ཉི་མའི་རིགས་ཀྱི་རྒྱལ་རབས།
ལྷ་ལྡེ་བཀྲ་ཤིས་བཙན།
Previous Chapter
Next Chapter

(ལྷ་ལྡེ་བཀྲ་ཤིས་བཙན།)

ལྷ་ལྡེ་བཀྲ་ཤིས་བཙན་ནག་པོ་འཛུམ་མེད་ནི། ཁོང་གིས་རྒྱ་མར་ཁྭ་ཆར་དུ་ལྷ་ཁང་བཞེངས་པར་སྟེ། སྟོད་རིའི་མཚམས་སུ་རྨད་བྲེས་ཀྱང་། ཇོ་བོ་བཞུགས་པའི་ཐད་དེར་གྷནྜེའི་སྒྲ་གྲགས་པས། དེར་གཙུག་ལག་ཁང་བཞེངས། རིན་ཆེན་བརྩེགས་པ་དཔལ་གྱི་གཙུག་ལག་ཁང་དུ་མཚན་གསོལ། དེའི་དབུས་སུ་དངུལ་སྐུ་བཞེངས་པའི་ཁྲི་གཅིག་གི་ཆ་ལྡུག་པས་གསུམ་དུ་གྱེས། དེ་གཟིགས་པས་ལྷ་ལྡེ་ལ་འཛུམ་གཅིག་བྱུང་། སླར་གཡས་གཡོན་དུ་གྱེས་ཚམས་ནས། བཟོ་དང་ལྡུག་་སྐྱར་ཏེ་ཤིན་ཏུ་ལེགས་པ་བྱུང་ཡོད་དོ། །དེ་ཡང་ཁ་ཆེའི་བཟོ་རིགས་མཁས་པས་མེ་ཏོག་ཟླུམ་རྫིངས་སུ་བླུགས་པས། འཛམ་བུའི་གླིང་ན་དཔེ་ཟླ་ཐམས་ཅད་དང་བྲལ་བ་ཡིན་ནོ། །དབུས་ཀྱི་རྗེ་བཙུན་འཇམ་དཔལ། དངུལ་སྐྱང་ག་ར་ལུགས་སུ་བཞེངས། དེའི་ཁྲི་རྒྱབ་ཡོལ་དང་། གཡས་གཡོན་གཉིས་སུ་སྤྱན་རས་གཟིགས་དང་། ཕྱག་ན་རྡོ་རྗེ་གཉིས་ཀྱང་ར་གན་ལ་ཁོང་རང་གི་སྐུ་ཚད་དང་མཉམ་པ་རེ་རེ་

133a

༄༅།        །བཞེངས་སོ། །དབུས་ཀྱི་གཙོ་བོ་ནི་ལྷག་པར། རྒྱ་གར། རྒྱ་ནག །ཧོར་ཡུལ། བལ་པོ། བོད་ཁ་བ་ཅན་སོགས་གང་ནས་ཡང་། ད་ལྟ་འདི་ལས་ལེགས་ཤིང་འཚར་བ། དངུལ་སྐུ་ལས་འདི་ལ་རྒྱུ་བཟང་པོ་སུ་གང་གིས་ཀྱང་མ་མཐོང་བ་དང་། ཐོས་པ་མེད་ཅེས་ཐུན་སྣང་དུ་གྲུབ་པོ། །སྐུ་ཚར་ནས་རབ་ཏུ་གནས་པ་བསྒྲུབ། དེ་ཡང་ལྟས་པས་ཤིན་ཏུ་ལེགས་པ་བྱུང་། དེ་ལ་དགྱེས་པས་འཛུམ་གཉིས་པ་ཤོར་བྱུང་ངོ་། །མར་མེ་དང་། མཆོད་རྐྱེན་ནི་མངས་པས་འབྲིར་མ་ལང་བས་བཞག་གོ། །ལན་ཅིག་ཁྲི་སྡེར་ཕེབས། སྲོད་ཁ་གཅིག་རྨ་བྱ་ཁ་འབབ་ལ་རྒལ་བས། སྐུ་མཁར་དུ་ཕེབས་པ་ན། རྟ་དངུལ་ཅིང་དུབ་པར་གྱུར་པ་གཟིགས་པས་ན། ཕྱིབས་ཀྱི་སྤུ་བསེབ་དང་། སྒ་བསྟན་གྱི་ཨར་ཁེངས་ཐམས་ཅད་གསེར་ཕྱེས་ཁེངས་འདུག །ཆུ་ཉལ་བ་དང་། སྣལ་བ་ཐུག་པ་ཡིན་ནམ་ཟེར། གསེར་གྱི་ལྷ་བཟོ་བའི་ཡོན་རྫོངས་དང་། པཎྜི་ཏའི་འབུལ་བ་རྣམས་མཛད་དོ། །གཞན་ཁྲ་ཆར་དང་དེའི་ལག་ཏུ་ཤང་དྲང་སོགས་ཆོས་སྐོར་བཅུ་བཞི་བཙུགས། ཐོ་གླིང་དུ་གཙུག་ལག་ཁང་ཀ་བ་བརྒྱད་ཅུ་བྱས་

