ཉི་མའི་རིགས་ཀྱི་རྒྱལ་རབས།
ཁྲི་སྲོང་ལྡེ་བཙན།
Previous Chapter
Next Chapter

(ཁྲི་སྲོང་ལྡེ་བཙན།)

མེས་ཨག་ཚོམ་དེ་ཉིད་ཀྱི་སྲས། འཇང་ཚ་ལྷ་དབོན་ལ་རྒྱའི་རྒྱལ་པོ་ཛུང་ཛུང་གི་སྲས་མོ་སླངས་པས་མ་བྱིན་ཞིང་། གཅུང་གི་སྲས་མོ་གྱིམ་ཤང་ཀོང་ཇོ་བྱིན་ཞིང་རྫོངས་ལ་གོས་དར་མང་པོ་དང་། བཟོ་རིགས་སྣ་ཚོགས་བྱིན་ནོ། །དེའི་རིང་ལ། རྒྱ་ནག་གི་རྩིས་ཀྱི་བསྟན་བཅོས་ཀྱི་སྣ་འགའ་དང་། རྩིས་ལས་བརྟེན་པའི་ངན་བྱེད་གྱིམ་ཤང་གི་བསྐོར་དང་བཅས་ཏེ། བོད་དུ་སླེབ་པ་ན། འཇང་ཚ་ལྷ་དབོན་བློན་པོས་དཀྲོངས་པ་དང་འཕྲད་ནས། མེས་ཨག་ཚོམ་གྱིས་ཁབ་ཏུ་བཞེས་ལྷ་ཤཱཀྱ་མུ་ནེ་བཙལ་ཏེ་མཆོད་པ་བྱས་པས་སྲས་མཚན་དང་ལྡན་པ་གཅིག་འཁྲུངས་པ་ནི། ཁྲི་སྲོང་ལྕགས་རྟའི་དཔྱིད་ཀ་བྲག་དམར་དུ། །འཁྲུངས་ནས་བཅུ་གསུམ་ལོན་ཚེ་ཡབ་འདས་ནས། །ཅིག་ཆར་སྲིད་བཞེས་བཞི་བཅུ་རྩ་གསུམ་བཟུང་། །ལྔ་བཅུ་རྩ་དྲུག་

100a

༄༅།        །ལོན་ཚེ་ཤིང་གླང་ལ། །ཟུར་མཁར་ནང་དུ་གཤེགས་ཞེས་གསལ་བར་ཐོས། །མེས་ཨག་ཚོམ་གྱིས། མནའ་མ་ཁྱིམ་ཤིང་ཀོང་ཇོ་བཞེས་པའི་སྲས། མཚན་དང་ལྡན་པ་གཅིག་ལྕགས་ཕོ་རྟའི་དཔྱིད་ལ་བྲག་དམར་དུ་འཁྲུངས་ཏེ།(ས་རྟ་ལོ་སྲས་འཁྲུངས་བྱའང་འདུག་གོ།) ཟླ་བ་འགའ་ལོན་པ་དང་། ཕང་ཐང་དུ་རྒྱལ་པོ་ལ་བཀོ་བར་ཆས་པ་ན། བུ་དེ། ཆེན་མ་སྣ་ནམ་ཟས་འཕྲོགས་ཏེ། སྣ་ནམ་ཟའི་བུར་བྱས་ནས་མཚན་ཡང་ཁྲི་སྲོང་ལྡེ་བཙན་ཞེས་བཏགས། དེ་ཆུང་ངུའི་དུས་སུ་ཡང་མཁྱེན་པ་རྫོགས། ཤེས་རབ་དང་ཐུགས་རྗེ་ཆེ་བ་གཅིག་བྱུང་པས། སང་ཤི་ལ་སོགས་པའི་མི་བཞི་བརྒྱ་རྒྱ་ནག་ཏུ་ཆོས་ཚོལ་དུ་བཏང་། དེ་དུས་རྒྱ་ན་ཧ་ཤང་མངོན་ཤེས་ཅན་གཅིག་ཡོད་པ། དེས་བོད་ཀྱི་ཕོ་ཉ་བ་འཕགས་པ་བྱང་ཆུབ་སེམས་དཔའི་སྤྲུལ་པ་གཅིག་འོང་ཏེ། བྱད་དབྱིབས་ལ་སོགས་པ་འདི་འདྲའོ་ཞེས་འབག་བྱས་སོ། །སླེབ་པ་དང་རྒྱལ་པོས་གཉེན་བཀུར་བྱས་ཆོས་མང་པོ་བསྐུར་ནས། ཧ་ཤང་གཅིག་དང་བཅས་པ་སྫངས། བོད་དུ་སླེབ་པ་དང་མེས་ཨག་ཚོམ་འདས། རྒྱལ་བུ་ཆུང་ཤིང་བློན་པོ་རྣམས་ཀྱིས་ཆོས་ཁྲིམས་བཤིག །ཆོས་བྱེད་པ་ལ་དབྱེན་མང་པོ་བྱས། ལྷ་

100b

ཤཱཀྱ་མུ་ནེ་རྒྱ་ཡུལ་དུ་བསྐྱེལ་བར་བསམ་པས། མི་སུམ་བརྒྱས་མ་ཐེག་པར་བྱེ་མའི་འོག་ཏུ་སྦས། ལྷ་སར་བཤས་ར་བྱས་སོ། །དེའི་ཚེ་བློན་པོ་སྣ་ནམ་ཁྲི་ཐོག་རྗེ་ཐང་ལ་འབར་བྱ་བ་རྒྱབ་གས་ནས་ཤི། ཅོག་གྲུ་སྐྱེས་ངས་རྒྱལ་མགོན་ཞེས་བྱ་བ་སྐམས་ནས་ཤི་བས། ཐམས་ཅད་ཀྱིས་ལྷ་བྱེ་གསེབ་དུ་བཅུག་པས་ལན་ཟེར་བ་དང་། ལྷ་དྲེའུ་གཉིས་ལ་བསྐུར་ནས་མང་ཡུལ་སྐྱིད་རོང་དུ་བསྐྱལ། མཁར་བྲག་དང་མགྲིན་བཟང་གཉིས་བཤིག་གོ། །དེའི་ཚེ་སྦ་གསལ་སྣང་ཞེས་བྱ་བ་ཆོས་བློན་གཅིག་ཡོད་པས། རྒྱལ་བུས་མང་ཡུལ་གྱི་ཁ་ལ་བསྐོས་ནས་བཏང་།སངས་ཤིས་ཆོས་ཁྲིམས་བཤིག་པ་མཐོང་ནས་བྲག་ལ་ཆོས་རྣམས་སྦས་སོ། །

