར་དང་གླེན་བསོད་དང་། །སྐྱ་རེང་ཕྱོགས་ཀྱི་བདག་པོ་དང་། །རྡུལ་ཅན་དགའ་བྱེད་ཀུན་དགའ་སྟེ། །མེ་ལོང་གདོང་དང་བསྐྱེད་པ་དང་། །དེ་སྲས་ཀུན་ནས་བསྐྱེད་པའོ། །སྐྱེ་བའི་ཁྱུ་མཆོག་བཟའ་བཏུང་ཅན། །བཟའ་

44a

༄༅།        །བཏུང་མ་ལྡན་མི་ཐུབ་པ། །གཞན་གྱིས་མི་ཐུབ་གནས་པ་དང་། །ཤིན་ཏུ་གནས་དང་སྟོབས་ཆེན་ནོ། །སྟོབས་ཆེན་ཞོན་དང་བློ་གྲོས་ལེགས། །བརྟན་པ་ཞོན་དང་གཞུ་བཅུ་པ། །གཞུ་བརྒྱད་གཞུ་ནི་དགུ་བཅུ་པ། །གཞུ་རྒྱལ་གཞུ་བཀྲ་གཞུ་སྲ་སྟེ། །ཤིང་རྟ་བཅུ་པ་ཤིང་རྟ་བརྒྱ། །ཤིང་རྟ་དགུ་བཅུ་པ་དང་ནི། །ཤིང་རྟ་ཕྲ་བོ་ཤིང་རྟ་རྒྱལ། །ཤིང་རྟ་སྲ་བ་ཞེས་བྱའོ། །དེ་ལྟར་རྒྱལ་རབས་བཞི་བཅུ་རྩ་དགུ་དང་། ཤིང་རྟ་སྲ་བའི་བུ་ཚའོ། །ཡང་ཚ། སུམ་ཚའི་བརྒྱུད་པ་རྒྱལ་པོ་བདུན་ཁྲི་བདུན་སྟོང་གྲོང་ཁྱེར་ཀུན་དུ་སྣང་བར་བྱུང་བའི་ཐ་མ་ནི་རྒྱལ་པོ་ན་མཁའི་བདག་པོ་ཞེས་བྱའོ། །དེའི་སྲས་ཀླུ་མཉམ་སྐྱོང་ངོ་། །དེའི་བུ་རྒྱུད་རྒྱལ་པོ་རྒྱ་ཐམ་པ། ཡུལ་བ་ར་ན་སེར་བྱུང་པའི་ཐ་མ་ནི་རྒྱལ་པོ་ཀྲི་ཀྲི་ཅེས་བྱ་སྟེ། འཇིག་རྟེན་བཞག་པའི་མདོ་ལས། རྒྱལ་པོ་ཀླུ་བསྲུངས་ཀྱི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་བརྒྱུད་ཀྱི་རྒྱལ་པོ་བརྒྱ་ཡང་། གྲོང་ཁྱེར་བ་ར་ན་སེར། རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ། །དེ་དག་གི་འོག་ཏུ་རྒྱལ་པོ་ཀྲི་ཀྲི་ཅེས་བྱ་བ་བྱུང་སྟེ། དེའི་

44b

ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བ། ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ་བཅོམ་ལྡན་འདས་འོད་བསྲུངས་འཇིག་རྟེན་དུ་བྱུང་ངོ་། །ཞེས་གསུངས་པས་སོ། །འདིར་རྒྱལ་པོ་ཀླུ་བསྲུངས་ཞེས་གསུངས་པ་དང་། གཞུང་གཞན་དུ། རྒྱལ་པོ་ཀླུ་མཉམ་སྐྱོང་། ཞེས་གསུངས་པ་ནི། འགྱུར་གྱི་ཁྱད་པར་མ་གཏོགས། དོན་ལ་ཁྱད་པར་མེད་པར་ཤེས་པར་བྱའོ། །སངས་རྒྱས་འོད་བསྲུངས་ནི་ཡུལ་ཙེ་ཏ་ཞེས་བྱ་བར་ཡབ་བྲམ་ཟེའི་རིགས་ཚངས་སྦྱིན། ཡུམ་ནོར་བདག་ཅེས་བྱ་བའི་སྲས་སུ་སྐུ་འཁྲུངས་ཤིང་སྐུ་ཚེའི་ཚད་ཀྱང་ལོ་ཉི་ཁྲིར་བཞུགས་ལ་རང་བཞིན་དུ་གནས་པའི་འོད་ནི་རྒྱང་གྲགས་གཅིག་དུ་འཕྲོ་ཞིང་། སྲས་ནི་དེད་དཔོན་ཅེས་བྱའོ། །སྟོན་པ་དེ་རབ་ཏུ་བྱོན་ཅིང་སངས་རྒྱས་ནས་ཤེས་རབ་ཅན་གྱི་མཆོག་ནི་བ་ར་དྷྭ་ཚྩ། རྫུ་འཕྲུལ་ཅན་གྱི་མཆོག་ནི་སྐར་རྒྱལ། ཀོ་རེ་ལེན་ནི་ཀུན་གྱི་བཤེས་གཉེན། ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ་འདུས་པ་དང་པོ་ལ་

