ལྡེའུ་ཆོས་འབྱུང་།
གཉིས་པ། སངས་རྒྱས་སྟོང་རྩ་གཉིས་ཀྱི་ལོ་རྒྱུས།
Previous Chapter
Next Chapter

(གཉིས་པ། སངས་རྒྱས་སྟོང་རྩ་གཉིས་ཀྱི་ལོ་རྒྱུས།)

གཉིས་པ་སངས་རྒྱས་སྟོང་རྩ་གཉིས་ཀྱི་ལོ་རྒྱུས་ནི། དེ་ལ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །ཞེས་པའི་ཚིག་བཅུ་བཞི་སྟོན་སྟེ་གཞུང་དང་ངོ་སྤྲད་དོ། །དེ་ཡང་སྟོང་རྩ་གཉིས་པོ་འདིས་སེམས་བསྐྱེད་ལུགས་གཉིས་སུ་གསུངས་སྟེ། ཐུན་མོང་དང་ཁྱད་པར་རོ། །དེ་ལ་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི་དང་པོར། དེ་ལ་གཉིས་སྟེ་ཐུན་མོངས་དང་ཁྱད་པར་རོ་ཞེས་པ་ལ། ཐུན་མོངས་སེམས་བསྐྱེད་དཀོན་མཆོག་རྩེགས་པར་ཤེས་ཞེས་པའི་དོན་ནི། གསང་པ་བསམ་གྱིས་མི་ཁྱབ་པའི་མདོ་ལས་སྟན་ཏེ། ཇི་སྐད་དུ་གསུངས་ན། སྐལ་པ་འདི་བསྐལ་པ་བཟང་པོ། དེའི་གོང་མ་དབྱངས་བརྙན་པ། དེའི་གོང་མ་ཆོས་ཀྱི་མེ་ལོང་ཆེན་པོའི་མཛོད། དེའི་གོང་མ་མཛེས་པར་སྣང་པའི་བསྐལ་པ་སྟེ། དེའི་ཡང་གོང་མ་

11b

སྔོན་འབྱུང་པ་འདས་པའི་དུས། བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲངས་མེད་པ་ན། རྒྱ་ཆེན་པོ་ཚད་མེད་པ་བསམ་གྱིས་མི་ཁྱབ་པ་དཔག་ཏུ་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན། བསྐལ་པ་མཛེས་པར་སྣང་པ་ཞེས་བྱ་བ་བྱུང་། དེ་ལ་འཇིག་རྟེན་གྱི་ཁམས་རྣམ་པར་བརྒྱན་པ་ལ། དེ་བཞིན་གཤེགས་པ་ཡོན་ཏན་རིན་ཆེན་མཐའ་ཡས་བཀོད་པའི་རྒྱལ་པོ་ཞེས་བྱ་བ་བྱོན་ཏེ། སྐུ་ཚེའི་ཚད་ནི་ལོ་བྱེ་བ་ཕྲག་སུམ་བཅུ་རྩ་དྲུག་གོ །མི་རྣམས་ཀྱང་བློ་བུར་དུ་འགུམ་པ་ནི་མེད་དོ། །གྲོང་ཁྱེར་རྣམ་པར་དག་པ་དེའི་ལྷོ་བྱང་དུ་ནི་དཔག་ཚད་དྲུག་བཅུ་རྩ་བཞི། ཤར་ནུབ་དུ་ནི་བཞི་བཅུ་རྩ་གཉིས། བསྐྱིད་མོས་འཚལ་ཁྲིས་བརྒྱན་པའོ། །དེའི་དུས་ན་འཁོར་ལོ་བསྒྱུར་བའི་རྒྱལ་པོ་ཡུལ་འཁོར་བསྲུངས་ཞེས་བྱ་བ་བྱོན་ཏེ། དེའི་ཁང་པ་ལ་ཡང་ཆུ་ཞེང་དུ་དཔག་ཚད་བཅུ་དྲུག་གོ །རྒྱལ་པོ་དེ་ལ་བཙུན་མོ་བདུན་འབུམ་སྲས་སྟོང་ཡོད་དེ། སྲས་ཐམས་ཅད་ཀྱང་མཚན་དཔེ་དང་ལྡན་པ། ལུས་ལ་འོད་ཡོད་པ། མངོན་པར་ཤེས་པ་འཕྲ་མོ་མངའ་བའོ། །རྒྱལ་པོ་དེས་སངས་རྒྱས་དེ་མཆོད་གནས་སུ་གཟུང་ནས། འཁོར་རེ་རེ་ལ་གཡོག་གསུམ་གསུམ་ཕུལ་ལོ། །ལན་གཅིག་སྐྱིད་མོས་འཚལ་དུ་གཤེགས་པ་ལ། བཙུན་མོ་དམ་པ་མ་སྨད་པ་དང་དཔེ་མེད་མ་གཉིས་ལ་ཡང་སྲས་མཚན་ལྡན་རེ་རེ་ཡང་རྫུས་སྐྱེས་སུ་བྱུང་ཏེ། དེ་གཉིས་ལ་བར་སྣང་གི་ལྷས་མིང་བཏག་པ་ཆོས་ཀྱི་སེམས་དཔའ་དང་ཆོས་ཀྱི་བློ་གྲོས་སོ། །དེ་བུ་སྟོང་རྩ་གཉིས་དང་ནམ་མཁའ་ལ་ལྷན་གཅིག་དུ་རྫུ་འཕྲུལ་གྱིས་བྱོན་ནས་གཞན་ལ་ཆོས་སྟོན་དེ། ཀྱཻ་གྲོགས་པོ་གང་དག་དད་དང་ཆོས་ཉན་པ། །འདི་འདྲ་སྐལ་པ་རྒྱ་