101a

༄༅།        །དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལོ་བཅུ་གསུམ་པ་ས་ཕོ་རྟའི་ལོ་ལ་རྒྱལ་སར་ཏོག་ཕོ་བྲང་དུ་ཡབ་མེས་རྣམས་ཀྱི་མཛད་པ་དང་རྒྱལ་ཐབས་མང་པོ་བྱས་པའི་གཏམ་བྱུང་བས། སང་ཤིས་ཆོས་བྲག་ལ་སྦས་པ་བླངས་ཏེ་སྙན་དུ་གསོལ་བས། རྒྱལ་པོ་དད་པར་གྱུར་ཏེ། རྒྱ་མེ་གོ་དང་། ཨཱ་ནནྟ་གཉིས་ཀྱིས་བསྒྱུར་ཅིག་གསུང་ནས་བསྒྱུར་བར་བརྩམ་པ་ན། བློན་པོ་ཞང་གྲོམ་པ་སྐྱེས་ལ་སོགས་པས་བཀག་ཅིང་བསྒྱུར་དུ་མ་བཅུག །དེར་བློན་པོ་ཆོས་ལ་དགའ་བ་རྣམས་ཀྱིས། སང་ཤི་ཡང་མང་ཡུལ་དུ་རྫངས་སོ། །གསལ་སྣང་གིས་རྒྱ་གར་དུ་ཕྱིན་ནས་མ་ཧཱ་བོ་དེ། ཤྲཱི་ནཱ་ལེནྟྲ་ལ་མཆོད་པ་བྱས། བལ་པོར་བློན་པོ་བོ་ཏི་ས་ཏྭ་དང་མཇལ་ཏེ། མང་ཡུལ་དུ་གདན་དྲངས་ནས་ཆོས་ཞུས། སེམས་བསྐྱེད། སློབ་དཔོན་ལ་བོད་དུ་བྱོན་པའི་ཞུ་བ་ཕུལ་བ་ན། ང་དང་བོད་ཀྱི་རྒྱལ་པོས། སངས་རྒྱས་འོད་བསྲུངས་ཀྱི་མཆོད་རྟེན་ལ་མཆོད་ནས་སེམས་བསྐྱེད་དོ། །ཤཱཀྱ་ཐུབ་པའི་བསྟན་པ་ལ་མཐའ་འཁོབ་ཏུ་གཙུག་ལག་ཁང་བཞེངས་ནས་བསྟན་པ་དར་བར་བྱེད་པའི་སྨོན་ལམ་བཏབ་པ་

101b

ཡིན་པས། དེས་ན་འོང་ཞིང་ཕན་པར་འགྱུར་ཞེས་ལུང་བསྟན་ནས། ཁོ་ལ་མིང་ཡེ་ཤེས་དབང་པོ་ཞེས་བཏགས་ནས་བལ་པོར་གཤེགས་སོ། །དེའི་ཚེ་རྦ་ཡེ་ཤེས་དབང་པོས་དབུས་སུ་འོངས་པས། ཕོ་བྲང་རླུང་ཚུགས་སུ་རྒྱལ་པོ་དང་མཇལ། ཆོས་ཀྱི་བཀའ་མཆིད་དང་། བལ་པོའི་ཡུལ་ན། རྒྱ་གར་གྱི་མཁན་པོ་ཤཱནྟ་རཀྵི་ཏ་ཞེས་བྱ་བ། མཁས་ཤིང་བཟང་བ་སློབ་དཔོན་ཀླུ་གྲུབ་ཀྱི་ལུགས་འཛིན་པ། འཕགས་པ་འཇམ་དཔལ་ལ་ཆོས་དངོས་སུ་བསན་པ་ལ་སོགས་པ། བོ་དྷི་ས་ཏྭའི་ལོ་རྒྱུས་ཞུས་པས་རྒྱལ་པོ་མཉེས་ནས། ངས་བློན་པོ་རྣམས་ལ་བུལ་ན་བྱ་ཡིས། རེས་ཤིག་ཡིབ་ཅིག་གསུང་ནས་ཞང་ཉ་བཟང་དང་འགོས་ཁྲི་བཟང་ལ་སོགས་པ་ཆོས་ལ་དགའ་བའི་བློན་པོ་ཀུན་ལ་ཆོས་བྱེད་པར་བཀའ་སྩལ་པས། ཞང་ཉ་བཟང་ན་རེ། མ་ཞང་དབང་ཆེ་ཆོས་ལ་གནག་པས་མི་འགྲུབ་ཆི་ཟེར། འགོས་ན་རེ། མ་ཞང་མེད་པའི་ཐབས་ཅིག་བགྱི་ཡིས་སླད་ཀྱིས་བདག་གི་གཏིང་གནོན་མཛོད་ཅིག་ཟེར། དེར་རྒྱལ་བློན་ཆད་བྱས་ནས། འགོས་ཀྱིས་བློ་བཏོན། མ་ཞང་གྲོམ་པ་སྐྱེས་བསོན་པོ་ལ་དུར་དུ་བཅུག །ཁ་ཕ་བོང་གིས་

102a

༄༅།        །བཅད་ནས་བཞག་གོ། །དེ་ནས་འབུལ་བ་གསེར་ཕྱེ་བྲེ་གང་། གཞན་ཡང་ཡོ་བྱད་མང་པོ་བསྐུར་ཏེ། ཡེ་ཤེས་དབང་པོ་སློབ་དཔོན་བོ་དྷི་ས་ཏྭ་གདན་འདྲེན་དུ་བཏང་། དེའི་རྗེས་ལ། མང་གྲོ་སྣ་དྲ། སྙིགས་བསྟན་བཙན་སྟོང་གཟིགས། སྦྲང་རྒྱ་ར་ལེགས་གཟིགས་གསུམ་བསུ་རུ་བཏང་ནས། མང་ཡུལ་དུ་མཇལ་ཞིང་། མང་གྲོ་སྣ་དང་། སློབ་དཔོན་དེར་བཞག །གཞན་རྣམས་ཀྱིས་ཕོ་བྲང་དུ་ཕྱིན་ནས། རྗེ་ལ་ཕྱག་དང་གཏམ་སྙན་ཕུལ་བས། ཞང་བློན་རྣམས་ན་རེ། ལྷོ་བལ་གྱི་ངན་སྔགས་བྱེད་མི་བྱེད་རྟག་དགོས་ཟེར་ཏེ། སང་ཤི་དང་། སེང་གོང་ལྷ་ལུང་གཟིགས། འཆིམས་མེ་མན་གསུམ་བཏང་བས། སྐད་མ་ཤེས་པ། ཁ་ཆེ་ཨཱ་ནནྟ་ལ་ལོ་ཙྪ་བཅོལ་ནས། ཨ་ཙཪྻ་བཟང་ངན་ཅི་འདྲ་ཡིན་བྲིས་པས། ཤིན་ཏུ་བཟང་པོ་ཞིག་ཏེ། ཐུགས་ཁྲིག་མི་འཚལ་ཟེར་བ་དང་། སློབ་དཔོན་ཉིད་ཀྱི་ཞལ་ནས། ད་ལྟ་མཛམ་བུའི་གླིང་ན། མིའི་གཟུགས་བཟུང་ནས། ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་འབྱེད་

102b

པ་ལ་ང་ལས་མཁས་པ་མེད་གསུངས་པས་ཡིད་ཆེས་སྟེ། གདན་དྲངས་ནས་རྒྱལ་པོའི་དཔལ་དང་། མཐུ་དང་འབྱོར་པ་ཆེན་པོས་བསུ་བ་བྱས་ཏེ། བཀུར་སྟི་ཆེན་པོ་བྱས་སོ། །དེ་ནས་ཕོ་བྲང་རླུང་ཚུགས་སུ། ཁ་ཆེ་ཨཱ་ནནྟ་ལོ་ཙྪ་བྱས། ཟླ་བ་བཞིར་དགེ་བ་བཅུ། ཁམས་བཅོ་བརྒྱད། རྟེན་འབྲེལ་བཅུ་གཉིས་རྣམས་ཀྱི་ཆོས་བཤད་པས། བོད་ཀྱི་ལྷ་འཁྲུགས་ནས་དམར་རི་ལ་ཐོག་བརྒྱབ། ཕང་ཐང་ཆུས་ཁྱེར། མི་ནད་ཕྱུགས་ནད་མང་པོ་བྱུང་པས། བོད་ཡོ་ལོག་ནས་ཆོས་བྱས་པས་ལན་ཟེར་ཏེ། སློབ་དཔོན་སླར་བལ་པོར་རྫངས་སོ། །དེ་ནས་ཡང་རིང་ཞིག་ནས། རྒྱལ་པོས་ཆོས་ཁྲིམས་བཙུགས། སྦ་གསལ་སྣང་རྒྱ་ཡུལ་དུ་ཆོས་ཚོལ་དུ་བཏང་། བསང་ཤི་ལ་སོགས་པ་སུམ་བཅུ་བལ་པོར་ཨཱ་ཙཪྻ་སྤྱན་འདྲེན་དུ་བཏང་ངོ་། །དེའི་ཚེ་རྒྱའི་ཧ་ཤང་གཅིག་ན་རེ། ད་སྟེ་ཞག་དྲུག་ནས་འཕགས་པ་རྟ་སྐད་ཀྱི་སྤྲུལ་པ་གཅིག་འོང་བའི་ཆ་བྱད་འདི་འདྲའོ་ཞེས། འབག་བྱས་སོ། །སླེབ་པ་དང་རྒྱ་རྗེས་བསྙེན་བསྐུར་བྱས། ཧ་ཤང་གཅིག་ལ་ལུང་བླངས་འཁོར་ནས་

