ཉི་མའི་རིགས་ཀྱི་རྒྱལ་རབས།
མཆོད་པར་བརྗོད་པ།
Previous Chapter
Next Chapter
71a

(མཆོད་པར་བརྗོད་པ།)

༄༅༅། །       ། །ཨོཾ་སྭ་སྟི་སིདྡྷཾ། ཕྲིན་ལས་མཐའ་ཡས་ས་གསུམ་འགྲོ་ལ་དགོས་འདོད་ཀུན་རྩོལ་འཁོར་བའི་མཐའ་དང་ལྷན་ཅིག་འགྲོགས། །དེ་ཡི་གསུང་ངག་རྣམ་གྲོལ་མཆོག་གི་ལམ་བཟང་ཐེག་གསུམ་དཔལ་ནི་རྒྱ་ཆེན་སྲིད་དང་རོལ། །མཛེས་སྐུ་བཀོད་པ་གང་ལ་གང་འདུལ་གདུལ་བྱའི་ཁྱོན་དང་རྟག་པར་མི་འབྲལ་རིང་དུ་རྩེན། །བདེ་ཆེན་སྙིང་རྗེས་རབ་བརྒྱན་ཐུགས་ཀྱི་དབྱིངས་ནི་ཡོངས་ལ་ཁྱབ་གྱུར་ཤཱཀྱའི་གཙོ་ལ་འདུད། །འགྲོ་ལ་ཕན་པའི་ཆ་ཤས་ཉ་གང་ཞིང་། །གདུལ་བྱའི་ཁྱོན་ལ་ཕྲིན་ལས་འོད་དཀར་གྱིས། །བོད་ཡུལ་འགྲོ་ལ་ཀུ་མུད་ཚལ་རྒྱས་མཛད། །སྤྱན་རས་གཟིགས་དབང་ཟླ་བ་དེ་ལ་འདུད། །ཐུགས་རྗེ་ཆེན་པོའི་ཡོན་ཏན་ཅི་ཡང་རྒྱས། །ཉིད་ཀྱི་ཕྲིན་ལས་དཔག་ཡས་ཕྱོགས་བཅུར་གསལ། །མཁྱེན་བརྩེས་ཕན་བདེའི་དཔལ་ནི་རྣམ་པར་ཕྱེ། །ཨ་མི་དེ་ཝའི་གདུལ་བྱ་རྟག་པར་འཕེལ། །དུས་གསུམ་རྒྱལ་བ་བསྐྱེད་མཛད་འཇམ་པའི་ཐུགས། །རྒྱལ་པོའི་ཚུལ་འཆང་མཛེས་པ་ཀུན་གྱི་དཔལ། །ཁྲི་སྲོང་ལྡེ་བཙན་ཕྲིན་ལས་འདི་འདྲ་བ། །

71b

ཤེས་བྱའི་ཁྱོན་འདིར་ཤོང་བའི་གོ་སྐབས་མཚར། །ཁ་བ་ཅན་ལྗོངས་གྲོང་ཁྱེར་འུ་ཤང་རྡོར། །ས་སྐྱོང་རལ་པ་ཅན་འཁྲུངས་ཐུབ་པ་ཡི། །བསྟན་དང་བསྟན་འཛིན་མཆོད་གནས་བཟང་བྱེད་ཅེས། །སངས་རྒྱས་འགྱུར་ཞེས་ལུང་བསྟན་དེ་ལ་འདུད། །