ཞི་བྱེད་ཆོས་འབྱུང་།
བོད་ཆོས་རྒྱ་ལ་བསྒྱུར་བ་ངོས་བཟུང་བ།
Previous Chapter
Next Chapter

(བོད་ཆོས་རྒྱ་ལ་བསྒྱུར་བ་ངོས་བཟུང་བ།)

ད་ནི་བོད་ཆོས་རྒྱ་ལ་བསྒྱུར་བ་ངོས་བཟུང་བ་ནི། དབུས་ནས་ཡར་ལ་བཀའ་བརྒྱུད་དོན་གྱི་བརྒྱུད་ལུགས་དང་། དབང་བཞི་བསྐུར་ལུགས་དང་། མཁའ་འགྲོ་ཉམས་ཀྱི་གདམས་ངག་དང་། གཞི་ལམ་ལོང་བྱ་བ་དང་། ཕྱི་བཀའ་ཚོམས་ཞིབ་རྒྱས་སུ་བྱ་བ་དང་། ནང་མཁའ་འགྲོ་དགུའི་ལེའུ་ལག་དང་། གནད་ཀྱི་ཐོ་ཡིག་བྱ་བ་དང་། གསང་བ་བརྡ་ཆོས་ལ་བཟླ་བའི་སྐོར་བྱ་བ་དང་། ཆོས་ངོ་མཚར་ཅན་རྒྱུད་བཅུ་བདུན་རྣམས་རྐང་མགྱོགས་མི་གསུམ་ལ་རྒྱ་གར་རྡོ་རྗེ་གདན་དུ་བསྐུར། རྡོ་རྗེ་གདན་དུ་ཆོས་དེ་རྣམས་རྒྱུན་དུ་དར་ནས་ཡོད། བོད་ཆོས་རྒྱ་ལ་དར་བའི་གཏན་ཚིགས་དེ་ལྟར་ལགས་སོ། །