103a

༄༅།        །རྒྱལ་པོ་ལ་ཆོས་སྐྱེས་སུ་ཕུལ་ལོ། །རྒྱལ་པོའི་ཞལ་ནས་ད་དུང་ཨཱ་ཙཪྻ་གདན་མ་འདྲོངས་པས། ཁྱོད་ཀྱང་གདན་འདྲེན་ལ་སོང་གསུང་ནས། བལ་པོར་རྫངས། ཡེ་ཤེས་དབང་པོ་དང་། སང་ཤི་གཉིས་ཀྱིས་ཨཱ་ཙྪ་ཡ་གདན་དྲངས་ཏེ། བྲག་དམར་མགྲིན་བཟངས་སུ་ཕེབས་པ་ལ་རྒྱལ་པོ་འཁོར་དང་བཅས་པས་བསུས་ཤིང་ཕྱག་བཙལ་ནས་མཆོད་པ་རྒྱ་ཆེན་པོ་བྱས། ཆོས་ཞུས་པ་ན། སློབ་དཔོན་གྱི་ཞལ་ནས། ཆོས་བཤད་ན་བོད་ཀྱི་ལྷ་སྲིན་འཁྲུགས་ཏེ་ཆོས་བྱེད་དུ་མི་སྟེར་ཞིང་། རྒྱལ་ཁམས་དང་རྒྱལ་པོའི་སྐུ་ཚེ་ལ་གནོད་པས། ལྷ་སྲིན་འདུལ་བ་ལ། སློབ་དཔོན་པད་མ་སམྦྷ་ཝ་ཞེས་བྱ་བ་མཐུ་དང་ནུས་པ་ལྡན་པ་གཅིག་ཡོད་པས་སྤྱན་དྲོངས་གསུང་། བཙན་པོས་རྨི་ལམ་དུ་བྱུང་བ་སྐད་བྱས་ནས། སྦ་མང་རྗེ་གསལ་སྣང་དང་། སེང་གོང་ལྷ་ལུང་གཉིས་ལ་གཡོག་སྣ་ནམ་རྡོ་རྗེ་བདུད་འཇོམས། ལྕེ་ཛྙཱ་ན་སིད་དྷི། འཆིམས་ཤཱཀྱ་ཤྲི་པ། བྲང་ཏི་ཛ་ཡ་རཀྵི་ཏ། ཤུད་པུ་དཔལ་གྱི་སེང་གེ་དང་། ལྔ་བཏགས་ནས་བཏང་བ་དང་། སློབ་དཔོན་མཉེས་ཏེ། མང་ཡུལ་གུང་ཐང་དུ་ཕེབས་པ་དང་མཇལ། དེའི་ཚེ་སློབ་དཔོན་པད་མ་འཁོར་བཅས་སྐྱེད་རོང་གི་ཕུག་

103b

འོད་དུ་ཕྱག་ཕེབས། དཔོན་སློབ་རྣམས་དེར་བཞུགས་པའི་ཚེ་གུ་གེ་ཞང་ཞུང་གི་དགྲ་ལྷའི་རྒྱལ་མོ་མུ་ཙ་མེད་བྱུང་ཏེ། རི་ཕན་ཚུན་ཁ་བལྟབ་པར་བརྩམས་པ་ན། སློབ་དཔོན་གྱིས་བཏུལ་ནས་དབང་བསྐུར། གངས་ཀྱི་ཡུལ་གཅིག་རྡོ་རྗེ་ཀུན་ཏུ་བཟང་ཞེས་མིང་དང་བཅས་དམ་ལ་བཏགས་པས། བསྟན་མ་བཅུ་གཉིས་ཀྱི་ཐོག་མ་ནི་དེ་ཡིན་ནོ། །སླར་རིམས་ཀྱིས་བོད་ཀྱི་ལྷ་འདྲེ་བདུག་པ་ཅན་རྣམས་དམ་ལ་འདོགས་ཞིང་བྱོན་ཏེ། ཧས་པོ་རིར་ཕྱག་ཕབ་བཙན་པོ་དང་མཇལ་ནས་མ་སྒྲོའི་ཕུགས་བྱོན། བོད་ཀྱི་ལྷ་སྲིན་ཐམས་ཅད་དམ་ལ་བཏགས། བོད་དུ་ཕྱི་རོལ་མུ་ཏེགས་བྱེད་འོང་དུ་མི་འཇུག་པར་བསྟན་མ་བཅུ་གཉིས་ལ་བཀའ་བསྒོས་སོ། །དེ་ནས་སློབ་དཔོན་བསམ་ཡས་སུ་སྤྱན་དྲངས། ས་ཆོག་མཛད་དེ། སློབ་དཔོན་བོ་དྷི་ས་ཏྭས་ས་དཔྱད་མཛད་ནས། ཨོ་ཏནྟྲ་པུ་རིའི་གཙུག་ལག་ཁང་ལ་དཔེ་མཛད་དེ། མེ་མོ་ཡོས་བུའི་ལོ་ལ་རྨང་བཏིང་ནས་བཞེངས་པ་ལ། རྒྱལ་པོ་ཉིད་ཀྱིས་དབུ་རྩེ་རིམ་གསུམ་རི་རབ་ཀྱི་ཚུལ་དུ་བཞེངས། ཡཀྵ་གོང་འོག་གཉིས་ཉི་ཟླའི་ཚུལ་དུ་བཞེངས། གླིང་ཕྲན་བཅུ་གཉིས་ལ། རྣམ་དག་ཁྲིམས་ཁང་གླིང་དུ། རབ་བྱུང་

