ཉི་མའི་རིགས་ཀྱི་རྒྱལ་རབས།
གཉའ་ཁྲི་བཙན་པོ་སོགས་གནམ་གྱི་ཁྲི་བདུན།
Previous Chapter
Next Chapter

(གཉའ་ཁྲི་བཙན་པོ་སོགས་གནམ་གྱི་ཁྲི་བདུན།)

དུས་གཅིག་ན་ཡར་ལ་ཤམ་བུའི་རི་མགོར་ཕེབས་པས། སྔོན་པ་རྣམས་ཀྱིས་མཐོང་ནས་སུ་ཡིན་གང་ནས་འོངས་ཞེས་དྲིས་པས། བོད་ཀྱི་སྐད་ནི་མ་ཤེས་ཏེ་ནམ་

78a

༄༅།        །མཁའ་ལ་འཛུབ་མོ་བཙུགས་པས། ཁྱི་ར་བ་རྣམས་ཀྱིས་འདི་ནི་གནམ་ལ་འོངས་པ་ཞིག་གོ། །ཞེས་ཡུལ་མི་ལ་སྨྲས་པ་ན། མང་པོ་ཕྱིན་ཅིང་ལྟས་པས། རྒྱལ་ཕྲན་བཅུ་གཉིས་པ་ཤིན་དུ་གཟུགས་བཟང་ལ་དཔལ་བརྗིད་ཆེ་བ་ཡིད་དུ་འོང་བ་དེ་མཐོང་ནས། ཀུན་མཐུན་པར་གྲོས་བྱས་ཏེ། ཡུ་བུ་ཅག་གི་རྗེ་བྱའོ་ཞེས་མི་བཞིའི་གཉའ་བ་ལ་ཁྲི་བྱས་ནས་སྤྱན་དྲངས་པ་ལ། གཉའ་ཁྲི་བཙན་པོ་ཞེས་བཏགས་སོ། །ཡར་ལུངས་ཀྱི་བསྟོད་ཆོང་རྒྱས་ཀྱི་རི་རྩེ་ཕྱིང་ང་སྟག་རྩེ་ཞེས་བྱ་བ་བཏབ་ནས་དེར་བཞུགས་སོ། །གསུངས་སོ། །བོད་ཀྱི་ཡིག་ཚང་ཆེས་ཆེར་རྙིང་པ་གཅིག་ཏུ། སྲིད་པ་གསུམ་ན་ཆེས་ཆེ་བ་ཤཱཀྱ་ཐུབ་པའི་གདུང་ཡང་ད་དུང་ཡོད་དེ། མངོན་འབྱུང་དུ། སྲིད་པར་སྐྱེ་བ་ཟད་པར་གསུངས་པ་ནི་གདེན་ལ་དོན་གྲུབ་ཀྱི་སྲས་སྒྲ་གཅན་འཛིན་ད་དུང་བཞུགས་ཤིང་། ཡར་འཕེལ་ཚེ་ལོ་དྲུག་བརྒྱ་པའི་དུས་དགྲ་བཅོམ་པ་དུ་མས་སངས་རྒྱས་ཀྱི་བསྟན་པ་འཛིན་པར་བཤད་ཅིང་ལང་བཤགས་ལས་ཀྱང་། ང་འདས་པའི་འོག་མ་འོངས་པའི་དུས་ན། ཤཱཀྱ་ཆེན་པོའི་རིགས་ཀྱིས་བསྟན་པ་ལ་ཕན་པར་འགྱུར་ཅེས་ཡང་ཡང་ལུང་

