ཞི་བྱེད་ཆོས་འབྱུང་།
རྩ་བའི་བརྒྱུད་པ།
Previous Chapter
Next Chapter

(རྩ་བའི་བརྒྱུད་པ།)

རྩ་བའི་བརྒྱུད་པ་ནི། ཆོས་སྐུ་རྡོ་རྗེ་འཆང་། ལོངས་སྐུ་རྗེ་བཙུན་སྒྲོལ་མ། སྤྲུལ་སྐུ་ལབ་ཀྱི་སྒྲོན་མ། སྐུ་སྲས་ཟིལ་གནོན་ཆེན་པོ། གངས་པ་རྨུག་སེང་། གངས་པ་ལྷུན་གྲུབ། སངས་རྒྱས་བསྟན་བསྲུང་། རྡོ་རྗེ་རྒྱལ་མཚན། བླ་མ་རྡོ་རྗེ། ནམ་མཁའ་རྒྱལ་མཚན། བཀྲ་ཤིས་འབུམ་པ། ཤེས་རབ་འབུམ་པ། དཀོན་མཆོག་དཔལ་བཟང་། ཀུན་སྤང་བརྩོན་འགྲུས་སེངྒེ། ཉི་མ་རྒྱལ་མཚན། མོན་གཅོད་བརྩོན་འགྲུས་སེངྒེ། ཀུན་དགའ་སེངྒེ། ནམ་མཁའ་བློ་གྲོས། རིན་ཆེན་སེངྒེ། བློ་གྲོས་སེངྒེ། ཀུན་བཟང་ཀློང་ཡངས། རིན་ཆེན་གླིང་པ། ཀུན་བཟང་བསྟན་འཛིན། ཚེ་དབང་མཆོག་གྲུབ། ནོར་བུ་རྒྱ་མཚོ། བློ་བཟང་རབ་རྒྱས། པུརྣ་ཀིརྟི། ངག་དབང་ཡར་འཕེལ། ཡེ་ཤེས་ཚུལ་ཁྲིམས་མན་འདྲ། ཡང་མ་ཅིག་སྙན་བརྒྱུད་དང་བརྩོན་འགྲུས་སེངྒེའི་གཏེར་ཆོས། ཟབ་དོན་སྙིང་པོའི་བཀའ་བབས་གྲུབ་ཆེན་ཀརྨ་པཀྴི་དང་གནམ་མཚོ་བ། ནམ་མཁའ་རྒྱལ་མཚན་དང་རྗེ་རང་བྱུང་རྡོ་རྗེ་སོགས་ནས་བརྒྱུད་པའི་བཀའ་གཅོད་ཚོགས་ལས་རིན་ཆེན་ཕྲེང་བ་ཆ་ལག་དང་བཅས་པའི་བརྒྱུད་པ་ཡང་། ཆགས་མེད་རིན་པོ་ཆེ་ཡན་གཞུང་ལྷར་དང་། མན་ཆད་ཉི་མ་འགྱུར་མེད།

