ཉི་མའི་རིགས་ཀྱི་རྒྱལ་རབས།
གུང་སྲོང་གུང་བཙན།
Previous Chapter
Next Chapter

(གུང་སྲོང་གུང་བཙན།)

སྲོང་བཙན་སྒམ་པོའི་སྲས། གུང་སྲོང་གུང་བཙན་ཏེ། དེ་སྐད་དུ་ཡང་། གུང་སྲོང་བཅུ་གསུམ་བཞེས་ནས་ཆབ་སྲིད་ནི། །ལོ་ལྔར་བཟུང་ནས་བཅོ་བརྒྱད་ལོན་ཏེ་འདས། །སླར་ཡང་ཡབ་ཀྱིས་རྒྱལ་སྲིད་བཟུང་ངོ་སྐད། །མེ་ཕོ་ཁྱི་ལ་མང་སྲོང་འཁྲུངས་ནས་ནི། །ཅེས་པ་ལྟར། རྒྱལ་པོ་དེས་བཙུན་མོ་བཞིའམ་གསུམ་བཞེས་པའི་མོང་ཟ་ཁྲི་མོ་གཉན་ལྕམ་ཁབ་ཏུ་བཞེས་པའི་སྲས་གུང་སྲོང་གུང་བཙན་ཏེ། ལོ་ལྔ་རྒྱལ་སྲིད་བཟུང་ནས། ལོ་བཅྭོ་བརྒྱད་པ་ལ་སྐུ་གཤེགས་ཤིང་། བང་སོ་ཡང་གུང་ཆེན་དུན་དཀར་གྱི་མདའ་སོགས་ཕའི་གཡོན་ན་ཡོད་དོ། །རྒྱལ་སྲིད་ཡབ་ཀྱིས་བཟུང་ནས་ཡབ་ཀྱི་སྔོན་ལ་འདས་པས་ཕྱེད་ཅེས་ཟེར་རོ། །