45a

༄༅།        །དགེ་སློང་ཉི་ཁྲི། བར་པ་ལ་ཁྲི་བརྒྱད་སྟོང་། གསུམ་པ་ལ་ཁྲི་དྲུག་སྟོང་། བསྟན་པ་ནི་ལོ་བདུན་ཁྲིའི་བར་དུ་གནས་ལ། རྒྱལ་པོ་ཀྲི་ཀྲིའི་སྲས་ལེགས་སྐྱེས་སོ། །དེ་ཡང་སངས་རྒྱས་འོད་བསྲུངས་ཝ་ར་ན་སེའི་ཕྱོགས་རི་དྭགས་གནས་པའི་ནགས་ཚལ་ཞིག་ཏུ་བརྟེན་ཅིང་བཞུགས་སོ། །དུས་གཅིག་ན་རྒྱལ་པོ་ཀྲི་ཀྲི་དེ་སངས་རྒྱས་ལ་བལྟ་བ་དང་བསྙེན་བཀུར་བའི་ཕྱིར་སོང་བ་ལ། ཡུལ་གཞན་གྱི་ཀུན་ཏུ་རྒྱུ་གཉིས་དྲང་སྲོང་སྨྲ་བར་དོན་ཞིག་ལ་འོངས་པ། རྒྱལ་པོ་ཀྲི་ཀྲིའི་དཔལ་དང་ཕུན་སུམ་ཚོགས་པའི་མཐུ་ཆེན་པོ་མཐོང་ནས། དགེ་བསྙེན་ཞིག་ལ་བྲིས་པ། རྒྱལ་པོའི་སྲིད་དང་མཐུ་སྟོབས་འདི་ལྟ་བུ་ཐོབ་པ་ལ་རྒྱུ་ཅི་ཞིག །དགེ་བསྙེན་གྱིས་སྨྲས་པ། མི་མཇེད་པའི་བསྙེན་གནས་ཡན་ལག་བརྒྱད་པ་བསྲུངས་པས་ཐོབ་པོ། །བྲམ་ཟེ་དེ་གཉིས་ཀྱིས་ཁྱིམ་བདག་ཆུ་སྡོད་ཅེས་བྱ་བ་ལས་བསྙེན་གནས་བླངས་ཏེ། གཉིས་ཆར་གྱིས་རྒྱལ་པོར་སྐྱེ་བའི་སྨོན་ལམ་བཏབ་པ་ལ། གཅིག་གིས་ཚུལ་བཞིན་དུ་བསྲུངས་པས་ཡོངས་སུ་དག་པར་དུས་བྱུང་ནས་རྒྱལ་པོ་ཀྲི་ཀྲིའི་སྲས་སུ་སྐྱེས་ཏེ་ལེགས་སྐྱེས་སོ། །གཅིག་ཤོས་ནི་ཉམས་པས་ཀླུར་སྐྱེས་ཤིང་ཉིན་

45b

བཞིན་དུ་བྱེ་མའི་ཆར་འབབ་པོ། །དེས་སྐྱོ་ནས་མིར་སྤྲུལ་ཏེ་རྒྱལ་པོ་ལ་བསྙེན་གནས་བླངས་པས་སླར་གྱིས་ལྷ་རུ་སྐྱེས་སོ། །རྒྱལ་པོ་ལེགས་སྐྱེས་ཀྱི་བུ་ཚ་རྒྱུད་རྒྱལ་པོ་བརྒྱ་ཐམ་པ་ཡུལ་གྲུ་འཛིན་དུ་བྱུང་བའི་ཐ་མ་ནི་རྒྱལ་པོ་རྣ་བ་ཅན་ནོ། །དེ་ལ་བུ་གཉིས་ཏེ། གོའུ་ཏ་མ་དང་། བ་ར་དྷཱ་ཛའོ། །གོའུ་ཏ་མ་ནི། ཕ་ཆོས་དང་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་པ་མཐོང་ནས། བདག་ཀྱང་རྒྱལ་སྲིད་བཟུང་ན་འདི་ལྟར་དུ་འགྱུར་ཞིང་དེའི་རྒྱུས་དམྱལ་བར་གཞོལ་བར་འགྱུར་བས་ཅིའི་དུས་ལ་བབ་སྙམ་ཏེ། ཕ་ལ་གསོལ་བ་བཏབ་ནས་རབ་ཏུ་བྱུང་བར་གསོལ་ཏེ། བསྟི་གནས་གཞན་ཞིག་ན་དྲང་སྲོང་མདོག་ནག་ཞེས་བྱ་བ་གནས་པའི་རྐང་པ་གཉིས་ལ་ཕྱག་བྱས་ཏེ། གསོལ་ནས་རབ་ཏུ་བྱུང་ངོ་། །དྲང་སྲོང་མདོག་ནག་དེ་འབྲས་བུ་དང་རྩ་བ་དང་ཆུ་འཐུངས་བས་དེའི་རྗེས་སུ་ཞུགས་པ་ན། དྲང་སྲོང་གོའུ་ཏ་མ་ཞེས་གྲགས་སོ། །ཇི་ཙམ་ན་རྒྱལ་པོ་རྣ་བ་ཅན་འདས་ཏེ། བ་ར་དྷྭ་ཛས་རྒྱལ་སྲིད་ལ་བསྐོས་སོ། །དུས་ཞིག་ན་གོའུ་ཏ་མ་མདོག་ནག་ལ་སྨྲས་པ། དགོན་པའི་ཟས་རྩ་བ་འབྲས་བུས་འཚོ་བ་སྔོ་མི་ཐོག་གོ། །