12a

༄༅།       །ལམ་རྙེད་པ་དཀོན། །ཞེས་པ་ལ་སོགས་པ་བསྒྲོགས་སོ། །དེ་ནས་རྒྱལ་པོའི་ཐུགས་དགོངས་ལ། མ་འོངས་པའི་དུས་སུ་བསྐལ་པ་བཟང་པོ་བྱ་བ་ལ། འབུད་དྷ་སྟོང་རྩ་གཉིས་འབྱུང་ཞེས་བྱ་བ་རྙན་ན་ཡོད་པས། དེ་དག་བདག་གི་བུ་འདི་དག་ཡིན་ནམ་སྙམས་ནས་འབུད་དྷ་ལ་ཞུས་པས་ཡིན་གསུངས་ནས། འོ་ན་སངས་རྒྱའ་བར་ལུང་བསྟན་དུ་གསོལ་ཞེས་ཞུས་པས། དངོས་སུ་ལུང་སྟན་ན་ད་རུང་སོ་སོ་སྐྱེ་བོ་ཡིན་པས། དགའ་མི་དགའ་སྐྱེ་བས། རིན་པོ་ཆེའི་བུམ་པར་མཚན་རྣམས་བཅུག་པ་དབང་བསྐུར་ནས། དེ་ནས་ལུང་སྟན་ནོ་གསུངས་ནས། དེ་ལྟར་བྱས་པས་སྟེ་བུམ་པ་ནས་མཚན་སྟོན་ནས་འབུད་དྷ་ལུང་སྟན་པ་ཡིན་སྟེ། སྔུན་དག་ལ་དེ་རྩ་ན་ཡང་གཅེན་པོ་རྒྱལ་བུ་རྣམ་དག་བློ་གྲོས་ཞེས་བྱ་བ་བྱུང་ཏེ་འཁོར་བ་འཇིགས་དུ་ལུང་སྟན་ཏེ། དེ་རྩ་ན་ཕོ་བོ་ཆེ་དག་འབུད་དྷའི་སྔ་ཤོས། དེ་ནས་རྣམ་པར་རྒྱལ་བའི་སྡེ་བྱུང་། དེ་གསེར་ཐུབ་དུའོ། །དེ་ནས་རྒྱལ་བུ་དབང་པོའི་སྡེ་བྱ་བ་བྱུང་དེ་འབུད་དྷ་འོད་བསྲུངས་དུའོ། །དེ་ནས་དོན་གྲུབ་དུ་བྱུང་ཏེ། དེ་ཤཀ་ཐུབ་དུའོ། །དེ་ནས་རྒྱལ་བུ་གཞོན་ནུ་སྐེ་རགས་བྱ་བ་བྱུང་ཏེ། དེ་བྱམས་པའོ། །མཆོག་གི་བློ་གྲོས་ལ་སངས་རྒྱས་སེང་གེ། ཀློག་གི་ལྷ་ལས་མེ་ཏོག །བཟང་པོའི་རྒྱལ་པོ་ལས་མེ་ཏོག་དམ་པ། འོད་ཀྱི་དཔལ་ལས་མེ་ཏོག་དཔལ། རྣམ་པར་སྣང་བའི་པད་མ་ལས་སྐར་མའི་རྒྱལ། དྲི་མ་མེད་པའི་འོད་ལས་སྤྱན་ལེགས། གཞུ་བུ་རྡུལ་ལས་ལག་བཟངས། བློ་གྲོས་རྒྱལ་པོ་ལས་འོད་ཟེར། དགོངས་པ་བཀོད་པ་ལས་སྐར་མའི་ལྷ། ཕྱོགས་ཀྱི་འབྱོར་པ་ལས་མངོན་འཕགས་གཤེགས། རྣམ་པར་བཀོད་པའི་རྒྱལ་པོ་ལས་ཡོན་ཏན་མཆོག་མངའ། དཔལ་སྦས་