78b

བསྟན་པས་སོ། །དེས་ན་ཤཱཀྱ་མིང་ཆེན་གྱི་རིགས་རྒྱལ་བུ་སང་ག་ཤྲཱི་ཞེས་བྱ་བ་བོད་ཀྱི་རྗེ་བསྐལ་དུ་བྱོན། རི་བྲགས་ན་རྒྱལ་པོ་རུ་པ་ཏི་ལས་འཕེལ་བའི་མི་རྣམས་ཀྱི་རྗེ་ནི་ལོ་མང་པོའི་བར་དུ་མཛད། སླར་ཡང་། སྤྲེའུ་དང་བྲག་སྲིན་མོ་འདུས་པ་ལས་བྱུང་བའི་མི་ལ་སོགས་པ་བོད་འབངས་སྤྱི་ཐམས་ཅད་ཀྱི་རྗེ་མཛད་པའི་དུས་ལ་བབ་སྟེ། ལྷ་རི་གྱང་མཐོའི་རྩེ་ལ་བྱོན་ནས་གཟིགས་པས། གངས་ཡར་ལ་ཞམ་པོ་མཐོ་བ་དང་། ཡུལ་ཡར་ལུངས་ས་གཞི་དང་བཅས་པ་བཟང་བར་མཐོང་ནས། ལྷ་རི་རོལ་པའི་རྩེ་ལ་གཤེགས་ཏེ། ལྷ་སྐས་ལ་བབས་ནས། ཙང་ཐང་སྒོ་བཞིར་བྱོན་པ་དང་། དུས་དེར་བོན་པོ་ལ་སོགས་པའི་ཡོན་ཏན་ཅན་གྱི་མི་བཅུ་གཉིས། ཕྱུགས་སྐྱོང་བས་མཐོང་སྟེ། གང་ནས་འོང་དྲིས་པས། གནམ་ལ་འཛུབ་མོ་ཀྱིར་བས་འདི་ནི་གནམ་ནས་འོངས་པའི་བཙད་པོ་གཅིག་འདུག་པས། རང་ཅག་རྣམས་ཀྱི་རྗེ་རུ་ཞུའོ་ཞེས་བེར་ཀའི་བརྡ་སྙིང་བརྩམས་ནས། གཉའ་བར་ཁྲི་ལ་ཏེ་སྤྱན་དྲངས་ནས། རྗེ་གཉའ་ཁྲི་བཙན་པོ་ཞེས་བྱ་སྟེ་བོད་ཀྱི་རྒྱལ་པོར་མཚན་གསོལ་བ་ལ་སྔ་བ་དེ་ཡིན་ནོ། །རྒྱལ་པོ་དེའི་སྐུ་རིང་

79a

༄༅།        །ལ། ལས་ཐབས་སུ་སྐུ་མཁར་ཡུམ་བུ་བླ་སྒང་རྩིགས། མཚེ་མི་གཤེན་གྱི་དམུ་རྒྱལ་གྱི་བོན་བསྒྱུར། སུམ་པའི་བོན་པོ་ལ་ལོང་རྒྱལ་བ་སྲུའོ། །གཉའ་ཁྲི་བཙད་པོས་གནམ་མུ་དམུའི་བུ་མོ་ལུས་ཅན་ཁབ་ཏུ་བཞེས་པས་དམུ་ཁྲི་བཙད་པོ་ཁྲུངས། དེ་དང་ས་དིང་དིང་བུ་མོ་འཇའ་ལུས་སིལ་མ་འདུས་པ་ལས་དིང་ཁྲི་བཙད་པོ། དེ་དང་སོ་ཀླུ་རྒྱལ་གྱི་བུ་མོ་འདུས་པས་སོ་ཁྲི་བཙད་པོ། དེས་ཡེར་པ་བཙན་གྱི་བུ་མོ་བཞེས་པས་ཡེར་ཁྲི་བཙད་པོ། དེས་བདགས་ཀྱི་ལྷ་མོ་དཀར་མོ་དང་འདུས་པས་གདགས་ཁྲི་བཙད་པོ། དེས་སྲིབས་ཀྱི་ལྷ་མོ་བླངས་པས་སྲིབས་ཁྲི་བཙད་པོ། དེ་དང་ལྷ་མོ་བཙུན་རླུང་རྗེ་འདུས་པའི་སྲས། གྲི་གུམ་བཙད་པོ། དེ་དང་ལྷུ་བཙན་མོ་རེ་ལྕམ་འདུས་པ་ལས། སྲས་གསུམ་གྱི་ཆུང་བ་བྱ་ཁྲི་འཁྲུངས། ཕྱིས་སྤུ་དེ་གུང་རྒྱལ་དུ་མཚན་གསོལ། བོད་འབངས་ཀུན་ལ་དབང་བྱས་སོ། །བྱ་བ་འདུག །གང་ལྟར་ཡང་བོད་སྤྱི་མཐུན་གྱི་བསོད་ནམས་ལས་འཁྲུངས་པ། གཉའ་ཁྲི་བཙན་པོ་འདི་ནི། མང་པོས་བཀུར་བའི་རྒྱལ་པོ་དང་ཚུལ་མཚུངས་སྟེ། ཀུན་

