(༥.ཁབ་བཞེས་པའི་མཛད་པ།)
དེ་ནས་སྐྱིད་པའི་འབྱུང་གནས་སུ་ཁབ་བཞེས་པ་ནི་དགུང་ལོ་བཅྭ་བརྒྱད་བཞེས་པ་ན། ཡབ་ཀྱིས་རྒྱལ་བུ་ལ་ཁབ་གཅིག་བཞེས་པར་ཞུས་པས། བདག་ནི་བུ་མེད་ཚོགས་དང་མཚེ་མ་ཡིན། །བདག་ནི་མི་སྨྲ་ནགས་འདབས་གནས་པར་བྱ་སྙམས་ནས། །དགུང་བདུན་ཡིད་ལ་གསལ་བར་བྱས་ནས་བརྩིས། །འདོད་པའི་སྐྱོན་ནི་བདག་གི་མཐའ་ཡས་རིགས། །འཐབ་མོ་འཁོན་དང་མྱ་ངན་སྡུག་བསྔལ་གཞི། །བདག་ལ་ཁྱིམ་འཐབ་མི་འཚལ་ཉོན་མོངས་པ་ཐམས་ཅད་ཀྱིས་རྩ་བ་བུ་མེད་ཡིན་གསུངས། ཡབ་ན་རེ་འདམས་དང་ལྕགས་ལྕིག་གསེབ་ནས་པདྨ་རྣམ་པར་འཕེལ། །ཞེས་པ་ལ་སོགས་པ་སྨྲས་ནས། སྔོན་གྱིས་བྱང་ཆུབ་སེམས་དཔའ་ཀུན་ཀྱང་ཁབ་བཞེས་ནས་རབ་ཏུ་བྱུང་སྟེ། སངས་རྒྱས་སྐད་ན་ཅིས་ཀྱང་ཁབ་བཞེས་པར་ཞུ་བྱས་པས། རྒྱལ་བུས་སྨྲས་པ། བུ་མེད་ཕལ་ཆེར་གཡོ་དང་རྒྱུ་ལ་གནས། །འཇིགས་བྱེད་དུག་གི་ལོ་མ་འདྲ་བ་སྟེ། །མེ་དང་འདྲ་ཞིང་རལ་གྲིའི་སོ་དང་འདྲ། །འདོད་པའི་ཡོན་ཏན་བདག་འདོད་མ་ཡིན་ཏེ། །འོན་ཀྱང་ཡབ་ཀྱི་བཀའ་ནི་མི་ལྕགས་ཅིང་། །ཚུལ་དང་མཐུན་པ་འདུག་ན་བདག་ལ་ཞུ། །ཅེས་སོ། །ཅི་ལྟ་བུ་ཅིག་འཚལ་ཞུས་པས། བཞག་པ་ཟད་བྱེད་ཆོམ་རྐུན་ལྟ་བུ་དང་། །གཞིན་ངན་དགྲ་འབྲེལ་གཤེད་
མ་ལྟ་བུ་དང་། །ཁྱིམ་བདག་བརྡས་བྱེད་རྗེ་མོ་ལྟ་བུ་དང་། །ཆུང་ན་རྐུ་བའི་སྲིན་མོ་མར་འདྲེན་དང་། །སྤྲོ་འཐུང་གསར་ངས་ཅི་ལྟས་ཅིར་མ་སྟུག །དེ་ལྟ་བུ་ནི་ཁྱིམ་ཐབས་མི་འཚལ་ལོ། །མ་ལྟར་བྱམས་ཤིང་སྲིང་ལྟར་སྡུང་པ་དང་། །བྲན་མོ་བཞིན་དུ་བཀའ་ལུང་ཉན་པ་དང་། །མཛའ་མོ་བཞིན་དུ་ཡིད་ལ་འབབས་པ་དང་། །རྗེ་མོ་བཞིན་དུ་ངོ་ཚ་ཤེས་པ་དང་། །སྲོད་ལ་ཉལ་ཞིང་ཐོ་རངས་ལངས་སྔ་དང་། །ཤ་མདོག་དཀར་ལ་ལུས་ཀྱི་དྲི་ཡང་ཞིམ། །གཟུགས་བཟངས་ལྡན་ཡང་གཟུགས་ཀྱི་དྲེགས་དང་བྲལ། །ཕོ་བུ་མ་ལ་བྱམས་པའི་སེམས་ལྡན་ཞིང་། །གཏོང་ལ་དགའ་སྟེ་དགེ་སྦྱོང་བྲམ་ཟེའི་རིགས། །གཉིད་དང་རྨུགས་པ་མི་མངའ་ང་རྒྱལ་བླུན་བྲལ་ཞིང་། །དེ་འདྲའི་ཡོན་སྟན་ལྡན་ན་རྒྱལ་རིགས་བྲམ་ཟེ་འང་རུང་། །རིགས་དང་རུས་ནི་ཡོན་ཏན་དོན་དུ་གཉེར་མ་ཡིན། །གཞན་ཡང་འགྲོ་ན་ལེགས་ལ་སྨྲ་ན་འཇམས། །ཁོང་ཡང་པ་དང་ཁོང་སྡིག་དང་། །སྐྱེས་པ་གཞན་ལ་མིག་མི་ལྟ། །དེ་འདྲའི་བུ་མོ་རྙེད་ན་བདག་གིས་བལྟ། །ཞེས་ནས། འབངས་མོས་པ་ལ་ཚིག་བཅད་ཀྱི་ཡི་གེ་བསྐུར་ནས་གྲོང་ཁྱེར་ཆེན་པོ་བརྒྱད་དུ་བཙལ་ན་ཤཀྱ་བ་ལྔ་བརྒྱ་ཙམ་ན་རེ་ངའི་བུ་མོ་སྦྱིན་རིང་ངེ་བྱུང་པ་ལ་དོན་དང་ལྡན་པ་འམ་དོན་དང་མཐུན་པ་མི་འདུག །དགོངས་ཀ་ལགས་ན་བེ་ཅོན་གྱི་བུ་མོ་དང་འཕྲད་ནས་ཚིག་ཅད་དང་མཐུན་པར་འདུག་ནས། མོས་པས་དྲིས་པས། བུ་མོ་ཁྱེད་ངེད་ཀྱི་རྒྱལ་བུའི་ཁབ་དུ་བཞེས་ན་མི་རུང་ངམ་ཞེས་པ་དང་། བུ་མོས་སྨྲས་པ། ཁྱོད་དགོངས་པ་ཅི་ཡོད་ཟེར། མོས་པས་སྨྲས་པ། ཟས་གཙང་སྲས་པོ་གཟུགས་ནི་མཆོག་
༄༅། །ཏུ་མཛེས་གྱུར་ཅིང་། །སུམ་བཅུ་རྩ་གཉིས་མཚན་ལྡན་གཟིར་བརྗིད་ཅན། །དེའི་བུད་མེད་རྣམས་ཀྱི་ཡོན་ཏན་ཡི་གེར་བྲིས། །སུ་ལ་ཡོན་ཏན་འདི་ཡོད་དེའི་ཁྱིམས་འཐབ་འོས། །ཞེས་སྨྲས་ནས། ཡོན་ཏན་གྱི་འཕྲིན་ཡིག་ལྟད་པས་ས་འཚོ་མས་སྨྲས་པ། བྲམ་ཟེ་བདག་ལ་ཡོན་ཏན་ཀུན་ཚངས་ཀྱིས། །དེས་པ་གཞོན་ནུ་དེ་ནི་བདག་དང་ལྷན་ཅིག་འོས། །བདུད་ལ་སོགས་པའི་ཁར་ཚངས་མང་དུ་བྱུང་། །རྒྱལ་བུ་བཞེད་ན་བརྩོན་འགྲུས་བསྐྱེད་པར་ཞུ། །ཞེས་ནས། མོས་པས་རྒྱལ་པོ་ལ་ཞུས་པས་འོ་ན་སླང་དགོས་ཟེར་ཏེ། གཞོན་ནུ་ཕུལ་ཆེ་བས་མི་འགུ་སྲིད་པས། གྲོང་ཁྱེར་བརྒྱད་ཀྱི་བུད་མེད་རྩམ་འཚོགས་ལ་རྒྱལ་བུ་ལ་ཕྱག་ཚོལ་ཅིག་གསུངས་པས། ཐམས་ཅད་ཀྱིས་ཕྱག་བཙལ་ཀྱང་སྤྱན་མ་གཟིགས་བཀའ་ལུང་མ་གནང་པ་ལས། ས་འཚོ་མས་ཕྱག་བྱས་པས་སྤྱན་དེར་གཟིགས་བཀའ་ལུང་ཡང་། གནང་སྟེ། ཕྱག་གི་གསེར་གྱི་སོར་འདུག་ནམ་མཁའ་ལ་འཕངས་པས་ས་ལ་བབས་ནས་ས་འཚོ་མའི་སྲིན་ལག་ལ་སྐོར་གྱི་སོང་ནས། ས་འཚོ་མ་ཡང་རྒྱལ་བུ་ལ་དམིགས་མི་སོལ་བར་ཆགས་པ་ལ་གཞན་གྱིས་འཆས་པས། མོས་སྨྲས་པས། འདུག་ན་འདྲེ་དང་འཆག་དང་ལྟ། །འཕགས་རྣམས་དེ་ལས་མི་གཡོ་མཛེས། །ནོར་བུ་རིན་ཆེན་ཡོན་ཏན་ཅན། །རྒྱལ་མཚན་རྩེ་ལ་ཕྱར་ན་མཛེས། །ཞེས་སྨྲས་སོ། །མོས་པས་རྒྱལ་པོ་ལ་ཡང་སྨྲས་པ། ཟས་གཙང་གིས་ས་འཚོ་མའི་ཚིག་དེ་ཐོས་ནས་སྨྲས་པ། བདག་གི་བུ་ནི་ཡོན་ཏན་དུ་མ་དང་ལྡན་པ་ཡིན་ན། མནའ་
མ་རང་གི་ཡོན་ཏན་ཇི་ལྟར་རབ་སྨྲས་པས། །གཞོན་ནུ་དེ་གཉིས་འཕྲད་པར་གྱུར་པ་ནི། །མར་དང་མར་གྱི་ཉིང་ཁུ་ཇི་ལྟར་འཕྲད་པ་བཞིན། །ཞེས་སྨྲས་སོ། །དེ་ནས་རྒྱལ་པོས་ལག་ན་བེ་ཅོན་ལ་ཁྱོད་ཀྱིས་བུ་མོ་དེ་ངའི་སྲས་ལ་ཕུལ་ཅིག་བཞེས་གསུང་པས། ལག་ན་བེ་ཅོན་ན་རེ་ངའི་བུ་མོ་ལ་འདོད་པ་མང་སྟེ། རྒྱལ་པོ་ཉིད་ཀྱི་ཚ་བོ་ལྷ་སྦྱིན་ཡང་འདོད། མཛེས་དགའ་བོ་ཡང་འདོད། ལྷའི་དབང་པོ་རྒྱལ་བྱིན་ཡང་འདོད། དྲི་ཟའི་རྒྱལ་པོ་གཙུག་ཕུད་ལྔ་པ་དང་། སྤྲེའུ་ཡི་རྒྱལ་པོ་ཧ་ལུ་མན་དྷ་དང་། ཀླུའི་རྒྱལ་པོ་ཟུར་ཕུད་ལྔ་པ་ལ་སོགས་པའི་འདོད་མི་མང་པོ་ད་ལྟ་སྒོ་མནན་ནས་ཡོད་པས། བདག་ཤིན་ཏུ་དགྲ་མང་ཏེ་དེ་དག་འདུལ་དགོས་པར་ཡོད་པས་ཉམས་རྩལ་སུ་ཆེ་བ་གཅིག་ལ་སྟེར། ཁྱོད་ཀྱི་བུ་ཚས་ཡགས་ཕ་མི་གོ་ན་སྲིན་རྩམ་ལུགས་ཙམ་སྟེ་ཤེད་མ་བྱེད་དེ་ལ་སྦྱིན་དུ་མེད་ཞེས་ཟེར་རོ། །དེ་ནས་རྒྱལ་པོའི་ཐུགས་ལ་ངའི་བུ་ནས་སོ་གཞོན་པས་ད་རུང་ཉམས་རྩལ་མ་རྫོགས་སྙམས་ནས་ཞལ་རོག་བཞུགས་པས། དེ་ལ་རྒྱལ་བུས་མཁྱེན་བཞིན་དུ་དྲིས་པ་ཡབ་སྙུང་ངམ་གསུངས་པས་མི་སྙུངས་ཟེར། འོ་ན་ཅི་ནོངས་ཞེས་ཞུས་པས། ས་འཚོ་མ་འདི་ཚུལ་དང་མཐུན་པར་འདུག་ནས་སླངས་པས། ཐམས་ཅད་བསོགས་ནས་ཉམས་རྩལ་ཆེ་བ་ལ་སྟེར་ཟེར་བས། རྒྱལ་བུ་ན་སོ་གཞོན་པས་དེ་གཞན་གྱི་ཁྱེར་ཏེ་མཆི་ཞེས་ཞུས་པས། རྒྱལ་བུ་ན་རེ་ཉམས་རྩལ་དང་བདག་ལས་ཆེ་བ་མེད་དེ་འཕོངས་བྱེད་པའི་གཞུ་མེད་ཟེར་བས། དེ་ཅི་ལྟ་བུ་ཅིག་དགོས་དྲིས་པས། གཞན་གྱིས་མི་ཁེངས་པ་དགོས་