12b

ལས་ནོར་དཔལ། ལུས་དག་པ་ཤིན་ཏུ་རྣམ་པར་དག་པ་ལས་ཡེ་ཤེས་འབྱུང་གནས། དྲགས་ཤུལ་ཅན་ལས་རིན་ཆེན་འབྱུང་གནས། རིན་ཆེན་དྲགས་པ་ལས་སངས་རྒྱས་ཀུན་ཏུ་སྣང་པའོ། །དེ་བཞིན་དུ་རྒྱལ་བུ་གཅེན་ཅུང་གི་རིམས་པས་འབུད་དྷ་དགུ་རྒྱ་དགུ་བཅུ་གོར་དགུའི་ཏིང་ལ་བློ་མཐའ་ཡས་པ་བྱ་བ་བྱུང་ཏེ། དེ་ཅུང་འབུད་དྷ་མོས་པར་ལུང་སྟན། རྫུས་སྐྱེས་གཉིས་པོའི་མིང་བྱང་མ་བྱུང་ནས་ཁོ་རང་གཉིས་ལ་དྲིས་པས། ཆོས་ཀྱི་སེམས་དཔའ་ན་རེ་ང་ཕོ་བོ་སྟོང་གི་བཀའ་བསྡུད་པ་པོ་ཡིན་ནོ་ཟེར་རོ། །ཆོས་ཀྱི་བློ་གྲོས་ན་རེ་ཆོས་ཀྱི་ཞུ་སྣ་བྱེད་པའི་ཚངས་པ་ཡིན་ཟེར་ནས་སྤྲུལ་པར་གོ། དེ་ནས་ཐམས་ཅད་ཕོ་བོ་སྟོང་པོ་དེ་དག་གིས་བློ་མཐའ་ཡས་པ་ལ། བཞུགས་ལ་འདུས་པས་མཁར་རྗེ་ཆུང་ཞེས་འཆས་པས་ཁོས་སྨོན་ལམ་བཏབ་བདེན་པ་བརྡར་བས། སངས་རྒྱས་ཆོས་རྣམས་འདི་དག་ནམ་མཁའ་མཚུངས་ཤིང་འདྲ། །བདག་གི་སྨོན་ལམ་ཅི་འདྲ་སེམས་ཅན་ཟད་པ་མེད་སྙམས་བསྒྱིད། །འོན་ཀྱང་ཚུལ་ཁྲིམས་ཀྱིས་ནི་བདག་གི་སྨོན་ལམ་འདི་དག་འགྱུར། །བདག་གི་སྨོན་ལམ་ཅི་འདྲ་ཐམས་ཅད་འདིར་གསོན་ཅིག །ཁྱེད་ཀྱི་ཚེ་ཚད་ཇི་རྩམ་པ་དག་སྡོངས་པ་དག །ཚོགས་ཀྱིས་རྒྱལ་པོ་ཇི་སྙེད་དེ་དག་སྡོང་པ་དག །ཐམས་ཅད་སྡོང་པ་དེ་ཉིད་བདག་གི་ཚེར་གྱུར་ཅིག །བདག་གི་དགེ་སློང་ཚོགས་ཀྱང་དེ་དག་མ་ལུས་རྙེད། །ཞེས་པས་འབུད་དྷས་ཀྱང་དེ་ལྟར་འབྱུང་པར་ཤོག་ཅིག་ཞེས་བརྗོད་པས་དེའི་དུས་སུ་དེ་ལྟར་འོང་བ་ཡིན་སྐད། དེའི་དུས་ཀྱི་ར་རྩ་དེ་ནི་འབུད་དྷ་མར་མེ་མཛད་དོ། །བུ་སྟོང་པོ་དེ་དག་ནི་བསྐལ་པ་བཟང་པོ་འདིའི་འབུད་དྷ་སྟོང་ངོ་། །ཞེས་དཀོན་མཆོག་རྩེགས་པ་ལས་བཤད་དོ། །དེ་ནས་ཁྱད་པར་དུ་སེམས་བསྐྱེད་པ་ནི། ཁྱད་པར་སེམས་བསྐྱེད་མདོ་སྡེ་བསྐལ་བཟང་ནས། སྐལ་