133b

པའི་ཆེ་བ་གཅིག་བཞེངས། མར་ཡུལ་གྱི་ཤེ་ཝེར་བྱམས་པ་གསེར་ཐང་གི་ལྷ་ཁང་བཞེངས། དགུང་ལོ་སུམ་བཅུ་རྩ་དྲུག་པ་ལ་པཎྜི་ཏ་ཆེན་པོ་ཛྙཱ་ན་དྷ་ར་དང་། ལོ་ཆེན་རིན་ཆེན་བཟང་པོ་ལ་སོགས་པ་དགེ་སློང་མང་པོའི་དབུས་སུ། རབ་ཏུ་བྱུང་བ་མཛད། མཚན་དྷརྨ་པྲ་བྷ་སྟེ། ཆོས་ཀྱི་འོད་ཟེར་དུ་གསོལ། གཞན་ཡང་སྔ་ཕྱི་ཐམས་ཅད་དུ་ཛྙཱ་ན་དྷ་ར་ལ་སོགས་པ་པཎྜི་ཏ་མཁས་པ་རྣམས་སྤྱན་དྲངས། རིན་ཆེན་བཟང་པོས་ལོཙྪ་མཛད་ནས་སྨད་སྤྱད་ཡན་ལག་བརྒྱད་པའི་གཞུང་། དེའི་འགྲེལ་པ་ཁ་ཆེ་ཟླ་དགས་མཛད་པ། ཟླ་ཟེར་རྣམས་བསྒྱུར། ལུགས་ཀྱི་བསྟན་བཅོས་ཁྱབ་འཇུག་སྦས་པས་མཛད་པ། དཀྱིལ་འཁོར་ལྔ་པ་ཞེས་བྱ་བ་དང་། དྲང་སྲོང་ཤ་ལི་ཧོ་དྲས་མཛད་པའི་རྟ་སྤྱད་སྤྱིའི་བསྟན་བཅོས་ཆེན་པོ་དང་། དེའི་སྲས་ལེགས་སྟོབས་ཀྱིས་མཛད་པ། རྟའི་སྨན་སྤྱད་ཀྱི་བསྟན་བཅོས་དང་། རྒྱལ་སྲས་སེང་གེ་བྱིན་གྱིས་མཛད་པའི་རྟ་སྤྱད་ཆེན་པོ་སྔ་སོར་འགྱུར་ཀྱང་མཆོག་ཏུ་རྒྱས་པར་མཛད་དོ། །མངོན་པར་འབྱུང་བའི་མདོ། ཀུ་ན་ལའི་བརྟོགས་བརྗོད། གསེར་འོད་ཀྱི་རྟོགས་བརྗོད། ཁྱད་པར་འཕགས་བསྟོད། སྔགས་