68b

བསམ་གཏན་བཟང་བོ། གཅོད་རྒོད་བླ་མ། དཀོན་མཆོག་བཀྲ་ཤིས། རིག་འཛིན་བྱང་ཆུབ་རྡོ་རྗེ། དེས་བདག་གི་རིགས་བདག་ཡེ་ཤེས་རྒྱ་མཚོ་ལའོ། །བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་ཇི་སྙེད་ཅིག་ཡོད་ཅི་ན། རྗེ་རང་བྱུང་རྡོ་རྗེས་ཅོ་ལབ་སྒྲོན་གྱི་གཅོད་ལོག་ཐམས་ཅད་བསལ་ཏེ། སྙེ་མོ་རི་གོང་བ་བརྩོན་འགྲུས་སེངྒེའི་གཏེར་ཆོས་སྐོར་དང་སྙན་བརྒྱུད་དང་། ཡུམ་རྒྱས་འབྲིང་བསྡུས་གསུམ་གྱི་དགོངས་དོན་ཕྱི་ནང་གསང་བའི་ལེའུ་ལག་བཀའ་ཚོམས་ཆེན་མོ་དང་ཉིང་ཚོམས། ཨཱརྱ་དེ་ཝའི་རྒྱ་གཞུང་རྒྱས་འབྲིང་རྣམ་གསུམ་གྱི་དགོངས་པ་ཁྲིད་རིམ་སྐོར་དང་། རྗེ་བཙུན་དམ་པ་རིན་པོ་ཆེ་དང་སྨ་ར་སེར་པོའི་གསུང་བགྲོས་སྐོར་བྲུལ་ཚོགས་དྲུག་པ་དང་ཞལ་གདམས་བཅུ་བཞི་པ་གཉིས་རྒྱ་གཞུང་གི་འགྲེལ་པ་ཡིན། གཞན་ཡང་འཇམ་དབྱངས་ཁ་ཆེ་པཎ་ཆེན་པུཎྱཻ་ཤྲཱིས་རྒྱ་གཞུང་གི་འགྲེལ་པ་རྨད་བྱུང་ཐར་ལམ་ངོ་སྤྲོད་དང་། དབོན་པོ་རཏྣ་སིངྡྷིས་མཛད་པའི་ཚོགས་ལས་ཡོན་ཏན་ཀུན་ལྡན་གྱི་ཟིན་བྲིས་རྒྱས་པར་སྤྲོས་པ་དང་། ནམ་མཁའ་རྒྱལ་མཚན་གྱིས་བསྒྲིགས་པའི་རྣམ་བཤད་ཆེན་མོ་ལ་སོ་སོར་ཕྱེ་ན། དང་པོ་ཡིད་ཆེས་ལོ་རྒྱུས་ཀྱི་སྐོར་ནས་ལྷ་འདྲེ་ལྷན་སྐྱེས་སུ་ཤེས་པའི་བར་ཁྲིད་དྲུག་ཅུ་ཐམ་པ་ཡོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་དོན་བདུད་ཀྱི་གཅོད་ཡུལ་གྱི་གཞུང་བཀའ་ཚོམས་ཆེན་མོ་ཞེས་བྱ་བ་དང་། དེའི་མན་

69a

༄༅།       །ངག་ཡང་ཚོམས་ཆེན་མོ་དང་ཉིང་ཚོམས་ཆེན་མོ་བཅས་མ་ཅིག་ཉིད་ཀྱིས་མཛད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་གཞུང་འགྲེལ་ཟག་མེད་སྦྲང་རྩི་ཞེས་བྱ་བ་ཞྭ་དམར་ལོ་ཙྪས་ཞུས་ཏེ་གཏན་ལ་ཕབ་པ། བཀའ་ཚོམས་ཆེན་མོའི་ས་བཅད་རྗེ་རང་བྱུང་བས་མཛད་པ། ཐུན་མོང་གི་ལེ་ལག་བརྒྱད་པ། ཐུན་མོང་མ་ཡིན་པའི་ལེ་ལག་བརྒྱད་པ། ཁྱད་པར་གྱི་ལེ་ལག་བརྒྱད་པ་འདི་རྣམས་ཚན་པ་གཅིག །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གཅོད་ཀྱི་གཞུང་ཤེས་རབ་སྐྲ་རྩེའི་ས་གཞུང་སྤེལ་བ་རིན་པོ་ཆེའི་གཏེར་མཛོད་ཅེས་བྱ་བ། ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་ཁྲིད་ཡིག་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པ། གཅོད་ཁྲིད་ཟབ་མོ་འདོད་དགུའི་ཆར་འབེབས་ཞེས་བྱ་བ་དཀོན་མཆོག་འབངས་ཀྱིས་མཛད་པ། གཅོད་ཀྱི་ཟིན་བྲིས་ཟུར་མོང་ལུགས་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པ། ལེ་ལག་ལ་ནང་གསེས་ཀྱིས་དབྱེ་ན། མ་བཅོས་བཞག་པའི་ལེ་ལག །གཉེན་པོས་བཅོས་སུ་མེད་པའི་ལེ་ལག །བརྩོལ་བ་དང་བཅས་པའི་ལེ་ལག །དངོས་གྲུབ་འབྱུང་བའི་ལེ་ལག །ཚེ་གཅིག་སངས་རྒྱས་སུ་ངོ་སྤྲོད་པའི་ལེ་ལག །གོལ་ས་གཅོད་པའི་ལེ་ལག །ཐུགས་ཀྱི་སྙིང་པོའི་ལེ་ལག །ལག་ལེན་གྱི་ལེ་ལག་རྣམས་སོ། །ཁྱད་པར་གྱི་ལེ་ལག་བརྒྱད་ལ་འཇུག་པ་སྐྱབས་འགྲོ་སེམས་