46a

༄༅།        །ཞེས་ཞུས་ནས་གནང་ཏེ། གྲུ་འཛིན་གྱི་ཉེ་འཁོར་དུ་ལོ་མའི་སྤྱིལ་པོ་གཅིག་བྱས་ནས་འདུག་གོ། །དེའི་ཚེ་གྲོང་ཁྱེར་དེ་ན་སྨད་འཚོང་མ་བཟང་མོ་ཞེས་བྱ་བ་དང་། སྐྱེས་པ་གཡོན་ཅན་པད་མའི་རྩ་ལག་ཅེས་བྱ་བ་ཡོད་དེ་དེས་ཆགས་པའི་ཕྱིར་གོས་དང་རྒྱན་དག་གཡོག་མོ་ལ་བསྐུར་ཏེ། བཟང་མོ་འབོད་དུ་བཏང་བ་ན། དེ་བཟང་མོ་ཅན་སོང་བ་དང་། གཞན་ཞིག་གིས་ཀྱང་དཀར་ཤ་པ་ནི་ལྔ་བརྒྱ་ཁྱེར་ནས་བཟང་མོ་ཅན་སོང་བའི་ཚེ། བཟང་མོའི་སེམས་ལ་འདི་བཟློག་ན་དཀར་ཤ་པ་ནི་མི་ཐོབ་བོ་སྙམ་གཡོག་མོ་སླར་བཟློག་ཏེ། པད་མའི་རྩ་ལག་ལ་བདག་རེ་ཤིག་མི་སྐབས་པས། སླད་ཀྱིས་མཆིའོ་ཞེས་སྨྲོས་ཤིག་ཅེས་ཕྲིན་བསྐུར་ཏེ། འགྲོན་བུའི་བདག་པོ་དང་ལྷན་ཅིག་ཏུ་འདུག་ཅིང་། ནམ་གྱི་ཆ་སྨད་ལ་པད་མའི་རྩ་ལག་ཅན་འགྲོའོ་ཞེས་སྨྲས་ནས། སྔོན་ལ་གཡོག་མོ་བཏང་ཞིང་སྐྱེད་མོས་ཚལ་གང་དུ་འོང་ཞེས་བྲིས་པས། དེ་ན་རེ་ཁྱོད་ཀྱི་ཇོ་མོ་སྐད་ཅིག་ལ་སྐབས་མེད་ཅིང་སྐད་ཅིག་ལ་སྐབས་ཡོད་དོ་ཟེར་བ་ཅི། ནུ་མོ་དེའང་ཇོ་མོ་དང་ཅུང་ཟད་འགྲས་པ་ཅིག་ཡིན་པས་སྨྲས་པ་

46b

སྐབས་མེད་པ་ནི་མ་ཡིན་གྱི། ཁྱོད་ཀྱིས་བསྐུར་བའི་གོས་རྒྱན་ཐོགས་ཏེ། སྐྱེས་པ་གཞན་ཞིག་དང་ཉལ་ལོ་ཞེས་སྨྲས་པ་དང་། དེ་ཁྲོས་ཏེ་བུ་མོ་ཁྱོད་སོང་ལ་བསྐྱེད་ཚལ་ག་གེ་མོ་ཞིག་ཏུ་ཤོག་གྱིས་ཅིག །དེར་དེ་བྱུང་བ་དང་། ཁྱོད་ཀྱིས་དེ་ལྟར་བྱ་བར་རིགས་སམ་ཅེས་སྨྲས་པ་དང་། བདག་གིས་ནོངས་ཏེ་བུད་མེད་ནི་རྟག་ཏུ་སྐྱོན་ཅན་ལགས་པས་བཟོད་མཛོད་ཅིག་ཅེས་པ་ན། དེར་རྩ་ལག་ཁྲོས་ནས་བཟང་མོ་ལ་རལ་གྲི་བསྣུན་ཏེ་བསད་དོ། །དེར་གཡོག་མོས་ཇོ་མོ་བསད་དོ་ཇོ་མོ་བསད་དོ་ཞེས་སྒྲ་ཆེན་པོས་བོས་པ་དང་། སྐྱེ་བོའི་ཚོགས་རྣམས་ཀྱིས་ཐོས་ཤིང་། ནགས་ཁྲོད་དེར་རྒྱུགས་པ་དང་། པད་མའི་རྩ་ལག་སྐྲག་ནས་བྲོས་པའི་ལམ་ན། གོའུ་ཏ་མ་གནས་པའི་མདུན་དུ་རལ་གྲི་ཁྲག་ཅན་དེ་སྐྱུར་ནས་སྐྱེ་བོའི་བསེབ་ཏུ་བྲོས་སོ། །དེར་གཞན་དག་གིས་རལ་གྲི་མཐོང་ནས་གོའུ་ཏ་མ་ལ་བསྐོར་ཏེ། ཁྱེད་རབ་ཏུ་བྱུང་བའི་རྒྱལ་མཚན་ཐོགས་ནས་འདི་འདྲ་བའི་ལས་བྱེད་དམ། དེས་སྨྲས་པ། ལས་ཅི་བྱས། གཞན་དག་ན་རེ་ཁྱོད་བཟང་མོ་དང་ལྷན་ཅིག་དགའ་མགུར་སྤྱད་དེ། དེ་ནས་དེ་བསད་དེ། །དེ་ན་རེ་ཁོ་བོ་ནི་ཞི་བས་ཆོས་བསྒྲུབ་པ་ཡིན་པས། དེ་ལྟ་བུ་མི་བྱེད་དོ་ཞེས་སྨྲས་

47a

༄༅།        །ཀྱང་ཡིད་མ་ཆེས་ཏེ། ཕྱིན་ཀ་ལོག་ཏུ་བཀྱིགས་ནས་རྒྱལ་པོ་ལ་གཏད་དོ། །རྒྱལ་པོ་དག་ནི་མི་རྟོག་པ་ཡིན་པས་སྨྲས་པ། དེ་ལྟ་ནའང་རབ་ཏུ་བྱུང་བ་འདི་སྤངས་ཀྱི་གསལ་ཤིང་ལ་སྐྱོན་ཅིག་ཅེས་བྱས་ཏེ། དེའི་མགུལ་དུ་མེ་ཏོག་ཀ་ར་ཝི་རའི་ཕྲེང་བ་བཏགས་ཤིང་མཚོན་ཐོགས་པའི་གཤེད་མ་དག་གིས་ཁྲིད་དེ། ལམ་པོ་ཆེ་དང་། བཞི་མདོ་དང་། ཚོང་འདུས་ལ་སོགས་པ་བསྐོར་ནས། གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོ་ནས་ཕྱུང་སྟེ་གསོན་པོ་ཉིད་དུ་གསལ་ཤིང་ལ་སྐྱོན་ནོ། །དེའི་ཚེ་མཁན་པོ་མདོག་ནག་དེ་དུས་དུས་སུ་དེའི་སྤྱིལ་པོར་འགྲོ་བ་ལས། དེའི་ཉིན་ཡང་ཕྱིན་པས་ན། མ་མཐོང་ཏེ། ཕན་ཚུན་ཀུན་དུ་བཙལ་བས་གསལ་ཤིང་ལ་སྐྱོན་པ་མཐོང་ཤིང་མིག་མཆི་མས་གང་བཞིན་དུ་རིངས་པར་སོང་ནས་སྨྲས་པ། ཀྱི་ཧུད་བུ་འདི་ཅི་ཞིག །དེས་ཀྱང་སྐད་མི་གསལ་ཞིང་ཡི་ཆད་ལ་གནད་དུ་བབས་པའི་ཚོར་བས་བརྡུངས་ནས་སྨྲས་པ། མཁན་པོ་གཞན་ཅི་ཞིག་ལགས། ལས་ལགས་མོད། མཁན་པོ་ན་རེ། བུ་རྨ་བྱུང་ངམ་གནོད་པ་གཞན་མ་བྱས་གྲང་། མཁན་པོ་བདག་གི་ལུས་ཀྱི་རྨ་བྱུང་གིས། སེམས་ཀྱིས་ནི་མ་ཡིན་ནོ། །

