བུ་སྟོན་ཞབས་ཀྱིས་མཛད་པའི་བདེ་མཆོག་ཆོས་འབྱུང་།
༢. རྒྱུད་ཀྱི་བསྡུ་བ།
Previous Chapter
Next Chapter

(༢. རྒྱུད་ཀྱི་བསྡུ་བ།)

གཉིས་པ་ནི། བོད་ཀྱི་བླ་མ་དག་རྒྱུད་ཐམས་ཅད་བཤད་གཞི་རྩ་བའི་རྒྱུད། འཆད་བྱེད་བཤད་པའི་རྒྱུད་གཉིས་སུ་འདུས་པར་བཞེད་པ་ནི། ཆ་མཐུན་གྱི་རྒྱུད་ཀྱང་དོན་གྱིས་བཤད་རྒྱུད་དུ་བཞེད་པའོ། །མཉམ་སྦྱོར་འགྲེལ་པར། གསང་སྔགས་

33b

རྒྱུད་དོན་ཤིན་ཏུ་རྟོགས་དཀའ་བ། །བཤད་རྒྱུད་ཆ་མཐུན་སོགས་ཀྱིས་བསྒྲུབ་བྱ་སྟེ་ཞེས་བཤད་རྒྱུད་དང་། ཆ་མཐུན་རྒྱུད་ཐ་དད་དུ་བཞེད་ལ། སངས་རྒྱས་གསང་བས་ཀྱང་། རྒྱུད་ཀྱི་དོན་ལ་འཇུག་པར་རྩ་རྒྱུད་དེ་ཉིད་བསྡུས་པའི་ཆ་མཐུན་པའི་རྒྱུད་དཔལ་མཆོག་དང་པོའོ། །བཤད་པའི་རྒྱུད་རྡོ་རྗེ་རྩེ་མོར་བཤད་པས་ཐ་དད་དུ་བཞེད་དོ། །སློབ་དཔོན་ཨ་ལངྐ་ཀ་ལ་ཤས་རྡོ་རྗེ་ཕྲེང་བའི་འགྲེལ་པར་རྩ་བའི་རྒྱུད། བཤད་པའི་རྒྱུད། ཡན་ལག་གི་རྒྱུད་དང་གསུམ་དུ་བཞེད་དོ། །