104a

༄༅།        །བྱེད། མཁྱེན་རབ་འཇམ་དཔལ་གླིང་དུ་ཆོས་བཤད། བརྡ་སྦྱོར་ཚངས་དབང་གླིང་དུ་སྡ་སྦྱོར་བྱེད་ཏེ། ཤར་ཀྱི་གླིང་གསུམ་མོ། །ལྷོའི་གླིང་གསུམ་ནི། བདུད་འདུལ་གསང་སྔགས་གླིང་དུ་དབང་བསྐུར། ཨཱཪྻ་ཕ་ལོའི་གླིང་དུ་སྤྱན་དྲངས། སྒྲ་བསྒྱུར་ལོ་ཙྪ་གླིང་དུ་སྒྲ་བསྒྱུར། ནུབ་ཀྱི་གླིང་གསུམ་ལ། རྣམ་པར་སྣང་མཛད་གླིང་དུ། ཐེག་པ་རིམ་པ་འབྱེད། དགའ་ལྡན་བྱམས་པ་གླིང་དུ་ལུང་སྟོན། མི་གཡོ་བསམ་གཏན་གླིང་དུ་སྒོམ་སྒྲུབ་བྱེད། བྱང་གི་གླིང་གསུམ་ལ། རིན་ཆེན་སྣ་ཚོགས་གླིང་དུ། ཆོས་མི་ནུབ་པའི་རྒྱལ་མཚན་དང་། མཆོད་པ་རིན་པོ་ཆེའི་ཕྲེང་བ་བཀོད། བླ་མེད་བྱང་ཆུབ་གླིང་དུ་སེམས་བསྐྱེད། རིན་ཆེན་ནོར་བུ་དབྱིག་མཛོད་པེ་ཧར་གླིང་དུ་དཀོར་ནོར་བརྩིགས་ཏེ། གླིང་བཅུ་གཉིས་སུ་མ་གཏོགས་པ་ཡང་བཙུན་མོ་ཆེ་བ་ཚེ་སྤོང་ཟ་དམར་རྒྱལ་མེ་ཏོག་སྒྲོན་མས་ཁམས་གསུམ་ཟངས་ཁང་གླིང་བཞེངས། ཕོ་ཡོངས་ཟ་རྒྱལ་མོ་བཙུན་གྱིས། སྦུ་ཚལ་སེར་ཁང་གླིང་བཞེངས། འབྲོ་བྱང་ཆུབ་སྨན་གྱིས་དགེ་རྒྱས་བྱེ་མ་གླིང་བཞེངས་སོ། །གཞན་ཡང་ཐའི་སོ་བརྒྱང་ཞིང་སྐད་རིགས་མི་གཅིག་པ་འདུལ་བའི་ཕྱིར་

104b

དུ། ཤར་ཕྱོགས་རྒྱའི་ཁ་གནོན་དུ་རྡོའི་གཙུག་ལག་ཁང་། ལྷོར་མོན་གདུལ་བའི་ཕྱིར་བུམ་ཐང་རྩེ་ལུང་གི་ལྷ་ཁང་། ནུབ་ཏུ་ཀླུའི་ཁ་ནོན་དུ་དཔལ་རྒྱས་ཀྱི་ལྷ་ཁང་། བྱང་དུ་ཨུརྡྷེནྟ་བྷ་དྲ་འདུལ་བའི་ཕྱིར་དུ་སྤྲོ་རྩེའི་ལྷ་ཁང་། གཞན་ཡང་ཤར་ཀོང་ཆུ། ལྷོ་བྲག་མཁར་ཆུ། ནུབ་ཆུ་འདུས། བྱང་གྱ་ཆུའི་ལྷ་ཁང་སྟེ་སྒོམ་ཁང་བཞི་དང་། ཕྲང་འབྲུག་ཏུ་ཡོན་ཏན་ཡིད་བཞིན་འབྱུང་བ་སྟེ་ལོ་ཆུ་ཕུག་ཆེན། ཀ་ཚལ་དུ་ཞམ་པ། ཙང་ཕྲང་དུ།ནག་གསེབ་བདེ་ལྡན་འཕྲུལ་གླིང་། གྲོམ་པར་དགེས་མཛད་དགའ་བའི་ལུང་། ལྷ་སར་ཡེར་བྷ། བསམ་ཡས་སུ་མངོན་པར་སངས་རྒྱས་འཆིང་བུ་སྟེ། ཡང་དབེན་རྣམས་སོ། །ས་མོ་ཡོས་ལ་ཚར་ནས། ཨ་ཙཪྻ་བོ་དྷི་ས་ཏྭ་དང་། པད་མ་སམྦྷ་ཝས་རབ་གནས་མཛད་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པ་ནི། བསམ་ཡས་ཀྱི་རབ་གནས་ལེགས་པའི་རྟེན་འབྲེལ་ཡིན་ནོ། །ལོ་བཅུ་གསུམ་དུ་དགའ་སྟོན་བྱས་ཏེ་རྣམ་ཐར་ཁ་གཅིག་ཏུ། པད་མ་བ་བོད་དུ་ལོ་བཅུ་གསུམ་བཞུགས་ཟེར། ཁ་ཅིག་ཏུ་ཟླ་བ་བཅྭོ་བརྒྱད་བཞུགས། བོད་ཀྱི་གདུལ་བྱ་འཕྲིན་

105a

༄༅།        །ལས་རྣམས་མཐར་ཕྱིན། བསམ་ཡས་ཀྱི་རབ་གནས་དུས་སླེབ་ཡོང་གསུང་ནས། སྐྱིད་གྲོང་དུ་བྱོན། དེ་ནས་གསེག་ཤང་ཁྲོལ་ལེ་ནམ་མཁའ་འཕུར། རྔ་ཡབ་གླིང་དུ་སྲིན་པོ་འདུལ་བ་ལ་བཞུད། རྡོ་རྗེའི་སྐུ་བརྙེས། ད་དུང་ཡང་བཞུགས་སོ་ཞེས་གྲགས་སོ། །ལུག་གི་ལོ་ལ་ཐམས་ཅད་ཡོད་སྨྲའི་སྡེ་པའི་དགེ་སློང་བཅུ་གཉིས་སྤྱན་དྲངས་ཏེ། བོད་དུ་བཙུན་པ་བཏུབ་མི་བཏུབ་བརྟག་པའི་ཕྱིར། སད་མིའི་མི་བདུན་རབ་ཏུ་བྱུང་བ། མཁན་པོ་བོ་དྷི་ས་ཏྭོས་བྱས་ནས། དབས་རིན་ཆེན་བསྲུང་བ། རབ་ཏུ་བྱུང་བས། བོད་ཡུལ་དུ་རབ་ཏུ་བྱུང་པའི་སྔ་ཤོས་མངོན་ཤེས་ལྔ་དང་ལྡན་པར་གྱུར་ཏོ། །འདིས་མཁན་པོ་བོ་དྷི་ས་ཏྭའི་གདན་ས་བྱས་སོ། །ཡང་ཡེ་ཤེས་དབང་པོ་བསྲུང་བ་སྟེ། འདི་བོད་ལ་སྐུ་དྲིན་ཆེ་ཤོགས་ཡིན་ཅིང་། སངས་རྒྱས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའ་རྟ་སྐད་ཞེས་ལུང་བསྟན་ཏོ། །རིན་ཆེན་དབང་པོ་བསྲུང་བ་སྟེ། རྒན་གསུམ་མོ། །བར་པ་ནི་གླང་སུ་ག་ཏ་ཝརྨ་རཀྵི་ཏ། གཞོན་གསུམ་ལ། དབའ་གོར་བཻ་རོ་ཙ་ན་རཀྵི་ཏ། རྩང་དེ་ཝིནྟྲ་རཀྵི་