47b

བུ་ཇི་ལྟར་ཤེས། མཁན་པོ་བདེན་པར་གསོལ་གྱིས་གསོན་ཅིག །བདག་གི་ལུས་ཀྱི་རྨད་བྱུང་གིས། སེམས་ཀྱིས་མ་ཡིན་ན་བདེན་པའི་ཚིག་དེས་མཁན་པོའི་མདོག་ནག་པོ་དེ་གསེར་གྱི་མདོག་འདྲ་བར་གྱུར་ཅིག །ཅེས་བརྗོད་མ་ཐག་མཁན་པོའི་མདོག་གསེར་ལྟ་བུར་གྱུར་ཏོ། །དེ་མཐོང་ནས་གཞན་དག་ངོ་འཚར་སྐྱེས་སོ། །དེ་ཕྱིན་ཆད་མིང་ཡང་གསེར་མདོག་ཅན་ཞེས་བྱའོ། །དེའི་ཚེ་གོའུ་ཏ་མས་སྨྲས་པ། མཁན་པོ་བདག་ནི་ཚེ་འཕོས་ནས་གང་དུ་སྐྱེ། ཕྱི་མ་ནི་གང་ཞིག་ལགས། དེས་སྨྲས་པ། བུ་བྲམ་ཟེ་རྣམས་ན་རེ། བུ་མེད་ན་འགྲོ་བ་མེད་དོ་ཞེས་ཟེར་ན། ཁྱོད་ཀྱིས་བུ་འགའ་ཞིག་སྐྱེད་པ་ཡོད་དམ། མཁན་པོ་བདག་ནི་གཞོན་ནུ་ནས་རབ་ཏུ་བྱུང་བས་བུད་མེད་ཀྱི་རྒྱུས་ཀྱང་མི་འཚལ་ན། བུ་བསྐྱེད་པ་ལྟ་ག་ལ་མཆིས། བུ་དེ་ལྟ་ན་སྔོན་གྱི་ཡུལ་ལ་སྤྱད་པ་དྲན་པར་གྱིས་ཤིག །མཁན་པོ་བདག་ནི་ཚོར་བ་དྲག་པོས་ཉེན་པས་གནད་རྣམས་ཆད་ཅིང་ཚིགས་རྣམས་བྱེ་སྟེ། འཆི་བ་གཅིག་པུ་དྲན་པར་གྱུར་ན། སྔོན་གྱི་ཡུལ་ལ་སྤྱད་པ་ཇི་ལྟར་དྲན་པར་འགྱུར། དེའི་མཁན་པོ་མངོན་པར་ཤེས་པ་ཐོབ་པ་ཡིན་པས། རྫུ་འཕྲུལ་གྱིས་ནམ་མཁའ་ལ་

48a

༄༅།        །རྫི་ཆར་ཆེན་པོ་སྤྲུལ་ནས་ལུས་ལ་ཕོག་པ་དང་། ཆར་དང་རླུང་ལངས་པས། སྡུག་བསྔལ་རྣམ་པར་མནན་ནས་སྔོན་གྱི་ཡུལ་ལ་སྤྱད་པ་བསམས་ནས་འཁྲིག་པའི་འདོད་ཆགས་རྗེས་སུ་དྲན་པར་བྱས་པ་ན། ཁུ་བའི་ཐིགས་པ་གཉིས་ཁྲག་དང་ལྷན་ཅིག་ལྷུང་ངོ་། །དེ་ཡང་བསམ་གྱིས་མི་ཁྱབ་པའི་གནས་ནི་བཞི་སྟེ། བདག་སེམས་པ། འཇིག་རྟེན་སེམས་པ། སེམས་ཅན་གྱི་ལས་ཀྱི་རྣམ་པར་སྨིན་པ་སེམས་པ། སངས་རྒྱས་ཀྱི་ཡུལ་སེམས་པའོ། །དེས་ན་ཁུ་བའི་ཐིགས་པ་དེ་གཉིས་སྒོ་ང་གཉིས་སུ་གྱུར་ཏེ། ཉི་མ་ཤར་བའི་འོད་ཀྱིས་སྨིན་པར་བྱས་ནས་རྡོལ་བ་དང་ཁྱེའུ་གཉིས་བྱུང་ནས། དེའི་ཉེ་འཁོར་བུ་རམ་གྱི་ཚལ་གསེབ་ཏུ་ཞུགས་སོ། །དེ་ནས་ཉི་མའི་འོད་ཤིན་ཏུ་ཚ་བས་གདུངས་ཏེ། གོའུ་ཏ་མ་འདས་སོ། །སླར་ཡང་མཁན་པོས་གསལ་ཤིང་གི་ཉེ་འཁོར་དུ་བལྟས་པས། སྒོ་ང་རྡོལ་བའི་ཁོག་པ་གཉིས་མཐོང་ནས། རྗེས་གཅོད་ཅིང་། བུ་རམ་གྱི་ཚལ་བསེབ་ཏུ་ཞུགས་པས་ཁྱེའུ་གཉིས་མཐོང་ངོ་། །(སྙན་ངག་ཆེན་པོའི་འགྲེལ་པར་བུ་ཕོ་དང་བུ་མོ་གཉིས་བྱུང་ངོ་ཞེས་བཤད་པའང་སྣང་ངོ་།།)འདི་གཉིས་སུའི་བུ་ཡིན་ཞེས་བསམ་པ་ལ་ཞུགས་པ་ན། དྲང་སྲོང་གོའུ་ཏ་མའི་བུར་ཤེས་ནས་སྡུག་པ་སྐྱེས་ཤིང་། བསྟི་གནས་སུ་ཁྲིད་ནས། བསྣུན་བསྙོད་དེ་ཆེས་སྐྱེས་