134a

༄༅།        །པར་འོས་པ་ལ་བསྟོད་པ། སངས་རྒྱས་དབང་བསྐུར་བའི་བསྟོད་པ། བཤགས་པའི་བསྟོད་འགྲེལ་སངས་རྒྱས་ཞི་བས་མཛད་པ། ཇོ་བོ་རྗེས་མཛད་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་བསྡུས་པ། ཚིགས་སུ་བཅད་པ་དགུ་པ་དེའི་འགྲེལ་པ་འོད་བསྲུངས་གཞོན་ནུས་མཛད་པ། དབྱིག་གཉེན་གྱིས་མཛད་པ་ཡོན་ཏན་བཅུ་བརྗོད་པའི་གཏམ། ཚུལ་ཁྲིམས་ཀྱི་གཏམ། དཔའ་བོས་མཛད་པ་ལེགས་ལམ་བསྟན་པའི་གཏམ། དེ་རྣམས་ལ་སོགས་པ་རྒྱལ་བའི་བཀའ་དང་། བསྟན་བཅོས་མང་པོ་བསྒྱུར་བའི་བདག་རྐྱེན་མཛད། རྒྱ་གར་དང་བོད་ཀྱི་མཁས་གྲུབ་མང་པོ་སྤྱན་དྲངས་ནས། ཁོ་ཆར་དུ་ཆོས་འཁོར་ཆེན་པོ་བསྐོར་བའི་སྦྱིན་བདག་འབུལ་བ་དང་། ཞབས་རྟོག་ཕུན་སུམ་ཚོགས་པ་བསྒྲུབས། དེ་དུས་དགེ་འདུན་མང་པོ་གཟིགས་པ་དང་དད་གུས་ཆེན་པོ་བྱུང་ཞིང་། དགྱེས་པས་འཛུམ་གསུམ་པ་ཤོར་བ་ཡིན་ནོ་སངས་རྒྱས་ཀྱི་བསྟན་པ་ཆེས་ཆེར་རྒྱས་པར་བྱས་ནས། སླར་བསྟོད་ཧོར་དང་མཐའི་དམག་རྫོགས་པས། བྱང་ངོས་སུ་དམག་དཔུང་ཆེན་པོའི་དབུ་གཙོ་ལ་ཕེབས་པས། བྱང་གི་ལག་མྱུག་ཚ་མྱུག་དུ་ཞི་བར་གཤེགས་སོ། །

134b

ཁྱོད་ཀྱི་མཛད་ཚུལ་འཇམ་དབྱངས་དངུལ་གྱི་སྐུ། །མཚན་བཟང་དཔེ་བྱད་ལྡན་པའི་རྗེ་བཙུན་དངོས། །འཛམ་གླིང་མཛེས་པའི་ལྷ་མཆོག་དཔེ་བྲལ་བ། །འགྲོ་མང་བསོད་ནམས་བསྐྱེད་པའི་ཞིང་དུ་བསྒྲུབས། །ལེགས་བྱས་འདི་འདྲ་ཐུབ་དབང་བསྟན་པའི་དཔལ། །ཕྱོགས་ཆར་དར་ཞིང་ཇི་སྲིད་བསྐལ་པའི་བར། །བརྟག་ཅིང་བརྟན་པར་ཡུན་དུ་གནས་པ་དང་། །སྲིད་ཞིའི་དགེ་ལེགས་ཀུན་ཏུ་བྱམས་བྱེད་ཡིན། །ཤཱག་རིགས་ཤཱཀྱའི་བསྟན་ལ་སེང་གེ་འགྲམ། །ས་འདིར་ས་སྟེང་རྒྱལ་པོ་འདི་འདྲར་ཁྲུངས། །དཔུང་གི་དགྲ་དཔུང་ཀུན་ལས་རྒྱལ་བྱས་ནས། །ཆོས་ཚུལ་རྣམ་དག་ཆོས་བཞིན་རྒྱས་པར་བྱས། །