105b

ཏ། འཁོན་ནཱ་གེནྟྲ་རཀྵི་ཏ་སྟེ་གཞོན་གསུམ་མོ། །དེ་རྣམས་ཀྱི་མཁན་བརྒྱུད་ནི། ཤཱཀྱ་ཐུབ་པ། ཤ་རིའི་བུ། སྲས་སྒྲ་གཅན་འཛིན། ཀླུ་སྒྲུབ། ལེགས་ལྡན་འབྱེད། དཔལ་སྦས། ཡེ་ཤེས་སྙིང་པོ། བོ་དྷི་ས་ཏྭ་རྣམས་བསམ་ཡས་ཀྱི་ལོགས་བྲིས་ལ་བྲིས་ཡོད་དོ། །དེ་ནས་སློབ་དཔོན་པད་མས་ངམ་ཤོད་ཀྱི་བྱེ་མ་ནེ་སིང་དུ་བསྒྱུར་བ་དང་། གཙང་པོ་སྦུབས་སུ་འཛུད་པ་ལ་སོགས་པ་མཛད་པར་བྱས་ཏེ། བཙན་པོ་ཁྲུས་བསིལ་བའི་ཆུ་དངུལ་གྱི་བུམ་པ་ནམ་མཁའ་ལ་བསྐུར་བས། ལྷའི་ཆུ་འོ་མའི་མདོག་འདྲ་བས་གང་བྱུང་བས། སྐྲ་བསིལ་བར་གསོལ་བས་ན། བློན་པོས་སྐྱོ་མ་བྱས་ཏེ། སླར་རྫངས་སོ། །གཞན་ཡང་རྒྱ་གར་གྱི་སློབ་དཔོན་བི་མ་ལ་མི་ཏྲ་དང་། སངས་རྒྱས་གསང་བ་སྤྱན་དྲངས་ཀྱང་མ་ཕེབས་སོ། །(སྤྲིང་ཡིག་འདི་རྣམས་བརྫངས་སོ། །)བོད་ཀྱི་སྤུ་རྒྱལ་མགོ་ནག་ཡོངས་ཀྱི་རྗེ། །ཁྲི་སྲོང་ལྡེ་བཙན་ཨག་ཚོམ་མེས་ཀྱི་སྲས། །རླུང་རྣམ་འཕྲུལ་གྱི་རྒྱལ་པོ་བློན་པོ་ཡི། །སྲོང་བཙན་སྒམ་པོ་སྤྱན་རས་གཟིགས་ཀྱི་སྐུ། །བྱང་ཆུབ་སེམས་དཔའི་སྐུ་བརྒྱུད་གདུང་མ་ཆད། །འགྲོ་དྲུག་ནང་ན་ཤེས་རིག་ཆེ་བའི་མི། །དུག་ལྔ་སྡོང་པོ་རྒྱུད་དྲུག་ཀུན་གྱི་གཞི། །ཁྲིག་རྗེ་ཐོག་བཙན་མན་ཆད་བརྒྱུད་པ་ཡི། །དགེ་བ་བཅུ་ཁྲིམས་བཙུགས་ནས་དུལ་བར་མཛད། །ཤནྟིཾ་གརྦྷ། བི་ཤུད་དྷ་སི་ཧ་ལ་སོགས་པ་དང་། བོད་ཀྱི་ལོ་ཙྪ་བ་སད་མི་མི་བདུན་དང་། ཆོས་ཀྱི་སྣང་བ་དང་། བན་དྷེ་ནམ་མཁའ་དང་། འབྲོ་རིན་ཆེན་སྡེ་དང་། རྣམ་པར་མི་རྟོག་པ་དང་། ཤཱཀྱ་འོད་ལ་སོགས་པས་ལོ་ཙྪ་བྱས་ཏེ། ཆོས་

106a

༄༅།        །མང་པོ་བསྒྱུར་རོ། །སྔགས་འཆང་དྷརྨ་ཀཱིརྟི་ཞེས་བྱ་བ་སྤྱན་དྲངས་ནས། ཡོ་ག་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་དུ་བདུད་འདུལ་གསང་སྔགས་གླིང་དུ་དབང་བསྐུར། ཁ་ཆེའི་པཎྜི་ཏ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་ལ་སོགས་པས། རྣམ་དག་ཁྲིམས་ཁང་གླིང་དུ་ཁྲིམས་བཅས། རྒྱའི་ཧ་ཤང་ལ་སོགས་པས་མི་གཡོ་བསམ་གཏན་གླིང་དུ་བསམ་གཏན་བྱེད། བརྡ་སྦྱོར་ཚངས་པའི་གླིང་དུ་བརྡ་སྦྱོར། དཀོར་མཛོད་པེ་ཧར་གླིང་དུ་ནོར་འཇོག །བཻ་རོ་ཙ་ན་གླིང་དུ་ཆོས་འཆད་པ་ལ་སོགས་པ་བསྟན་པ་ཡོངས་སུ་རྫོགས་པ་དར་བར་བྱས་ཏེ། འབྲུག་གི་ལོ་ལ་ཕོ་བྲང་ལྡན་དཀར་ན་བཞུགས་པའི་སྟོན་པ། སྒྲ་བསྒྱུར་གྱི་བན་དྷེ་དཔལ་རྩེགས་དང་། བན་དྷེ་ཀླུའི་དབང་པོ་ལ་སོགས་པས། བོད་ཁམས་སུ་དམ་པའི་ཆོས་འགྱུར་རོ་འཚལ་གྱི་མཚན་བྱང་། བམ་པོ་དང་ཤློ་ཀའི་གྲངས་སུ་མཆིས་པས་གཏན་ལ་ཕབ་ནས། དཀར་ཆག་ཏུ་བྲིས་སོ། །དེ་ནས་ཨ་ཙཪྻ་བོ་དྷི་ས་ཏྭའི་ཞལ་ནས། སློབ་དཔོན་པད་མས་བསྟན་མ་བཅུ་གཉིས་ལ་སྒོ་བས། བོད་དུ་མུ་ཏེགས་ནི་མི་འབྱུང་གི །འོན་ཀྱང་སངས་རྒྱས་ཀྱི་བསྟན་

106b

པ་ཉིད་ཁ་གཉིས་སུ་གྱེས་ཏེ་རྩོད་པར་འགྱུར་བས། དེའི་ཚེ་ངའི་སློབ་མ་ཀ་མ་ལ་ཤཱི་ལ་སྤྱན་དྲོངས་ལ་རྩོད་ཅིག་དང་རྩོད་པ་ཆོས་ཕྱོགས་སུ་ཞི་བར་འགྱུར་རོ། །ཞེས་ལུང་བསྟན་ཞིང་། རྟ་ཕྲ་བ་རྒྱབ་ནས་འདས་སོ། །དེ་ནས་དཔལ་དབྱངས་ཀྱིས་ཆོས་སྟོན་ཞིང་། ཡེ་ཤེས་དབང་པོ་ལྷོ་ཕྲག་ཏུ་སྒོམ་ཏུ་སོང་བའི་ཚེ། དུས་སྐབས་དེར་རྒྱའི་ཧ་ཡང་མཧཱ་ཡ་ནའི་སློབ་མ་ཞིག་བྱུང་སྟེ། ལུས་ངག་གི་ཆོས་སྤྱོད་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པ་ཅི་སྤྱད་ཀྱང་འཚང་མི་རྒྱ་ཞིང་། སྤྲིན་དཀར་ནག་གིས་ཉི་མ་སྒྲིབས་པ་བཞིན། འཆིང་བ་ལས་མ་འདས། དེས་ན་ཅི་ཡང་ཡིད་ལ་མི་བྱེད་པའི་མི་རྟོག་པ་ལ་གནས་ན་འཚང་རྒྱ་སྟེ། འབུམ་ལས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པའོ་ཞེས་དང་། མདོ་གཞན་ལས་ཀྱང་དམིགས་པར་ལྷུང་བའི་སྦྱིན་པ་ལོ་དྲུག་བཤགས་སོ་ཅེས་དང་། གང་ཡིད་ལ་བྱེད་པ་ནི་འཁོར་བ་ཡིན་ལ། མི་རྟོག་པ་ནི་མྱ་ངན་ལས་འདས་པ་ཡིན་ནོ་ཞེས། འཚམས་ཚིགས་མ་ཟིན་པར་མི་རྟོག་པ་ལ་བསྔགས་པའི་མདོ་ཁ་ཅིག་