48b

ནས་མིང་བཏགས་པ། ཉི་མའི་འོད་ཟེར་གྱིས་སྨིན་ནས་སྐྱེས་པ་ན། ཉི་མའི་རིགས་ཞེས་བྱ་བ་དང་། གོའུ་ཏ་མའི་བུ་ཡིན་པས་གོའུ་ཏ་མ་ཞེས་དང་། རང་གི་ཡན་ལག་ལ་སྐྱེས་པས་མིང་གསུམ་པ་ཡན་ལག་སྐྱེས་དང་། བུ་རམ་གྱི་ཤིང་གི་ཚལ་གསེབ་ནས་རྙེད་པས་བུ་རམ་ཤིང་པ་ཞེས་ཀྱང་ཟེར་རོ། །ཁ་ཅིག་གོའུ་ཏ་མའི་ཁུ་བ་དང་ཁྲག་འདྲེས་པ་གཉིས་བྱུང་བ། གསེར་མདོག་གིས་བུ་རམ་གྱི་ཤུན་པར་བླངས་ཏེ། གཅིག་ཉི་མའི་འོད་དང་། གཅིག་ཟླ་བའི་འོད་ལས་བཙོས་ཏེ། རིམ་གྱིས་སྨིན་པར་བྱས་པ་ལས། ཁྱེའུ་གཉིས་བྱུང་བ་ལ། ཉི་མའི་རིགས་དང་། ཟླ་བའི་རིགས་ཞེས་གཉིས་བྱུང་ངོ་། །ཞེས་པའང་ཟེར་རོ། །མངོན་འབྱུང་དང་། འདུལ་བ་ལུང་སོགས་ལས་ཟླ་བའི་རིགས་བྱུང་བ་ནི་གསལ་བར་མི་སྣང་ངོ་། །ཇི་ཙམ་ཞིག་ན་རྒྱལ་པོ་བ་ར་དྷཱ་ཛ་བུ་མེད་པ་ཤི་ནས་བློན་པོ་རྣམས་བགྲོས་ཏེ། སུ་ཞིག་རྒྱལ་པོར་བཞག་ཅེས་པ་དང་། འགའ་ཞིག་ན་རེ་དེའི་གཅེན། གོའུ་ཏ་མ་དྲང་སྲོང་གསེར་མདོག་ཅན་སོང་བ་དབང་བསྐུར་རོ་ཞེས་གྲོས་བྱས་ནས། གླང་པོ་ལ་སོགས་པའི་བཞོན་པ་དང་། གདུགས་དང་། ཅོད་པན་དང་། ལྷམ་ཁྲ་འོ་ལ་སོགས་པ་རྒྱལ་སྲིད་ལ་དབང་

49a

༄༅།        །བསྐུར་བའི་ཆས་དག་ཁྱེར་ནས་མང་པོ་དག་སོང་ཞིང་གསེར་མདོག་གི་རྐང་པ་ལ་མགོ་བོས་གཏུགས་ནས་སྨྲས་པ། དྲང་སྲོང་ཆེན་པོ་དྲང་སྲོང་གོའུ་ཏ་མ་གང་ན་མཆིས་དེ་བདག་ཅག་གི་རྒྱལ་ཚབ་ཏུ་བཏང་དུ་གསོལ། ཞེས་སྨྲས་པ་དང་། དྲང་སྲོང་ན་རེ་ཁྱེད་ཅག་ཁོ་ནས་བསད་དོ། །བདག་ཅག་གིས་ནི་དེ་མཐོང་བར་ཡང་མི་དྲན་ན་དེ་ཇི་ལྟར་བསད། དྲང་སྲོང་གིས་དྲན་པར་བྱས་ཏེ་ཞིབ་ཏུ་བསྙད་པ་དང་། དེ་དག་ན་རེ། དེ་ལྟར་ན་སྡིག་པ་སྤྱོད་པ་དེའི་མིང་ཙམ་ཡང་ཐོས་པར་མི་བྱའོ། །དྲང་སྲོང་ན་རེ་དེས་སྡིག་པའི་ལས་ཅི་བྱས། འདི་དང་འདིའོ། །དེས་དེའི་སྐྱོན་མེད་པས་རྒྱུ་མཚན་ཞིབ་ཏུ་བརྗོད་པ་དང་། དེ་དག་སླར་འགྱོད་དེ་བདག་ཅག་གིས་ནི་མ་ལེགས་ཏེ། དེ་ལྟ་བུ་བགྱིས་སོ་ཞེས་བཟོད་པ་མཛོད་ཅིག །ཞེས་གཏམ་དུ་སྨྲ་བ་ན། ཁྱེའུ་གཉིས་ཀྱང་དེར་འོངས་སོ། །བློན་པོ་རྣམས་ན་རེ། དྲང་སྲོང་ཆེན་པོ་འདི་གཉིས་སུ་ཞིག །དེ་ཁོ་ནའི་བུའོ། །འདི་གཉིས་ཇི་ལྟར་སྐྱེས། མིང་ཅི་དྲང་སྲོང་གིས་ཞིབ་ཏུ་བསྟན་པས་ངོ་མཚར་སྐྱེས་ནས་ཕུ་བོ་ཤོས་རྒྱལ་པོར་བསྐོས་ཏེ་བུ་མེད་པར་ཤིའོ། །སླར་ཡང་དེའི་ནུའོ་རྒྱལ་སྲིད་དུ་དབང་བསྐུར་བ་ལ། རྒྱལ་པོ་བུ་རམ་ཤིང་

