བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
༡ དེ་ཁོ་ན་ཉིད་ཀྱི་ཁྱད་ཁར་གྱི་དབྱེ་བ།
Previous Chapter
(༡ དེ་ཁོ་ན་ཉིད་ཀྱི་ཁྱད་ཁར་གྱི་དབྱེ་བ།)
ཐབས་རྒྱ་ཆེ་བ་སྟོན་པ་ཕ་རྒྱུད། ཤེས་རབ་ཟབ་པ་སྟོན་པ་མ་རྒྱུད་དེ། རྣལ་འབྱོར་བླ་ན་མེད་པའི་རྒྱུད་
24b
ཀྱི་དོན་ལ་འཇུག་པ་ལས། དེ་ཡང་རྒྱ་ཆེ་བའི་དོན་དེ་ཁོ་ན་ཉིད་གང་དུ་གཙོ་བོར་སྟོན་པའི་རྒྱུད་ནི་ཐབས་ཀྱི་རྒྱུད་དོ། །གང་དུ་ཟབ་པ་ཉིད་གཙོ་བོར་བྱས་ཏེ་སྟོན་པ་ནི་ཤེས་རབ་ཀྱི་རྒྱུད་དོ་ཞེས་སོ། །དེས་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀ་ཆ་མཉམ་དུ་སྟོན་པ་ནི་གཉིས་མེད་ཀྱི་རྒྱུད་དུ་དོན་གྱིས་བསྟན་ཏོ། །ཡང་བསྐྱེད་རིམས་ཀྱི་དེ་ཉིད་སྟོན་པ་ཕ་རྒྱུད། རྫོགས་རིམས་ཀྱི་དེ་ཉིད་སྟོན་པ་མ་རྒྱུད་དེ་གསང་བ་དེ་ཁོ་ན་ཉིད་གསལ་བ་ལས། བསྐྱེད་དང་རྫོགས་བྱུང་རིམས་པ་ཡིས། །རྣལ་འབྱོར་བསྐྱེད་པར་བསྟན་པ་དང་། །རྫོགས་པ་རྣལ་འབྱོར་མ་རུ་བརྗོད་ཅེས་སོ། །