107a

༄༅།        །གདན་དྲངས་ཤིང་ཆད་ལྟ་ལ་ཞེན་དགེ་སྦྱོར་མི་བྱེད་དོ། །བོད་ཕལ་ཆེར་དེ་ལ་དགའ་སྟེ། དེའི་ལུགས་ལྟར་སློབ། དཔལ་དབྱངས་ལ་སོགས་པ་ཉུང་ཤས་གཅིག་བོ་དྷི་ས་ཏྭའི་ལུགས་བཞིན་སློབ་པས། ལྟ་སྤྱོད་མ་མཐུན་པར་རྩོད་པ་ལས། རྒྱལ་པོས་བོ་དྷི་ས་ཏྭའི་ལུགས་བཞིན་གྱིས་ཤིག་ཅེས་གསུངས་པས། སྟོན་མུན་པ་རྣམས་ཁྲོས། ཆུ་གྲི་རེ་འཛིན་ཅིང་། ཙེན་མིན་པ་ཀུན་གསོད་ཟེར་བ་ལ། རྒྱལ་པོ་ཐུགས་མ་བདེ་ནས། ཡེ་ཤེས་དབང་པོ་འབོད་དུ་བཏང་བའི་ལན་གསུམ་པ་ལ་འོངས་ཏེ། རྒྱལ་པོ་ལ་གསོལ་པ། བདག་འགུགས་མི་འཚལ། མཁན་པོའི་ཞལ་ཆེམས་འདི་ལྟར་ལགས་ཞུས་པས། རྒྱལ་པོ་བསྙེལ་སོས་ཏེ། ཀ་མ་ལ་ཤཱི་ལ་གདན་འདྲེན་པའི་ཕོ་ཉ་བ་བཏང་བ། ཧ་ཤང་གིས་ཚོར་ནས། འབུམ་ལ་སོགས་པའི་མདོ་སྡེ་རྣམས་གདན་དྲངས་རྩོད་པ་ལ་སྦྱངས་ཤིང་། ཆོས་བྱེད་མི་དགོས་པར་ཉལ་ཆོག་གི་མན་ངག་བསམ་གཏན་ཉལ་བའི་འཁོར་ལོ་བྱ་བ་དང་། དེ་རིགས་པས་སྒྲུབ་པ་ལྟ་བའི་རྒྱབ་ཤལ། ད་ལ་རྩད་པ་སྤང་བ་བས་

107b

གཏན་ཉལ་བའ་འཁར་ལ་བྱ་བ་དང་། ད་རགས་པས་སྒྲུབ་པ་ལྟ་བའ་རྒྱབ་ཤལ། དེ་ལ་རྩོད་པ་སྤོང་བ་བསམ་བསྟན་གྱི་ལོན་དང་། ལུང་གིས་སྒྲུབ་པ་མདོ་སྡེ་བརྒྱད་བཅུ་ཁུངས་ལ་སོགས་པ་བྱས་སོ། །མདོ་སྡེ་དགོངས་པ་ངེས་འགྲེལ་བཀའ་མ་ཡིན་ཞེས་བཤེ་ཞིང་རྡོག་རིལ་བྱས་ནས་སྦས་སོ། །དེ་ནས་སློབ་དཔོན་ཀ་མ་ལ་ཤཱི་ལ་སྤྱན་དྲངས། བསམ་ཡས་སུ་རྒྱལ་པོ་ཉིད་དང་། མཁས་པ་རྣམས་ཀྱིས་དཔང་པོ་བྱས་ནས། ཐམས་ཅད་ཀྱི་མཚོན་ཆ་རྣམས་བསྡུས། ལག་ཏུ་མེ་ཏོག་གི་ཕྲེང་བ་གཏད་ནས། གང་རྒྱལ་བ་ལ་བཏུད་དེ། ཕམ་པའི་ལུགས་བོར། དེ་ལྟར་མི་བྱེད་པ་རྣམས་རྒྱལ་པོས་ཆད་པས་གཅོད་པར་དམ་བཅས་པའི་ཚེ། ཀ་མ་ལ་ཤཱི་ལའི་གྲལ་ཏུ་རྒྱ་གར་གྱི་ཆོས་ལུགས་འཛིན་པ་འགའ་དང་། སློབ་དཔོན་འགོས་སོགས་ཉུང་ཟད་གཅིག་ལས་མ་བྱུང་། རྒྱ་ནག་མཁན་པོའི་གྲལ་དུ། རྒྱལ་པོའི་བཙུན་མོ་འབྲོ་ཟ་བྱང་ཆུབ་དང་། གཟི་མལ་པ་གཅོ་རྨ་རྨ་ལ་སོགས་པ་ཚོགས་པ་ཤིན་ཏུ་ཆེ་བར་འདུས་སོ། །དེའི་ཚེ་སློབ་དཔོན་ཀ་མ་ལ་ཤཱི་ལས། རྒྱ་ནག་གི་ཆོས་ལུགས་ཇི་ལྟར་ཡིན་ཞེས་ཕྱོགས་

108a

༄༅།        །སྔ་བྲིས་པ་ན། རྒྱ་ནག་ན་རེ། ཁྱེད་ཀྱི་ཆོས་ལུགས་སྐྱབས་འགྲོ་དང་སེམས་བསྐྱེད་ནས་བཟུང་ནས། སྤྲེའུ་ཤིང་རྩེར་འཛེག་པ་ལྟར་མས་འཛེག་ཡིན། ངེད་ཀྱི་ཆོས་ལུགས་འདི་བྱ་བྱེད་ཀྱི་ཆོས་ཀྱིས་འཚང་མི་རྒྱ་བས་རྣམ་པར་མི་རྟོག་པ་བསྒོམས་ནས་སེམས་རྟོགས་པ་ཉིད་ཀྱིས་འཚང་རྒྱ་སྟེ། ཁྱུང་ནམ་མཁའ་ལས་ཤིང་རྩེར་བབས་པ་ལྟར། ཡས་འབབས་ཀྱི་ཆོས་ཡིན་པས་དཀར་པོ་ཆིག་ཐུབ་ཡིན་ནོ། །ཞེས་ཟེར་རོ། །དེ་ལ་སློབ་དཔོན་གྱིས་དཔེ་དོན་གཉིས་ཀ་མི་འཐད་པ་ལས། ཐོག་མར་དཔེ་མི་འཐད་ཏེ། ཁྱུང་ནམ་མཁའ་ལས་བློ་བུར་དུ་འདབ་གཤོག་རྫོགས་པར་སྐྱེས་ནས་ཤིང་རྩེར་འབབ་པའམ། བྲག་ལ་སོགས་པར་སྐྱེས་ནས་རིམ་གྱིས་འདབ་གཤོག་རྫོགས་པར་བྱས་ཏེ་འབབ། དང་པོ་ནི་མི་སྲིད་ལ། གཉིས་པ་ནི་རིམ་གྱིས་པའི་དཔེ་རུང་གི། ཅིག་ཆར་པའི་དཔེར་མི་རུང་ངོ་། །དེ་ནས་མཁན་པོས་དཔེ་ལ་ལན་མ་ཐེབས་པ་དང་། དེར་སློབ་དཔོན་གྱིས་ཁྱོད་ཀྱི་དཔེ་ནོར་བར་མ་ཟད། དོན་ཡང་འཁྲུལ་ཏེ། རྣམ་པར་མི་རྟོག་པའི་སྒོམ་དེ་ཅི་རྣམ་རྟོག་ཕྱོགས་