69b

བསྐྱེད། བྱིན་རླབས་ལུས་སེམས་ཕྲལ། སྒོམ་མེད་བྱར་མེད། ཉམས་ལེན་ཕུང་པོ་གཟན་བསྐྱུར། ལྟ་བ་བདུད་ཀྱི་གཅོད་ཡུལ། གནས་སྐབས་བར་ཆད་ཞི་བ། ཟབ་དོན་གྱི་དམ་ཚིག་ཉམས་སུ་བླངས་པའི་འབྲས་བུ་རྣམས་སོ། །ཐུན་མོང་མ་ཡིན་པའི་ལེ་ལག་བརྒྱད་ལ། མཚན་གྱི་དོན་བསྟན་པ། ཉམས་ལེན་གྱི་གནད་བསྟན་པ། དབང་པོ་དང་སྦྱར་བའི་ཉམས་ལེན། གེགས་སེལ་བ། གོལ་ས་བསྟན་པ། གཡེང་སྡུད་པ། ན་ཚ་བྱུང་ན་ཇི་ལྟར་ཉམས་སུ་བླང་བ། བོགས་འདོན་པའི་མན་ངག་རྣམས་མ་ཅིག་ཉིད་ཀྱིས་མཛད་པ་ཡིན། ཟབ་དོན་ཐུགས་ཀྱི་སྙིང་པོ་ལ་སྒོ་འབྱེད་བཅུ་ལས། རིམ་པ་ལྟར་དབང་བསྐུར་ཆོས་ཀྱི་སྒོ་འབྱེད། སྒྲུབ་ཐབས་བྱིན་རླབས་སྒོ་འབྱེད། ངོ་སྤྲོད་ནམ་མཁའ་སྒོ་འབྱེད། རྨི་ལམ་ཉི་ཟླ་འབྱེད། འཕོ་བ་ཐར་ལམ་སྒོ་འབྱེད། བར་དོ་འོད་གསལ་སྒོ་འབྱེད། གེགས་སེལ་རྟེན་འབྲེལ་སྒོ་འབྱེད། བོགས་འདོན་ཡོན་ཏན་སྒོ་འབྱེད། གཞན་དོན་འཕྲིན་ལས་སྒོ་འབྱེད། གྲུབ་མཁའ་ཁྱད་འཕགས་སྒོ་འབྱེད་དང་བཅུའོ། །མ་ཅིག་ཞི་བའི་དབང་ཆོག་གཞན་ཕན་འོད་ཟེར་དང་། ཟབ་དོན་ཐུགས་ཀྱི་སྙིང་པོའི་སྤྱི་ཁྲིད་དང་། ཟབ་དོན་བུ་ཡིག་དང་ཉམས་ཁྲིད་ཞག་བདུན་མ། ཟབ་དོན་ཐུགས་ཀྱི་སྙིང་པོའི་ལོ་རྒྱུས། དེའི་སྒྲུབ་ཐབས་དངོས་གྲུབ་སྒོ་འབྱེད་ཀྱི་ཤོག་དྲིལ་ལྷན་ཐབས། ཟབ་

