བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
༦. ཐུན་མོངས་དུས་མཚམས་ཀྱི་སྒོ་ནས་རྒྱུད་སྡེ་བཞིར་དབྱེ་བ།
Previous Chapter
(༦. ཐུན་མོངས་དུས་མཚམས་ཀྱི་སྒོ་ནས་རྒྱུད་སྡེ་བཞིར་དབྱེ་བ།)
དྲུག་པ་ལ་ཐུན་མཚམས་བཞི་དང་དུས་བཞིའི་སྒོ་ནས་དབྱེ་བ་གཉིས་ཀྱི་དང་པོ་ནི་ཉིན་མཚན་གྱི་ཐུན་མཚམས་བཞི་དག་པས་རྒྱུད་སྡེ་བཞི་སྟེ། དྲི་
11b
མེད་འོད་ལས། འདིར་ཐུན་དང་པོའི་མངོན་མཚམས་ལ་དགོད་པའི་རྒྱུད་དོ། །ཐུན་གསུམ་པའི་མངོན་མཚམས་ལ་ལྟ་བའི་རྒྱུད་དོ། །ཐུན་ལྔ་པའི་མངོན་མཚམས་ལ་ནུ་མ་ལ་རེག་པའི་རྒྱུད་དོ། །ཐུན་བདུན་པའི་མངོན་མཚམས་ལ་ལག་པ་འཛིན་པའི་རྒྱུད་དེ་དེ་ལྟར་རྒྱུད་རྣམ་པ་བཞིའོ་ཞེས་སོ། །གཉིས་པ་ནི་ནག་པོ་པའི་གསང་བའི་དེ་ཁོ་ན་ཉིད་གསལ་བ་ལས། དུས་ནི་རྣམ་བཞི་དབྱེ་བ་ལས། རྒྱུད་ནི་རྣམ་པ་བཞིར་འགྱུར་ཏེ་ཞེས་གསུངས་པས། རྫོགས་ལྡན་དང་། གསུམ་ལྡན་དང་། གཉིས་ལྡན་དང་། རྩོད་ལྡན་དང་། དུས་བཞི་ཡོད་པའི་དབང་གིས། བྱ་བ། སྤྱོད་པ། རྣལ་འབྱོར། རྣལ་འབྱོར་བླ་མེད་དང་བཞིར་དབྱེའོ། །