13a

༄༅།       །པ་འདི་ལ་སྐྱེ་དགུའི། །ཉི་ཁྲི་རྣམས་ལས་སངས་རྒྱས་གསུམ་རྩམ་བྱོན། །ཞེས་པ་སྟེ། དེ་རྣམས་ཀྱིས་ཀྱང་བསྐལ་པ་འོག་མ་རྣམས་ལ་སེམས་བསྐྱེད་དེ། བསྐལ་པ་བཟང་པོའི་མདོ་ལས་ཏ་ཐཱ་ག་ཏ་འཁོར་བ་འཇིགས་ཀྱིས་ནི། ཏ་ཐཱ་ག་ཏ་མིའི་བླ་མ་ལ། གསེར་ལས་བྱས་པའི་གདུག་དག་ཕུལ་ནས་ཀྱང་། དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པ་དང་། ཏ་ཐཱ་ག་ཏ་གསེར་ཐུབ་ཕྲེང་རྒྱུད་ཚེ། །དེ་བཞིན་གཤེགས་པ་སེང་གེའི་སྟོབས་དེ་ལ། །སྣ་མའི་མེ་ཏོག་ཕུལ་བར་བྱས་ནས་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །འོད་བསྲུངས་བྲམ་ཟེའི་ཁྱེའུར་གྱུར་པའི་ཚེ། །ཏ་ཐ་ག་ཏ་རྩམ་པའི་མཆོག་དེ་ལ། །སྐུ་རགས་དག་ནི་ཕུལ་ན་ཀྱང་། །དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ། །ཞེས་པས་འབུད་དྷ་གོང་མ་གསུམ་པོ་དེས་ཀྱང་དང་པོར་སེམས་བསྐྱེད་བར་དུ་ཚོགས་བསགས་ཐ་མར་སངས་རྒྱས་སྟེ། སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་པ་ལ་སངས་རྒྱས་འཁོར་བ་འཇིགས་བྱུང་ཏེ། དུས་བཞི་ལས་རྫོགས་ལྡན་གྱིས་དུས་སུ་བྱོན། རྒྱལ་པོ་ལགས་བརྐྱང་། གྲོང་ཁྱེར་བཟངས་ལྡན། རིགས་ཀར་ཤ་པ་ནའི་རིགས། ཡབ་མཆོད་སྦྱིན། ཡུམ་ཚངས་རྒྱལ། སྲས་བླ་མ། རིམས་གྲོ་བ་བློ་ལྡན། སེམས་ཅན་གྱི་ཚེ་ལོ་རྒྱ་ཁྲི། ཉིད་ཀྱིས་བཞི་ཁྲི། ཆོས་འདོད་ཆགས་དང་བྲལ་བ། བསྟན་པ་ལོ་བཞི་ཁྲིར་གནས། ལུང་གི་ཆོས་ལོ་བཅུ་གཉིས་སུ་མཆད། འདོད་ཆགས་དང་བཅས་པ་དང་། རྟོགས་པའི་ཆོས་མི་གསུངས་ཏེ་རྒྱུད་ལ་གནས། དེ་བཞིན་དུ་གསུམ་ལྡན་གྱིས་དུས་སུ་གསེར་ཐུབ་བྱོན། ཚེ་ལོ་ཉི་ཁྲི་པ་ལ། རྒྱལ་པོ་ལྷ་ལྡན། གྲོང་ཁྱེར་ལྔ་པར། རིགས་བྲམ་ཟེ། ཡབ་མི་སྦྱིན། ཡུམ་བླ་མ། སྲས་རྣམ་པར་རྒྱལ་

