ཞི་བྱེད་ཆོས་འབྱུང་།
གངས་པའི་སློབ་བརྒྱུད་རྣམས་ཀྱི་ལོ་རྒྱུས།
Previous Chapter
Next Chapter

(གངས་པའི་སློབ་བརྒྱུད་རྣམས་ཀྱི་ལོ་རྒྱུས།)

གངས་པའི་སློབ་བརྒྱུད་རྣམས་ཀྱི་ལོ་རྒྱུས་ནི། གངས་པ་ནམ་སེང་བྱ་བ་དེའི་ཡུལ་ཀོང་པོ་ཁ་རག་བྱ་བ་ཡིན། ཡབ་ཡུམ་གྱི་མིང་ལ་འབུམ་སྐྱབས་དང་བཀྲ་ཤིས་སྒྲོན་མ་ཟེར། ལོ་བརྒྱད་ལོན་ནས་ཡི་གེ་བསླབས། སྔགས་པ་རྡོ་རྗེ་མགོན་པོའི་དྲུང་དུ་ལོ་བརྒྱད་བསྡད་ནས་གསང་སྔགས་རྙིང་མའི་ཆོས་ལ་

63b

མཁས་པར་སྦྱངས། དེ་ནས་བསྐྱེད་པའི་ལྷ་རྣམས་ཀྱི་བྱིན་རླབས་གནང་སྟེ། འདི་བས་ཀྱང་ཨ་མ་ཇོ་མོ་ལབ་སྒྲོན་བྱ་བ་ལ་རྫོགས་པའི་རིམ་པའི་གདམ་ངག་ཁྱད་པར་འཕགས་པ་བདུད་ཀྱི་གཅོད་ཡུལ་བྱ་བ་ཡོད་དེ། དེར་སོང་གསུངས་ནས་ལུང་བསྟན་ཏེ་ཟངས་རི་མཁར་དམར་དུ་ཨ་མའི་དྲུང་དུ་ཕྱིན་པས། ཨ་མས་སྣོད་ལྡན་དུ་གཟིགས་ནས་ཤམ་པོའི་གངས་ལ་ཁྲིད་པར་མཛད་དེ། དེར་ཐོང་སྨྱོན་བསམ་གྲུབ་དང་ལྷན་ཅིག་བསྒོམ་དུ་བཅུག་པས། དེས་ཀྱང་གྲུབ་པ་ཐོབ་སྟེ་མཚན་གངས་པ་རྨུག་སེང་བྱ་བར་གྲགས་ཤིང་། ཨ་མའི་བཀའ་བརྒྱུད་འཛིན་པའི་སློབ་མར་གྱུར་པ་ཡིན་ནོ། །       ། །དེའི་ཐུགས་ལ་ཡོད་པའི་གདམས་པ་བཀའ་ལུང་དང་བཅས་པ་བདེ་གཤེགས་གངས་པ་ལྷུན་གྲུབ་ཀྱི་སྙན་དུ་བརྒྱུད།