ཉི་མའི་རིགས་ཀྱི་རྒྱལ་རབས།
གནམ་རི་སྲོང་བཙན།
Previous Chapter
Next Chapter

(གནམ་རི་སྲོང་བཙན།)

དེས་འོལ་ཀོར་ཟ་སྟོན་བཙུན་གྱི་འབྲོ་སྨན་བཞེས་པའི་སྲས། གནམ་རི་སྲོང་བཙན། རྒྱལ་པོ་འདིས་ལོ་བརྒྱད་ལོན་པ་དང་། ཡབ་ལོ་ལྔ་བཅུ་པ་ལ་རྒུང་དུ་གཤེགས། ལོ་དེ་ཉིད་ལ་སྲས་རྒྱལ་སར་དབང་བསྐུར། ཕོ་

86a

༄༅།        །བྲང་བྱམས་པ་མི་འགྱུར་གླིང་བཏབ། རྒྱལ་པོ་འདིའི་རིང་ལ། ཤར་ཕྱོགས་སུ་རྒྱ་དང་། གྲུ་གུ་དང་། ཟིངས་པོ་རྗེ་དང་། ནུབ་ཕྱོགས་སུ་གཉའ་ཤུགས་ཀྱི་རྒྱལ་པོ་ལ་སོགས་བཏུལ། བོད་དུ་སྨན་གྱི་ཆ་ཤས་དང་། ནག་རྩིས་ལ་སོགས་པའི་སྲོལ་བཙུགས་སོ། །དེའི་དུས་སུ་བྱང་ཁ་ལ་རོང་དུ་འབྲོང་ནེ་ལེ་བོང་ཟན་ཡང་ཟེར། ཕུང་གཡག་ཐལ་ཁ་རུ་རིངས་ཀྱང་བྱ་བ་གཅིག་གིས་མི་རྟ་ཁྱི་རྟ་དང་བཅས་པ་འགྲིམས་ཚད་བསད་ནས། གཅིག་ཀྱང་འགྲོགས་མ་བཏུབ་པོ །དེར། རྗེ་གནམ་རི་སྲོང་བཙན་གྱིས། རྟ་རྨ་བྱ་གཞུང་མཛེས་བྱ་བ་ལ་ཕྱིབས་ནས་འཁོར་དང་བཅས་ཏེ་འདུལ་བའི་ཕྱིར་བྱོན་ནོ། །སྐབས་གཅིག་ཏུ་སེམས་ཅན་དེ་གཟིགས་ནས། དེད་ཅིང་དེད་པས། དགོངས་ཀ་མཚོ་མགུག་གཅིག་ཏུ་ཆུད་དོ། །དེའི་ཚེ་དམུ་དཔུང་རྒྱང་རིང་མོ་བྱ་བ། མི་རྟ་བས་ཆེ་བ་གཅིག་རྗེའི་དྲུང་དུ་སླེབ་པ་ན། དེ་ལ་ཕུང་གཡག་འདི་འདུལ་བར་ནུས་སམ་གསུངས་པས། སྔོ་ཐོག་ལགས་ཅེས་རྡོ་གཉིས་ཁྱེར་ཏེ། གཅིག་རྒྱབ་པ། རྭ་ཡ་གཅིག་ལ་ཕོག་ཅིང་ཆུ་ལ་ལྷུང་བ་དང་། ཆུ་ཁོལ། ཡང་གཅིག་རྒྱབ་པ་རྭ་ཡ་གཅིག་ལ་ཕོག་ནས་

86b

མེ་འབར་དུ་བ་འཐུལ་ཞིང་གཡག་དེ་བསད་དོ། དེའི་ཚེ་གཡག་ཤ་འགའ་ཞིག་རྟ་ལ་ཡང་བཀལ། ལྷག་མ་དཔུང་རྒྱལ་རིང་མོས་འཁུར་དུ་ཁྱེར་བས་རྟ་འགྲོས་དང་མཉམ་དུ་འོངས་པས། མཉམ་དུ་བྱུང་། གོམ་པ་འདི་ཙམ་གྱིས་ཕྱིན་ན་ཡུལ་དུ་ནམ་སླེབ་གསུངས་པ་ལ། ཟླ་བ་ཕྱེད་ནས་སོ། །འདུར་ན་ཞག་བདུན་གྱིས་སླེབ་ཅིང་། བང་བཏང་ན་དངོས་དང་མཉམ་ཏེ་དགོང་མོ་སླེབ་ཅེའོ། །དེ་ནས་མགྱོགས་པར་བྱོན་པས་གངས་འགྲམ་གྱི་མཚོ་གཅིག་ཏུ་སླེབ་པ་དང་རྟ་གམ་ནས་ཤི། རྒྱལ་པོ་ཡང་གཡག་ཤ་གསོལ་ནས་ཆབ་གྲང་འདོན་པའི་རྐྱེན་གྱིས་འདས་སོ། །དེ་ལྟར་རྒྱལ་པོ་གནམ་རི་སྲོང་བཙན་གྱིས་རྒྱལ་སྲིད་ལོ་སུམ་བཅུ་སོ་གཉིས་བསྐྱངས་ནས། རྒུང་ལོ་བཞི་བཅུ་པ་ལ་རྒུང་དུ་གཤེགས་ཏེ། བང་སོ་གུང་རིང་སོགས་ཁ་དུན་དཀར་གྱི་མདའ་ན་ཡོད་དོ། །