49b

པ་ཞེས་གྲགས་སོ། །དེའི་བུ་ཚའམ་ཡང་ཚའི་རྒྱུད་རྒྱལ་པོ་རྒྱ་ཐམ་པ་ཡུལ་གྲུ་འཛིན་དུ་བྱུང་བའི་ཐ་མ་རྒྱལ་པོ་བུ་རམ་ཤིང་པ་འཕགས་སྐྱེས་པོའོ། །དེའི་བཙུན་མོ་ཆེ་བ་ལ་སྲས་བཞི་སྟེ། སྐར་མདའ་གདོང་དང་། ལག་རྣ་དང་། གླང་ཆེན་འདུལ་དང་། རྐང་གདུབ་ཅན་ནོ། །བཙུན་མོ་ཆུང་བ་ལ་བུ་མོ་བཞི་ཏེ། དཀར་མོ་དང་། ཕྲེང་ལྡན་མ་དང་། དཔལ་ཕྲེང་ཅན་དང་། གྲགས་མའོ། །རེས་ཤིག་ནས་དེ་དག་གི་མ་ཤི་ནས། རྒྱལ་པོ་ལག་པ་འགྲམ་པ་ལ་གཏད་ཅིང་འདུག་གོ། །བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཅི་ཞིག་ནོངས། སྨྲས་པ་ངའི་བཙུན་མོ་དག་མེད་ན་ཅིའི་ཕྱིར་སེམས་ཁོང་དུ་མི་ཆུད། གསོལ་པ་ཉི་འོག་གི་རྒྱལ་པོ་རྣམས་ཀྱི་བུ་མོ་འཆིས་ན་བཙུན་མོར་གསོལ་ཏེ། སྨྲས་པ་གཞོན་ནུ་འདི་དག་ནི་རྒྱལ་སྲིད་ལ་མངོན་པར་འདོད་པས་ཕྱིར་རྒོལ་བ་དག་མང་ན་སུ་ཞིག་གི་བུ་མོ་སྟེར། གསོལ་པ། བདག་ཅག་གིས་བཙལ་ལོ། །ཇི་ཙམ་ན་རྒྱལ་པོ་བཞན་ཞིག་གི་བུ་མོ་གཟུགས་བཟང་ཤིང་མཛེས་པ་གཅིག་ཡོད་པས་བརྟགས་ཏེ་རྒྱལ་པོ་དེའི་དྲུང་དུ་ཕྱིན་ནས་རྒྱལ་པོ་ལ་གསོལ་པ། ལྷ་བཀྲ་ཤིས་པར་གྱུར་ཅིག་ཅེས་སོ། །རྒྱལ་པོ་དེས་སྨྲས་པ། ཤེས་ལྡན་དག་

50a

༄༅།        །ཁྱེད་ཅི་གསོལ། ཕོ་ཉ་པས་གསོལ་པ། བུ་རམ་ཤིང་པ་འཕགས་སྐྱེས་པོའི་བཙུན་མོ་དག་མེད་ན་དེའི་ཕྱིར་དུ་སྲས་མོ་སློང་ངོ་། །རྒྱལ་པོས་སྨྲས་པ། ཐབ་རིར་བབ་པའི་མཆོག་ཡིན་པས་རུང་ན། འོན་ཀྱང་དམ་ཞིག་བཅའ་སྟེ། གལ་ཏེ་བུ་མོ་ལ་ཁྱེའུ་ཞིག་བྱུང་ན། རྒྱལ་སྲིད་ཀྱི་དབང་ཕྱུག་ལ་བཞག་པར་ལྟ་ན་བྱིན་ནོ། །ལྷ་བཀའ་བཞིན་འཚལ་བར་མཆིས་ལ། བདག་ཅག་རྣམས་ཀྱིས་རྒྱལ་པོའི་སྙན་དུ་གསོལ་ལོ་ཞེས་སྨྲས་ཏེ་འོངས་ནས། འཕགས་སྐྱེས་པོ་ལ་ཇི་ལྟར་གྱུར་པས་བསྙད་དོ། །རྒྱལ་པོས་སྨྲས་པ། གཞོན་ནུ་ཕུ་བོར་གྱུར་པ་རྒྱལ་སྲིད་ལ་འོས་པ་དག་སྤངས་ནས། ནུ་བོ་ཇི་ལྟར་འཇོག་འོས་མ་ཡིན་ནོ། །ཕོ་ཉར་གྱུར་པའི་བློན་པོ་དག་གིས་གསོལ་པ། ལྷ་རེ་ཤིག་ན་བཙུན་མོ་བླངས་ཏེ། དེ་དང་དགའ་མགུར་དགྱེས་པར་མཛོད་ཅིག །དེ་ལ་ཁྱེའུ་འམ་བུ་མོར་འགྱུར་ཅི་མ་མཆིས་པར་སུས་འཚལ། སྨྲས་པ་དེ་ལྟ་ན་ལོང་ཞིག །རྒྱལ་པོའི་འབྱོར་པ་དང་མཐུ་ཆེན་པོས་བུ་མོ་དེ་བླངས་ནས་ཕུལ་བས། ལྷན་ཅིག་རྩེ། དགའ་མགུར་སྤྱད་དེ། དུས་ཞིག་ན་བཙུན་མོ་དེ་སེམས་ཅན་དང་ལྡན་ཞིང་ཟླ་བ་དགུ་