70a

༄༅།       །དོན་ཐུགས་ཀྱི་སྙིང་པོའི་དྲག་ལས། གཅོད་ཀྱི་ཉམས་ལེན་བསྡུས་པ་གེགས་སེལ་ཞལ་གདམས་རྣམས་དོན་ཡོད་རྡོ་རྗེས་མཛད་ཅིང་། དེའི་དོན་གསལ་བྱེད་དུ་རྒོད་ཕྲུག་རས་པས་ཟབ་ལམ་གཅེས་བསྡུས་གཞན་ཕན་འོད་ཟེར་ཞེས་པ་མཛད། དེའི་བསྡུས་དོན་ཟབ་དོན་ཐུགས་ཀྱི་སྙིང་པོ་ལོ་ཆེན་དྷརྨ་ཤྲཱིས་མཛད། གདན་ཐོག་གཅིག་མའི་ཁྲིད་ཡིག་འཁོར་འདས་རང་གྲོལ་དང་། དབང་བསྐུར་ཆོས་ཀྱི་སྒོ་འབྱེད་ཀྱི་ཆོག་སྒྲིགས་དབང་ཆོག་འཁོར་འདས་གཞི་གྲོལ་གཉིས་ཆོས་རྒྱལ་གཏེར་བདག་གླིང་པས་མཛད་པ། ཡང་ཟབ་དོན་སྐོར་འདི་ཀཿཐོག་བྱ་བྲལ་ཀུན་དགའ་འབུམ་གྱིས་ཆོག་སྒྲིགས་ལྷན་ཐབས་སོགས་མཛད་པ་དང་། རྡོ་གྲུབ་ཀུན་བཟང་གཞན་ཕན་གྱིས་དབུས་གཙང་ཁམས་གསུམ་གྱི་བརྒྱུད་རིམ་ཐམས་ཅད་གཅིག་ཏུ་འདུས་པ་ཆུ་བོ་གཅིག་འདྲེས་སོགས་མང་དུ་ཡོད་པས་འདི་དག་ནི་དེང་སྐབས་དབང་ལུང་དང་ཁྲིད་རྒྱུན་ཡོད་པའི་སྐོར་ཡིན་ལ། རྒྱུན་མེད་པ་ཡང་བླ་མ་ཆེ་ཕྲས་མཛད་པ་མང་དུ་ཡོད་ཀྱང་འདིར་མ་བྲིས་སོ། །གོང་དུ་སྨྲས་པ་ཐམས་ཅད་ཀྱང་མ་ཅིག་ཉིད་ཀྱི་ལུགས་ཡིན་ཞིང་། གཞན་ཡང་རྒྱུད་སྡེ་བླ་མེད་ཀྱི་སྐབས་ནས་གསུངས་པ་དང་། ཨོ་རྒྱན་རིན་པོ་ཆེའི་འཁྲུལ་གཅོད་སྐོར་གཏེར་ཁ་སོ་སོ་ནས་གསུངས་པ་དང་། གྲུབ་ཐོབ་ཐང་

70b

སྟོང་རྒྱལ་པོའི་དག་སྣང་དང་། རྒོད་ཚང་པའི་གཅོད་དང་། གཙོ་བོར་ཟབ་དོན་ཐུགས་ཉམས་སུ་བཞེས་པས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཞལ་གཟིགས་ཏེ་དཔའ་བོ་རྡོ་རྗེ་ལ་གསུངས་པ། རྗེ་བདག་ཉིད་ཆེན་པོའི་དག་སྣང་དབེན་ས་པ་ལ་བཀའ་བབས་པའི་སྙན་བརྒྱུད་དང་། ནཱ་རོའི་རོ་སྙོམས་སྐོར་སོགས་མང་དུ་ཡོད་པ་རྣམས་ཀྱང་མ་ཅིག་གི་བསྟན་པ་དང་མཚུངས་ལྡན་དུ་ཡོད་ཅིང་། དེ་མིན་ཅོ་ལབ་སྒྲོན་གྱི་གཅོད་ལོག་ནག་སྦྱོར་སྐོར་སོགས་སེམས་ཅན་ལ་གནོད་པའི་ལས་ཚོགས་མང་པོ་ཡོད་པ་རྣམས་ནི། རྗེ་རང་བྱུང་རྡོ་རྗེས་གཅོད་ལོག་བསལ་ཏེ་ཉི་མ་སྤྲིན་བྲལ་ལྟར་དུ་མཛད་པ་ཡིན་ཀྱང་། མ་ཅིག་གི་ཆོས་ལུགས་དང་མི་མཐུན་པར་མི་ཤ་ཟ་བ་དང་། རྫས་ངན་བདུག་པ་དང་། ཁྱི་ལྤགས་བཏིང་བ་ཤིང་ར་ཟངས་དུང་ཐོགས་པ་སོགས་ཕྲན་བུ་ད་སྐབས་སུའང་མངོན་ནོ། །