79b

གྱི་བཀུར་བའི་འོས་སུ་གྱུར་པ། བདུད་དང་གནོད་སྦྱིན་ལ་སོགས་པའི་རྒྱལ་ཕྲན་བཅུ་གཉིས་ཟིལ་གྱིས་མནན། སྐུ་མཛེས་ལ་སྟོབས་ཆེ། ཐུགས་མཛངས་ཤིང་མཁྱེན་པ་བཀྲ། མཛད་པ་རྒྱ་ཆེ་བ་དང་ཐབས་ལ་མཁས། གནའ་ཐན་པས་བཀའ་ཁྲིམས་བཙན། སྐུ་བསྲུངས་བསྡེ་བཞིས་ནི་སྐུ་བསྲུངས། རྒོད་སྟོང་སྡེ་བཞི་བཅུ་རྩ་བཞིས་ཕྱིའི་དགྲ་བཏུལ། གཡུང་སྟོང་སྡེ་བཞི་བཅུ་རྩ་བཞིས་ནང་གི་ཚག་སྙོམ། རོད་དོར་ཁ་བརྒྱད་ནས་གསང་བའི་བང་མཛོད་འགེངས། ཚོང་འདུས་བཅུ་གཉིས་ནས་ནོར་གྱི་དབྱིག་བསྡུད། ལེགས་པ་བྱ་དགའ་དང་། དཔའ་འཛངས་ཀྱིས་གོས་འབྱེད། ཉེས་ལ་ཆད་པས་ངན་གཡོའི་ཁུངས་བསྣུབས། འཚགས་སྣ་ལྔས་ནི། ནང་རིན་པོ་ཆེ་གསེར་གཡུ་དང་ཡིག་ཚང་གིས་རྒྱན། དཔའ་སྣ་ལྔ་ནི། སེང་གེ་དང་གུང་སྟག་གིས་མཛེས། མགྱོགས་སྣ་ལྔ་ཕྱི་མཛོད་ནས་བཏོན་ཏེ་སྐྱུགས་སུ་སྤྲོ། རྗེའི་སྐུ་དྲིན་ནི་ཉི་མ་ཤར་བ་དང་འདྲ། འབངས་ཀྱི་ཞོ་ཤེ་རི་རབ་ལས་ལྷུན་ཐུག་ཅིང་། རྒྱ་མཚོ་ལྟར་ངང་གིས་འཁྱིལ། མཛད་པ་ལས་ཐབས་ཀྱི་ཐོག་མ་ནི། ཡར་སྟོད་