108b

གཅིག་བཀག་པ་ཙམ་ཡིན་ནམ། རྣམ་རྟོག་མཐའ་དག་དགག་དགོས། ཕྱོགས་གཅིག་དགག་པ་ཡིན་ནོ་ཞེ་ན། དེ་ལྟར་ན། གཉིད་དང་བརྒྱལ་བ་ལ་སོགས་པའང་རྣམ་པར་མི་རྟོག་པར་ཐལ། རྟོག་པ་ཕྱོགས་གཅིག་བཀག་པ་ཙམ་ཡོད་པའི་ཕྱིར་རོ། །རྣམ་པར་རྟོག་པ་མཐའ་དག་བཀག་པ་ཡིན་ནོ་ཅེ་ན། དེ་ལྟར་ན་ཁྱོད་མི་རྟོག་པ་བསྒོམ་སྙམ་པའི་རྟོག་པ་སྔོན་དུ་བཏོང་དགོས་སམ་མི་དགོས། མི་དགོས་ན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཐམས་ཅད་ལའང་སྒོམ་སྐྱེ་བར་ཐལ་ཏེ། སྒོམ་སྙམ་པའི་རྟོག་པ་སྔོན་དུ་མ་བཏང་ཡང་སྒོམ་སྐྱེ་བའི་ཕྱིར་རོ། །མི་རྟོག་པ་སྒོམ་སྙམ་པའི་རྟོག་པ་སྔོན་དུ་བཏང་དགོས་ན། དེ་ཉིད་རྟོག་པ་ཡིན་པས། མི་རྟོག་པ་བསྒོམ་པའི་དམ་བཅའ་ཉམས་ཏེ། དཔེར་ན་སྨྲ་བཅད་བྱས་པ་ཡིན་ནོ་ཞེས་བརྗོད་ན། སྨྲ་བཅད་ཤོར་བའམ། ཅ་ཅོ་མ་བྱེད་ཅེས་པ་ཅ་ཅོར་འགྲོ་བ་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ། ལུང་དང་རིགས་པས་སུན་ཕྱུང་བ་དང་། རྒྱ་ནག་མཁན་པོ་སྤོབས་པ་མེད་པར་གྱུར་ཏེ། དེར་རྒྱལ་པོས་སྨྲས་པ། ལན་ཡོད་ན་གསུངས་ཤིག །མཁན་པོ་ན་རེ་མགོ་

109a

༄༅།        །ལ་ཐོག་རྒྱབ་པ་དང་མཚུངས་པས་ལན་མི་ཤེས་སོ། །རྒྱལ་པོས་སྨྲས་པ། དེ་ལྟར་ན། སློབ་དཔོན་ལ་མེ་ཏོག་ཕྲེང་བ་ཕུལ་ལ་བཟོད་པར་གསོལ་ཏེ། དཀར་པོ་ཆིག་ཐུབ་ཀྱི་ཆོས་ལུགས་བོར་ལ། ལུང་རིགས་དང་མི་འགལ་བའི་རྒྱ་གར་གྱི་ཆོས་ལུགས་བཞིན་དུ་གྱིས་ཤིག །ད་སླན་ཆད་དཀར་པོ་གཅིག་ཐུབ་འདི་སུས་བྱེད་ཀྱང་ཆད་པས་གཅོད་དོ། །ཞེས་བོད་ཁམས་ཀུན་ཏུ་ཁྲིམས་བཅས་ཏེ། རྒྱ་ནག་གི་དཔེ་རྣམས་བསྡུས་ནས། བསམ་ཡས་སུ་གཏེར་དུ་སྦས་སོ། །དེར་རྒྱ་ནག་མཁན་པོ་ཡི་མུག་ཏེ་རང་གི་གནས་སུ་སོང་། ཆོས་གྲྭ་དེར་ལྷམ་ལས་པས། ལྟས་དེ་ལས་དཔགས་ན། སངས་རྒྱས་ཀྱི་བསྟན་པ་འཇིགས་ཁར་ངའི་བསྟན་པ་ལྷམ་ཙམ་ལུས་པར་འགྱུར་རོ་ཞེས་འཁོར་ལ་རྣམས་ལ་ལུང་བསྟན་ཞེས་གྲག་གོ། །ཕྱིས་ཀྱི་དགེ་བའི་བཤེས་གཉེན་མཁས་པ་དག་ན་རེ། དིང་སང་ཆོས་ཁུངས་མ་བོར་ཞིང་། སེམས་ངོ་འཕྲོད་ཙམ་གྱིས་གྲོལ་བར་འདོད་པ་དཀར་པོ་ཞེས་པ་འགའ་རེ་བྱུང་པའང་། ལྷམ་ལས་པའི་རྟེན་འབྲེལ་ཡིན་གསུང་། རྒྱ་ནག་མཁན་པོ་ཡང་མགོ་

109b

ལ་མེ་སྦར་ཏེ། ནུབ་ཕྱོགས་བདེ་བ་ཅན་ཏུ་ཁ་བལྟས་ནས་འདས། གཟི་མལ་བ་གཙོ། རྨ་རྨ་རང་རང་གི་དབང་པོ་བརྡུངས་ནས་ལྕེབས་ཞེས་བྱ་བ་ལ་སོགས་པ་འདིར་ཡི་གེ་མངས་པས་མ་བྲིས། འདོད་ན། རྒྱལ་བཞེད། དབའ་བཞེད་རྣམས་སུ་བལྟ་བར་བྱའོ། །དེ་ལྟར་རྒྱལ་བློན་དང་ལོ་པཎ་སྐྱེས་མཆོག་རྣམས་ཀྱིས་བོད་ཡུལ་འདིར་རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པར་མཛད་དེ། རྒྱལ་པོས་ཞབས་ཀྱི་རྡེའུ་ལ་དབུའི་རྒྱན་དུ་མཛད་པའི་དཔེར་དགེ་འདུན་རྣམས་ལའང་། ཞབས་ཐོག་དང་བསྙེན་བསྐུར་རྒྱ་ཆེར་མཛད། བཀའ་དྲིན་ཤིན་ཏུ་ཆེ་བ་ཡིན་པས། བོད་རྣམས་ཀྱིས་ཁ་ཏོན་དུའང་། རྒྱལ་བའི་རྒྱལ་ཚབ་དམ་པ་ཞི་བ་འཚོ། །སྔགས་འཆང་བླ་མེད་དགེ་སྦྱོང་པད་མ་འབྱུང་། །མཁས་པའི་གཙུག་རྒྱན་ཀ་མ་ལ་ཤཱི་ལ། ཁྲི་སྲོང་ལྡེ་བཙན་ལྷག་པའི་བསམ་པ་ཅན། །བོད་ཡུལ་མུན་པར་ཉི་མ་ཤར་བ་བཞིན། །དམ་ཆོས་སྣང་བ་ཕྱོགས་མཐར་རྒྱས་མཛད་པ། །བཀའ་དྲིན་མཉམ་མེད་དམ་པ་བཞི་ཀ་ལ། །བོད་རྣམས་རྟག་ཏུ་གུས་པར་ཕྱག་འཚལ་ལོ། །ཞེས་བརྗོད་པར་བྱེད་དོ། །