50b

ལོན་པ་དང་། ཁྱེའུ་གཟུགས་བཟང་བ་མཛེས་པ་ཞིག་བཙས་ཏེ། དགའ་སྟོན་རྒྱ་ཆེར་བྱས་ནས་མིང་རྒྱལ་སྲིད་དགའ་ཞེས་བཏགས་སོ། །དེ་མ་མ་བརྒྱད་ཀྱིས་བསྣུན་བསོས་ཏེ། རྫིང་ནང་གི་པད་མ་བཞིན་དུ་ཆེར་བསྐྱེད་པར་བྱས་སོ། །གཞོན་ནུ་རྒྱལ་སྲིད་ལ་མ་བཞག་པ་ཞང་པོས་ཐོས་ནས། འཕགས་སྐྱེས་ལ་འཕྲིན་ཡིག་སྤྲིངས་པ། ཁྱོད་ཀྱིས་སྔོན་ཁས་བླངས་པ་བཞིན་བྱེད་ན་ལེགས། གལ་ཏེ་མ་ཡིན་ན་ཁྱོད་ཀྱི་མཐུ་དང་བརྩོན་འགྲུས་དང་། དཔུང་གི་ཚོགས་ཀྱིས་ཕ་རོལ་གནོན་པའི་ཐབས་ཀྱིས་འདུག་ཤིག །ཁོ་བོས་ཁྱོད་ཀྱི་ཡུལ་འཁོར་དང་བཅས་ཏེ་ཐུར་མར་བརླག་པར་བྱའོ། །དེ་འཕགས་སྐྱེས་ཀྱིས་མཐོང་ཞིང་ཐོས་ནས་སྐྲག་སྟེ། བློན་པོ་རྣམས་བསོགས་ཤིང་སྨྲས་སོ། །བློན་པོ་རྣམས་བགྲོས་ཏེ། ལྷ་རྒྱལ་སྲིད་དགའ་དབང་བསྐུར་དུ་གསོལ་རྒྱལ་པོས་སྨྲས་པ། ཤེས་ལྡན་དག་གཞོན་ནུ་ཕུ་བོར་གྱུར་པ་དག་རྒྱལ་སྲིད་ལ་དབང་བ་ཡིན་ན་ཇི་ལྟར་སྒྲུབ་པར་བྱ། གསོལ་པ། གཞོན་ནུ་ཆེ་བ་རྣམས་ནི་རེ་ཤིག་ཡུལ་འཁོར་གཞན་དུ་ཕྱུག་ཅིང་བཞག་པར་གསོལ་ལོ། །སྨྲས་པ། སྐྱོན་མེད་ཅིང་གནོད་པ་མེད་པ་ལ་ཇི་ལྟར་སྒྲུབ། ལྷ་བདག་ཅག་གིས་

51a

༄༅།        །ཐབས་ཞིག་བགྱིའོ་ཞེས། དེ་རྣམས་ཀྱིས་སྐྱེད་མོས་ཚལ་བྱི་དོར་བྱས་ཏེ། ཡིད་དུ་འོང་བའི་མཚོན་གྱིས་རི་མོར་བྲིས་སྤོས་ཕོར་བཞག །དར་གྱི་ཆུན་འཕྱང་དང་། མེ་ཏོག་སྣ་ཚོགས་ཀྱིས་མཛེས་པར་བྱས་ཏེ་ཕྱིར་འོངས་པ་དང་། གཞོན་ནུ་རྒོད་བག་ཅན་དེ་རྣམས་བསྐྱེད་ཚལ་གྱི་གམ་དུ་འོངས་པ་དང་ཕྲད་དེ། བློན་པོ་རྣམས་ལ་དྲིས་པ། བསྐྱེད་ཚལ་འདི་སུའི་ཡིན། ལྷའི་ལགས་སོ། །དེ་ནས་གཞོན་ནུ་དེ་རྣམས་བསྐྱེད་མོས་ཚལ་དུ་སོང་སྟེ། རྩེ་བར་བྱེད་དོ། །དེ་ནས་བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་གསོལ་པ། བསྐྱེད་ཚལ་ལེགས་པར་བརྒྱན་གྱིས་གཟིགས་སུ་གསོལ། རྒྱལ་པོས་སོང་བ་ན་བསྐྱེད་ཚལ་ན་ཅ་ཅོའི་སྒྲ་ཆེན་པོ་གྲགས་པ་འདི་ཅི་ཞིག །གསོལ་པ། གཞོན་ནུ་རྣམས་རྩེ་ཞིང་རོལ་བར་བྱེད་དོ། །རྒྱལ་པོས་སྨྲས་པ། དེ་ལྟར་ན་ཤིན་ཏུ་མི་རིགས་ཏེ། ངས་གཞོན་ནུ་རྣམས་སྤངས་སོ་ཞེས་སྨྲས་སོ། །བློན་པོ་རྣམས་ཀྱིས་རྐང་པ་ལ་ཕྱག་བྱས་ནས་ལྷ་དེ་ལྟར་ན་རིགས་ཏེ་དེ་བཞིན་དུ་བགྱིའོ། །སྤྱུག་པར་ཆས་པ་ན། འཁོར་གྱི་སྐྱེ་བོ་དང་ལྷན་ཅིག་དོང་ཏེ། མི་སྣག་པར་འགྲོ་བར་བཀའ་སྩལ་བའི་རིགས་སོ། །དེ་

