(༣ བཀའ་མ་དང་གཏེར་མ་གཉིས་ཀྱི་ངོས་གཟུང་བ།)
བཀའ་མ་དང་གཏེར་མ་གཉིས་ཀྱི་ངོས་གཟུང་བ་ནི། རྒྱལ་བ་ཤཱཀྱ་ཐུབ་པའི་བཀའ་ནས་གསུངས་པའི་བཀའ་ཐོག་ཏུ་གྲོལ་བས་ན་བཀའ་མ་ཡིན། ས་འོག་ཏུ་སྦས་པའི་གཏེར་མ་མིན་ཀྱང་མ་ཅིག་གི་ཐུགས་ཆོས་ཀྱི་དབྱིངས་ནས་རང་གྲོལ་ཏུ་བྱུང་བས་ན་གཏེར་མ་ཡང་དག་པའོ། །