80a

༄༅།        །ཀྱི་ཤར་ལྗོངས་སུ་རྒྱལ་ས་ཆེན་པོ་ཕོ་བྲང་འུམ་བུ་གླན་མཁར་བརྩིགས་ཤིང་། དེར་བཞུགས་པས་རྒྱལ་སྲིད་ཚུལ་བཞིན་དུ་བསྐྱངས་པ་ཡིན་ནོ། ཁ་ཅིག་འོན་དུ་བླའི་གན་བརྩིགས་གསུང་ཡང་། ས་ཆ་ཕན་ཚུན་མི་གཅིག་ཅིང་། ཕོ་བྲང་གི་ཤུལ་ཡར་སྟོད་ན་ད་དུང་ཡང་ཡོད་དེ། རྒྱལ་རབས་ཁ་ཅིག་ཏུ་རྗེ་གཉའ་ཁྲི་བཙན་པོ་དེ། བཙན་ཁྱུང་དང་། སྣུབས་གཉིས། གཉན་དང་། གཙོ་གཉིས། ཁུ་དང་། སྟེགས་གཉིས་ཏེ། འབངས་རུ་དྲུག་གིས་སྤྱན་དྲངས་ནས། ར་སངས་དར་བ་དང་། ཁྱུང་པོ་འཁོས་བྱས། མི་ཉག་དང་། སི་ཤེས་བློན་པོར་བཀོས་ཏེ། མགོ་ནག་ཡོངས་ཀྱི་སྤྱི་རྗེས་གསོལ་ལོ། །        ། །དེ་ཡང་། བོད་ཀྱི་རྒྱལ་པོ་ཁྲི་བདུན་ལྡེངས་ཅིག་དང་། །ལེགས་དྲུག་ལྡེ་བརྒྱད་བཙན་བཞི་ཞེས་བྱ་སྟེ། །ཉི་ཤུ་རྩ་དྲུག་སྔོན་གྱི་རྒྱལ་པོ་ཡིན། །སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་དྲུག་དང་། །ཤིན་ཏུ་སྐྱིད་པའི་རྒྱལ་རབས་ཕྱེད་དང་བཞི། །དེ་ལྟར་གདུང་རབས་བཞི་བཅུ་ཐམ་པ་སྟེ། །དེ་ནི་བོད་འབངས་སྤྱི་ཡི་སྐྱིད་རེས་ཡིན། །འོན་ཀྱང་བསྟན་པ་ཆེས་དར་འགྲིབས་པ་མེད། །ཅེས་གསུངས་པ་ལྟར། ཁྲི་བདུན་

80b

ལ། གཉའ་ཁྲི་བཙན་པོའི་སྲས། མུ་ཁྲི་བཙན་པོ། དེའི་སྲས་དིང་ཁྲི་བཙན་པོ། དེའི་སྲས་སོ་ཁྲི་བཙན་པོ། དེའི་སྲས་ཡེ་ཁྲི་བཙན་པོ། དེའི་སྲས་གདགས་ཁྲི་བཙན་པོ། དེའི་སྲས་སྲིབས་ཁྲི་བཙན་པོ་ཏེ། དེ་བདུན་ལ་གནམ་གྱི་ཁྲི་བདུན་ཟེར་རོ། །འདི་དག་གོང་འོག་འཁྲུགས་པ་དང་མི་གཅིག་པ་མང་དུ་སྣང་། འདི་རྣམས་ལ་རྒྱལ་རབས་གསང་བ་ཡང་ཆུང་དུ། ཁྲི་བདུན་བང་སོ་གནམ་ལ་བཏབ། །ལྷ་ལུས་རོ་མེད་འཇའ་ལྟར་ཡལ། །ཞེས་སྟེ། དེ་དག་གི་དབུ་ལ་འོད་ཀྱི་འཇའ་ཐག་ཡོད་པས་སྐུ་ཚེ་རིང་ཤིང་། ལོ་གྲངས་འདི་བཞུགས་ནི་མི་ཤེས། ལོ་མང་དུ་ལོན་ལ། སྲས་ཀྱིས་ཕྱིབས་ཁ་ཐུབ་ཙ་ན། ཡབ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་བདེ་བར་གཤེགས་སོ་ཟེར་ཀྱང་། བོད་རྟིང་མ་རྣམས་ན་རེ། དེ་ནི་དངོས་པོའི་རིགས་པ་དང་འགལ་བས་ན་མི་བདེན་ཏེ། དེའི་ཚེ་མཐའ་འཁོབ་ཀྱི་ལུགས་ངན་པས། སྲས་ཀྱིས་སྲིད་ཟིན་ཙ་ན། ཡབ་རྒུང་དུ་གཤེགས་པར་ངེས་སོ་ཅེས་སོ། །འདི་ལྟ་བུ་གཏན་མི་སྲིད་ཅེས་དགག་པར་ཡང་མི་ནུས་ཏེ། དེའི་ཚེ་བོད་འདི་དག་གིས་བླང་དོར་ཀྱི་གནས་མི་ཤེས་ལ། མཛམ་གླིང་འདིའི། ཡུལ་མཐའ་འཁོབ་ཀྱི་ཡང་འཁོབ་