51b

ལྟར་བཀས་བསྒོས་ནས་འཁོར་གྱི་ཚོགས་དང་བཅེས་སྟེ། ཞག་བདུན་དུ་གྲུ་འཛིན་གྱི་སྒོ་ཕྱེ་ནས་བརྒྱུས་སོ། །བློན་པོ་རྣམས་ཀྱིས་སྨྲས་པ། གལ་ཏེ་གྲོང་ཁྱེར་གྱི་སྒོ་མ་བསྡམས་ན། རིང་པོར་མི་ཐོགས་པར་གྲུ་འཛིན་སྟོངས་པར་འགྱུར་རོ། །ཞེས་སྒོ་བསྡམས་སོ། །དེ་ལྟར་གཞོན་ནུ་དེ་རྣམས་ཀྱིས་རང་རང་གི་སྲིང་མོ་བཞི་རྣམས་ཁྲིད་ནས། ཐར་གིས་རི་བོ་གངས་རི་དང་ཉེ་བ་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ། དྲང་སྲོང་སེར་སྐྱའི་བསྟི་གནས་དང་མི་རིང་བ་ཞིག་ན་གནས་བཅས་ཏེ། ལོ་མའི་སྤྱིལ་པུ་བཏབ་ནས་རི་དགས་ཀྱི་ཤས་མཚོ་བར་བྱེད་ཅིང་དུས་གསུམ་དུ་དྲང་སྲོང་སེར་སྐྱའི་བསྟི་གནས་སུ་འགྲོ་བ་ལས། ལང་འཚོ་དར་ལ་བབས་པས་འདོད་ཆགས་ཀྱིས་གཟིར་ཏེ་ཤ་ཤོར་མདོག་སྐྱ་བོ་སེང་སེང་པོར་སོང་བ་ལ། དྲང་སྲོང་ན་རེ། ཅིས་ཉེན། ཐུབ་པ་ཆེན་པོ་འདོད་ཆགས་ཀྱིས་སོ། །དེས་ན་རང་རང་གི་མ་གཅིག་པའི་སྲིང་མོ་སྤོངས་ལ། མས་དབེན་པའི་སྲིང་མོ་དག་ལ་ཆོད་ཅིག །རུང་ལགས་སམ། རྒྱལ་རིགས་རྒྱལ་སྲིད་ལས་ཉམས་པ་རྣམས་ཀྱིས་ནི་རུང་ངོ་། །དྲང་སྲོང་གི་ཚིག་ནི་བདེན་པའོ་སྙམ་ཏེ། དེ་བཞིན་སྤྱད་པས་བུ་དང་ཚ་བོ་མང་དུ་འཕེལ་བ་ན། དྲང་སྲོང་སོ་མ་

52a

༄༅།        །གསོད་དེ། གནས་གཞན་ཞིག་ཏུ་ཆས་པ་ན། དེ་དག་གིས་དྲང་སྲོང་གང་དུ་བཞུད། སྨྲས་པ་བསམ་གཏན་གྱི་གཙེར་མ་ནི་སྒྲ་ཡིན་ཞིང་སེམས་རྩེ་གཅིག་ཏུ་མ་ཐུབ་པས་གཞན་དུའོ། །དེ་ལྟ་ན་ཁྱེད་འདིར་བཞུགས་ལ། བདག་ཅག་གཞན་དུ་མཆི་ན་ས་ཕྱོགས་གཅིག་བསྟན་དུ་གསོལ་ཅེས་སྨྲས་པ་དང་། དྲང་སྲོང་གིས་གསེར་གྱི་བྱ་མ་བུམ་ཐོགས་ཏེ་ཤིས་བརྗོད་ཀྱི་རིག་བྱེད་འདོན་ཞིང་། ཆུ་རྒྱུན་བྲེ་བས་གྲོང་གི་བཞི་བྲིས་ནས་དེ་དག་གི་ཁྱིམ་རྩིགས་ཤིང་གྲོང་ཁྱེར་དུ་གྱུར་པ་ལས། སེར་སྐྱའི་བཞི་ཞེས་བྱའོ། །དེ་རྣམས་དེར་འཕེལ་བར་གྱུར་པས་སྐྱེ་བོའི་ཚོགས་ཆེན་པོར་གྱུར་ཏེ། དོག་པས་ཤོང་བར་མ་གྱུར་པ་ལྷ་རྣམས་ཀྱིས་ཤེས་ནས་ཕྱོགས་གཞན་ཞིག་བསྟན་ནས་དེར་སོང་ཏེ། གྲོང་ཁྱེར་གཅིག་ཤོས་བརྩིགས་པ་ལྷས་བསྟན་ཅེས་བྱ་བར་གྱུར་ཏོ། དེ་ནས་དེ་དག་ཕན་ཚུན་ཚོགས་གྲོས་བྱས་པ་ལ། བདག་ཅག་རྣམས་སྤྱུག་པ་ནི། རིགས་མཉམ་པ་ལས་ཆུང་མ་བླངས་པ་དེ་ལས་གྱུར་གྱི། དེ་བས་ན་ཕྱིན་ཆད་སུས་ཀྱང་རིགས་མཉམ་པ་ལས་ཆུང་མ་བླང་བར་མི་བྱ་ཞིང་། གཅིག་ཁོ་ནས་ཆོག་ཤེས་

52b

བར་བྱའོ། །དེ་དག་རིགས་མཉམ་པ་གཅིག་ཁོ་ན་ལས་ཆུང་མ་ལེན་གྱི། ཆུན་མ་ནི་མི་ལེན་ནོ། །དུས་གཞན་ཞིག་ན། འཕགས་སྐྱེས་པོ་བུ་སྡུག་པ་རྣམས་རྗེས་སུ་དྲན་ནས་སྨྲས་པ། ཀྱེེ་གྲོང་པ་དག་ད་ལྟར་གཞོན་ནུ་རྣམས་གང་ན་འདུག །གསོལ་པ། ལྷས་ནོངས་པ་འགའ་ཞིག་ལ་སྤྱུགས་ནས། དེ་རྣམས་རང་རང་གི་མ་མི་གཅིག་པའི་སྲིང་མོ་དག་ཁྲིད་དེ། གངས་རི་དང་ཉེ་བ་ཆུ་བོ་སྐལ་ལྡན་ཤིང་རྟའི་འགྲམ། དྲང་སྲོང་སེར་སྐྱའི་བསྟི་གནས་དང་ཧ་ཅང་ཡང་མི་རིང་བ་ཞིག་ཏུ་གནས་བཏབ་ཏེ། རང་རང་གི་སྲིང་མོ་སྤངས་ནས་མས་དབེན་གྱི་སྲིང་མོ་ལ་སྤྱད་པས། བུ་ཕོ་དང་བུ་མོ་དག་སྐྱེས་སོ་ཞེས་གསོལ་པ་དང་། གྲོང་པ་དག་གཞོན་ནུ་རྣམས་ཀྱི་དེ་ལྟར་ཕོད་དམ། ལྷ་སྔོ་ཐོག་ལགས་སོ། །