(གླེང་གཞིའི་ཚུལ་དུ་སངས་རྒྱས་ཀྱི་ཆོས་ཐམས་ཅད་བདེན་པ་གཉིས་སམ། ལུང་དང་རྟོགས་པ། བཀའ་དང་བསྟན་བཅོས་གཉིས་སུ་བསྡུས་པའི་སྐོར།)
སྤྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུང་པའི་ཆོས་ཐམས་ཅད། བདེན་པ་གཉིས་སམ། ལུང་རྟོགས་པ་འམ་བཀའ་དང་བསྟན་བཅོས་གཉིས་སུ་འདུས་སྐད། དེ་ལ་བདེན་པ་གཉིས་སུ་འདུས་པར་ཀླུ་གྲུབ་ཀྱིས་དབུ་མ་རྩ་བའི་ཤེས་རབ་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་སྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱིས་བདེན་པའོ། །དེས་ལུང་མི་ཐུབ་པོ་ཞེས་ན། མདོ་ཡབ་སྲས་མཇལ་བ་ནས།
༄༅། །འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཡང་དག་སྟོན་པར་མཛད། །འཇིག་རྟེན་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་ནི་ནམ་ཡང་ཡོད་མ་ཡིན་ཞེས་དང་། འོ་ན་བདེན་པ་གཉིས་ཀྱིས་མཚན་ཉིད་གང་ཞེས་ན། དེ་ལ་དོན་དམ་པའི་བདེན་པ་ནི་སྤྲོས་པ་དང་བྲལ། སོ་སོ་སྐྱེ་བོའི་བློའི་སྤྱོད་ཡུལ་དུ་མ་གྱུར་པ། སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ལོ། །ཀུན་རྫོབ་དེ་ལས་བཟློག་སྟེ་བློ་དང་མ་བྲལ་བའོ། །དེ་སྐད་དུ་ཡང་བློ་གྲོས་མི་ཟད་པས་ཀྱང་། །དོན་དམ་བློའི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །བདེན་པ་གཉིས་མ་རྟོགས་པའི་སྐྱོན་གང་ཞེས་ན། ཡང་དག་བདེན་པ་རྣམ་གཉིས་ཀྱིས། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་ནི་སངས་རྒྱས་ཆོས་དང་ནི། །དགེ་འདུན་གྱིས་ཡང་བསྟན་པ་ཡིན་ཞེས་པ་དང་། བདེན་པ་གཉིས་རྟོགས་པའི་ཕན་ཡོན་ནི། བདེན་གཉིས་རྣམ་དབྱེ་མཁས་པ་དག །ཐུབ་པའི་བཀའ་ལས་མ་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བར་འགྱུར་ཞེས་དབུ་མའི་བསྟན་ཆོས་ལས་བཤད་དོ། །ལུང་རྟོགས་པར་ཡང་རྒྱལ་བ་བྱམས་པའི་ཞལ་ནས། སྟོན་པའི་དམ་ཆོས་རྣམ་གཉིས་སྟེ། །ལུང་དང་རྟོགས་པའི་བདག་
ཉིད་དོ་ཞེས་གསུངས་པའི་རྟོགས་པ་དེའི་ཆོས་ནི། ཡུལ་ཆོས་ཀྱིས་དབྱིངས་ཀྱིས་རང་བཞིན་གློ་བུར་གྱིས་དྲི་མ་ལས་གྲོལ་ཞིང་འགོག་པ་ལ། ཡུལ་ཅན་སྣང་པ་མེད་པའི་ཤེས་རབ་ལམ་གྱིས་རྟོགས་པའོ་ཞེས་དང་། ཉན་ཐོས་ཀྱི་གང་ཟག་གི་བདག་མེད་དུ་རྟོགས། རང་སངས་རྒྱས་ཀྱིས་བདག་མེད་ཕྱེད་དང་གཉིས་རྟོགས་ལ། ཐེགས་པ་ཆེན་པོ་བས་བདག་མེད་གཉིས་ཀ་རྟོགས་སྟེ་དེ་ནི་རྟོགས་པའི་ཆོས་སོ། །ལུང་གི་ཆོས་ནི་བྱེ་སྨྲ་མིང་ཚིག་ཡི་གེའི་ཚོགས་ལ་འདོད། མདོ་སྡེ་བ་ཚིག་གི་ཚོགས་ལ་འདོད། སེམས་རྩམ་པ་ཡིད་རྣམ་པར་ཤེས་པ་ལ་སྒྲའི་འཕྲེང་པར་སྣང་པའམ། དེའི་མཚན་འཛིན་ཆ་ལ་འདོད། དབུ་མ་ པ་ཆད་པ་རྩམ་ལ་འདོད་སྐད། དེ་ལས་འདིར་བརྗོད་བྱེད་རྟོགས་བར་བྱེད་པའི་ཚིག་གིས་ཚོགས་ལ་གཉིས་སྟེ་བཀའ་དང་བསྟན་ཆོས་སོ། །དེ་གཉིས་སུ་འདུས་པར་ལྷ་བུ་དམ་པའི་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་ཆོས་གཉིས་སུ་འདུས། །ལེགས་པར་གསུངས་དང་དེའི་དགོངས་འབྲེལ་དང་། །དེའི་དབང་གིས་ཤཱཀྱའི་བསྟན་པ་ནི། །འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར་ཞེས་བཤད་དོ། །དེ་ཡང་ལེགས་པར་བཙོད་པ་དང་བྲལ་བ་ནི་བཀའ་ཡིན་ལ། དེ་དང་རྗེས་སུ་མཐུན་པར་དེའི་དགོངས་འབྲེལ་བ་ནི་བསྟན་ཆོས་སོ། །དེ་སྐད་དུ་ཡང་འཕགས་པ་བྱམས་པས་རྒྱུད་བླ་ལས་གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། །ཁམས་གསུམ་ཉོན་མོངས་ཀུན་ལས་སྤོངས་བྱེད་ཅིང་། །ཞི་བ་ཐར་པའི་ཡོན་ཏན་སྟོན་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་
༄༅། །བཟློག་པ་གང་། །ཞེས་པ་བཀའི་དོན་དང་། གང་ཞིག་སྟོན་པ་རྒྱལ་བ་འབའ་ཞིག་གིས། །དབང་བྱས་རྣམ་གཡང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་གསུང་ཡིན་སྤྱི་བོས་བླང་། །ཞེས་པ་བསྟན་ཆོས་ཀྱིས་དོན་ནོ། །དེ་ཡང་བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔས་མཆད་ལ། བསྟན་ཆོས་ཐམས་ཅད་བརྩིས་མགོ་ལྔ་འམ་ཡན་ལགས་བཤད་ཚུལ་བཞིས་མཆད་དེ། བཙོམ་པ་པོ་རྟེན་གྱིས་གང་ཟག །དེས་རྩམ་པའི་ཆོས། ཆོས་དེའི་མཚན་མཚན་དེ་དང་ལྡན་པའི་མཚན་ཅན་དངོས་བསྟན་པ་ལ་གསུམ། ཀླད་གཞུང་འཇུག་དང་གསུམ།