110a

༄༅།        །རྒྱལ་པོ་དེས་མངའ་མཛད་པའི་ས་ཆ་ཇི་ལྟར་ཡོད་པའི་ཚུལ་ནི། བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་ཡིན་ཏེ། ནུབ་གཅིག་གི་མནལ་ལམ་དུ། རྒྱལ་པོ་ཆེན་པོ་བཞིས་ཁྲབ་རེ་ཕུལ། འདི་དག་དམག་དཔོན་རེ་ལ་དཀོན། རྒྱ་གར་གྱི་ཡུལ་དུ་དམག་དྲོངས་ལ། རྒྱ་གར་ན་མཆོད་རྟེན་འདྲ་བ་གཅིག་ན། དེ་བཞིན་གཤེགས་པའི་རིང་བསྲེལ་ཡོད་པས་གདན་དྲོངས་ཞེས་པ་རྨི། སད་པ་དང་། དབུ་རྔས་ན་ཁྲབ་བཞི་འདུག་གོ། །བསྒོ་བ་བཞིན་དུ་དམག་དང་བཅས་ཕྱིན་ཞིང་། རྒྱ་བོད་ཀྱི་ས་འཚམས་སུ་རྩིས་པས། བྱེ་བ་སུམ་བཅུ་འདུག་ཅེའོ། །དེ་ནས་དབང་དུ་བསྡུས་ཤིང་རིང་བསྲེལ་བསྣོམས་བྱོན་ཏེ། བསམ་ཡས་ཀྱི་རྟེན་རེ་རེའི་ནང་དུ་རིང་བསྲེལ་རེ་རེ་བཅུག་ཅིང་། ལྷག་མ་རྣམས་མཆོད་རྟེན་དཀར་པོར་བཞུགས་ཅེའོ། །ཕད་རེས་ཤིག་ནས། མེ་ཕོ་སྤྲེལ་ལ། རྒྱ་ནག་དམན་ཚེའི་ས་ཆ། ཝི་ཅིའུ། ཅིའུ་དཀར་ཉེར་བཞི་ལ་སོགས་པ་ཐམས་ཅད་བླངས། རྒྱ་ནས་བོད་དུ་ཞག་རེ་རེ་ཞིང་ལ་རྒྱུན་ཆང་དངུལ་དམ་རེ་འབུལ་བའི་འབྱམ་བཙུགས་སོ། །ཕྱིས་རྒྱའི་རྒྱལ་པོ་ཐའི་ཛུང་བྱ་བ་བྱུང་

110b

བ། བོད་ཀྱི་བཞེས་ཐང་རྣམས་འཇལ་ཏུ་མ་འདོད་པས། ཡང་ཆུ་མོ་ལུག་ལ་བོད་ཀྱིས་དམག་བྱས་པ་ན། ཐའི་ཛུང་གཤེན་བཅུར་བྲོས། བོད་དམག་རྒྱ་ཡུལ་གྱིང་བྱང་ཧུར་སླེབས་པས། རྒྱའི་བློན་པོ་ཀ་ཧུ་ཏི། བོད་ལ་ངོ་བལྟས། བོད་ཀྱིས་རྒྱལ་རིགས་ཀའུ་དབང་ཅེས་པ་རྒྱལ་པོར་བསྐོས་ཤིང་བོད་ཀྱིས་རྒྱའི་ཡུལ་ཐམས་ཅད་ལ་དབང་བསྒྱུར་ཞིང་། འཇའ་ས་འགྲེམས་སུ་བཅུག་གོ། །དེ་ལྟར་རྒྱལ་པོ་དེའི་སྐུ་རིང་ལ་བསམ་ཡས་ཀྱི་གཙུག་ལག་ཁང་རྣམས་སུ་བཤད་གྲྭ། འཆིང་བུ་ལ་སྒོམ་གྲྭ་དང་། ཕོ་བྲང་རླུང་ཚུགས་སུ་གྲོང་ཁྱེར་སྐྱིད་པའི་འབྱུང་གནས། ཚངས་པའི་འབྱུང་གནས་གཉིས་བཏབ། དེ་དག་གྲོང་མང་ཤིང་རྒྱ་ཆེ་བས། གྲོང་འདི་ཙམ་ཡོད་ནི་མི་ཤེས་ལ། སྲང་མིག་མང་རིས་ཡོད་དེ། འདྲིས་པར་མ་བྱས་ན་སྲང་གི་ཚོ་ཡང་མི་ཤེས་སོ། །དེའི་བློན་པོ་ནི། འགོས་ཁྲི་བཟང་ཡབ་ལྷག །ཤུད་པུ་དཔལ་གྱི་སེང་གེ། ངམ་ར་པ་ཀླུ་གོང་། ཞང་རྒྱལ་ཚ་ལྷ་སྣང་། ཉ་བཟང་འོད་བཞེར། འཆིམས་སྤྲེ་ཆུང་རྣམས་ཀྱིས་བྱས་སྟེ། རྒྱལ་བློན་རྣམས་ཆོས་དང་ལྡན་ཞིང་ཆོས་བཞིན་དུ་རྒྱལ་སྲིད་བསྐྱངས་པས། བོད་རྣམས་བདེ་ལེགས་ལ་བཀོད་ཅིང་། མཐའི་

111a

༄༅།        །སྡེ་རྣམས་ཟིལ་གྱིས་མནན་ཏེ། ཤར་རྒྱ་ནག །ལྷོ་རྒྱ་གར། ནུབ་སྦལ་ཏི་དང་། བྲུ་ཞ། བྱང་ཧོར་ཀྱི་གནས་རྣམས་དབང་དུ་བསྡུས། ཁྲིམས་གཉིས་ཀྱི་མཛད་པ་ཤིན་ཏུ་བརྩན་པར་མཛད་ནས། ཉིད་ཀྱི་རིང་ལ་བོན་སྣུབས་ཤིང་དམ་པའི་ཆོས་དར་རྒྱས་སུ་གྱུར་ཏོ། །ཕྱག་གི་མཐིལ་ལ་ཨུད་དཔལ་ལའི་རི་མོ་ཡོད་པས་ན། འཕགས་པ་འཇམ་དཔལ་གྱི་སྤྲུལ་པར་གྲགས་པའི་རྒྱུ་མཚན་ཡང་ཡིག་ཚང་སྔ་མ། དག་པ་རྣམས་ལ་གསལ་བར་ཡོད་དོ། །དེ་ཡང་ལོ་བཅུ་གསུམ་ནས་སྲིད་བཟུང་ཤིང་། ལྔ་བཅུ་རྩ་དྲུག་པ་ཤིང་མོ་གླང་ལ་ཟུར་མཁར་ཞེས་པར་འདས་སོ། །རྒུང་ལོ་དྲུག་ཅུ་པ་ལ་གཤེགས་ཀྱང་གསུང་སྟེ་བང་སོ་ནི་འཕྲུལ་རི་འཕྲུལ་ཕྲང་ཕྱིར་རྒྱན་ན་ཡོད་དོ། །མེས་ཁྲི་ལྡེ་གཙུག་བརྟན་གྱིས་བཙུན་མོ་དྲུག་བཞེས་པ་ལས། རྒྱ་རྗེ་ཡག་འཇམ(སྟེ་རྒྱལ་པོ་ཛུ་འུ)གྱི་སྲས་མོ། གྱིམ་ཤང་ཨོང་ཇོ་ཁབ་ཏུ་བཞེས་པའི་སྲས། ཁྲི་སྲོང་ལྡེ་བཙན། དེས་བཙུན་མོ་གསུམ་ཁབ་ཏུ་བཞེས་པའི་ཚེ་སྤོང་ཟ་དམར་རྒྱལ་མཚོ་མ་ལ་སྲས་བཞི་འཁྲུངས་པའི་

111b

མུ་ཏིག་བཙན་པོ་གཞོན་པ་ལ་འདས། མུ་རེག་བཙན་པོ་ཆོས་མཛད་ཏེ་ཐར་པར་གཤེགས། མུ་ནེ་བཙན་པོས་ལོ་གཅིག་དང་ཟླ་བ་དགུར་བགྱིས་པ་ལ། མུ་ནེ་བཙན་པོ་ཆུ་རྟག་བྲག་དམར་འཁྲུངས། །རྩ་ལྔ་ལོན་ནས་སྲིད་བཟུང་ལོ་གཅིག་དང་། །ཟླ་དགུ་སྲིད་བཟུང་སྤུན་ཕུར་ཡུམ་གྱིས་དཀྲོངས། །ཞེས་པའོ། །