81a

༄༅།        །དག་དུ་ཡང་ཀན་ཙི་ཞེས་བྱ་བའི་ཡུལ་དུ་ཡང་ལོག་ཆོས་དེ་ལྟ་བུ་ཡོད་པར་བཤད་པ་དང་། འཕགས་པ་མི་གཡོ་བའི་རྒྱུད་ལས་ཀྱང་དེ་དག་དང་འཐུན་པའི་ལྷའི་རྣལ་འབྱོར་བཤད་ཅིང་། ལུགས་ཀྱི་བསྟན་བཅོས་ལས། མཁས་ལ་གྲགས་པའི་གྲུབ་མཐའ་ནི། །སངས་རྒྱས་པ་དང་མུ་སྟེགས་གཉིས། །དེ་ལས་གཞན་པ་བླུན་པོ་ཡིས། །བློ་བུར་བཏགས་པའི་གྲུབ་མཐའ་ཡོད། །ཅེས་གསུངས་པ་ལྟར། ཕྱི་ནང་གཉིས་པོ་ལས་གཞན་པའི། མི་མཁས་པའི་གྲུབ་མཐའ་རྣམས་ནི། བླུན་པོ་བདུད་ཀྱིས་རླབས་པ་རྣམས་ཀྱིས་སྒྲོ་བཏགས་ཏེ། ཐ་བོ་ཤང་གིན་བྱ་བ། མའི་མངལ་དུ་ལོ་བརྒྱད་བཅུ་རྩ་བཞིར་སྡད་པ་གཅིག་བྱུང་། དེའི་ཆོས་ལོག་རྒྱ་ནག་ཏུ་དར་བར་གྱུར་ཏོ། །ཁ་ཆེར་ཆོས་ལོག་སྤྱོད་པ། ཤམ་ཐབས་སྔོན་པོ་ཅན་བྱ་བ་བྱུང་ནས། དེ་རྒྱལ་པོས་སྟག་གཟིག་གི་ཡུལ་དུ་སྤྱུགས་པས། དེའི་ཆོས་ལོག་སོག་པོའི་ཡུལ་དུ་དར་ཏེ། རང་གིས་བསད་པའི་དུད་འགྲོ་དེ་རང་གི་འཁོར་དུ་སྐྱེ་བར་འདོད་པ་དང་། ཤི་བའི་ཚེ། ཆུང་མ། འཁོར། ནོར་རྫས་དང་ལྷན་ཅིག་ཏུ་སྦས་པ་དེ་ཉིད་ལ་ལོངས་སྤྱོད་པར་འདོད། ཕ་བསད་པ་རྣམས་ཀྱི་

81b

ལྷར་སྐྱེ། གྲོག་མོ་ལ་སོགས་པ་བསད་ན། བསོད་ནམས་སུ་འདོད་པ་སོགས་བྱུང་། སྲིབས་ཁྲིའི་སྲས། གྲི་གུམ་བཙན་པོ། དེའི་སྲས་ཤ་ཁྲི་དང་། ཉ་ཁྲི་དང་། བྱ་ཁྲི་གསུམ་མོ། །