13b

བའི་སྡེ། སྐུ་ཚེ་ལོ་གསུམ་ཁྲི། ཆོས་སྡེ་སྣོད་གསུམ། སྟན་པ་ལོ་སྟོང་། རྟོགས་པའི་ཆོས་དང་གསང་སྔགས་མི་གསུང་ཏེ། རྒྱུད་ལ་གནས། གཉིས་ལྡན་གྱིས་དུས་སུ་ར་ཙ་ཏྲི་ཏྲི། དེའི་རིང་ལ་སངས་རྒྱས་འོད་བསྲུངས་བྱོན། ཡུལ་རྩ་ཏྲ་ན། རིགས་བྲམ་ཟེ། ཡབ་ཚངས་སྦྱིན། ཡུམ་ནོར་བདག་མོ། སྲས་དེད་དཔོན། ཚེ་ལོ་གཉིས་ཀས་ཉི་ཁྲི། ཆོས་འདུལ་བ་མི་གསུང་། བསྟན་པ་ལོ་བདུན་ཁྲི། གཉིས་པོ་མི་མཆད་རྒྱུད་ལ་གནས། དེས་ནི་སྐྱེ་དགུའི་ཚེ་ལོ་བརྒྱད་ཁྲི་བཞི་ཁྲི་གསུམ་ཁྲི་དང་། ཉི་ཁྲི་པ་ལ་སངས་རྒྱས་གསུམ་བྱོན་པའི་དོན་ནོ། །བརྒྱ་པའི་དུས་ན་སངས་རྒྱས་ཤཀ་ཐུབ་བྱོན་ཅེས་པའི་དོན་ལ། སྐལ་པ་བཙོད་ལྡན་གྱིས་དུས་སུ། ཚེ་ལོ་བརྒྱ་པའི་དུས་སུ་རྒྱལ་པོ་གསལ་རྒྱལ་ཀྱི་རིངས་ལ་ཤཀ་ཐུབ་བྱོན་ཏེ། གྲོང་ཁྱེར་སེར་སྐྱར། རིགས་རྒྱལ་རིགས་ཡོན་ཏན་བཅུ་དྲུག་གི་ཆེ་བ། མེས་སེང་གེ་འགྲམས། བྲམ་ཟེ་མོ་འོད་ཟེར་འབྱུང་གནས། གྱོས་པོ་ལག་ན་བེ་ཅོན། བྲམ་ཟེ་མོ་མཛེས་ལྡན་ཡིན་སྐད། ཡབ་ཟས་གཙང་། ཡུམ་ལྷ་མཛེས། སྲས་སྒྲ་གཅན་མཛིན། སྐུ་ཚེ་བརྒྱ་བཅུ་གྱ་གཉིས་བཞེས། ཆོས་རྒྱུ་འབྲས་གཉིས་ཀ་མཆད། བསྟན་པ་ལོ་ལྔ་སྟོང་དུ་གནས། རིམས་འགྲོ་བ་ཀུན་དགའ་བོ། དེ་ནས་གཟུང་ནས་བསྐལ་པ་འདི་ལ་རྫོགས་པར་བྱོན་ཞེས་གསུང་པས་བཞི་ཀ་བཞིན་ཏུ་ཐམས་ཅད་ལ་འདྲེ་བར་ཤེས་པར་བྱ་སྟེ་བསྐལ་བཟངས་སུ་ལྟའོ། །དེ་ནི་ཆོས་འབྱུང་བར་མ་ཐལ་ལོ། །