༄༅། །ཟེར། དེ་དང་པོ་ཁྱོད་ཀྱི་མེས་པོ་སེང་གེ་འགྲམས་ཀྱི་གྱད་གཞུ་སྲིད་པའི་གནམ་རུ་བྱ་བ་ཁེངས་པ་མེད་ནས་ལྷ་ཁང་ན་སྦས་ནས་ཡོད་བྱས་པས། འོ་ན་དེ་ལོངས་ཅིག་གསུངས་ནས་མེ་རེངས་ལྔ་བརྒྱས་ཁུར་བས་མ་ཁྱག་སྟེ་གྲུས་ནས་འོངས་སོ། །དེ་ལྷ་སྦྱིན་གྱིས་བརྡུང་པས་མ་བརྡུངས་རྒྱལ་བུས་འཐེབ་འཛུག་སྤྲད་པ་ཙམ་གྱིས་བརྡུངས་སྟེ། འཕོངས་འདྲན་པ་ལ་འབེན་དུ་ཤིང་ཏ་ལའི་འཕྲེང་བདུན། ལྕགས་ཀྱི་ཕག་བདུན་སླང་ང་བདུན། ལྕགས་ཀྱི་ཕག་གཉིས་ཀྱིས་དཀྱིལ་དུ་ས་འཚོ་མའི་སོར་འདུབ་འབེན་དུ་གཙུགས་པས། དེ་ལ་ལྷ་སྦྱིན་དང་མཛེས་དགའ་བོས་རྟ་ལ་བདུན་དང་ལྕགས་ཀྱི་ཕག་ལྔ་ལྔ་རྩམ་ཕུག །དེ་ལ་ཡ་མཚན་སྐྱེས་སྐད། དེས་ནས་གཞོན་ནུས་འབེན་ཐམས་ཅད་ཕུག་སྟེ་སོར་འདུབ་ཀྱང་ཐལ་ནས་དེའི་ཕ་ཚད་ཀྱི་བྲག་ལ་ཟུག །ཡབ་མཆེད་པོ་རྣམས་ཀྱི་ཀུ་ཀུ་རི་ལ་སོགས་པས་སྟོན་དྲུས་བྱས་ཀྱང་མ་ཕྱིན་ནོ། །རྒྱལ་བུ་ཉིད་ཀྱིས་མདའི་སྟོང་ནས་འཇུས་པས་འཇུར་གྱིས་དོན་དེ་དེའི་ཤུལ་ནས་ཆུ་མིག་ཀྱང་རང་ཐག་ཁྱབ་པ་གཅིག་བྱུང་སྐད། དེ་བཞིན་དུ་རྩིས་དང་ཡི་གེ་དང་བརྒྱན་དང་སོགས་དང་ལྡོང་དང་ལྟོ་དང་རྩིས་ལག་དང་། དཔྱད་ལ་སོགས་པའི་རྒྱུ་རྩལ་ཐམས་ཅད་རྒྱལ་བུ་ཆེ་སྟེ་གཞན་གྱིས་མ་ཐུབ་ནས་སྐྱེངས་སྟེ། དེ་ནས་ཡུལ་ཡངས་པ་ཅན་དུ་གླང་པོ་རིན་པོ་ཆེ་ཅིག་སྐྱེས་པ་སྟེ་རྒྱལ་བུ་ལ་འབུལ་ཏུ་ཕྱིན་པས་ལྷ་སྦྱིན་གྱིས་འགྲམས་དུ་ཐལ་ཅག་ཅིག་བརྒྱབ་ཏེ་བསད། དེ་ཀུན་དགའ་བོས་གོམས་པ་བདུན་དྲུད། མཛེས་དགའ་བོས་དང་
རྒྱུག་པས་བྲོས་པ་རྩིར་གྱིས་ཟིན་ཏེ། དེ་སྐད་དུ་ཡང་། ལྷ་སྦྱིན་གྱིས་ནི་གླང་ཆེན་དབང་པོ་བསད། །དགའ་བོས་དེ་ནི་གོམ་པ་དྲུག་དུ་གྲུད། །བྱང་ཆུབ་སེམས་དཔའི་ཕྱག་གིས་བར་སྣང་ལ། །རྡོ་བ་བཞིན་དུ་ཕྱི་རོལ་རྒྱངས་རིངས་འཕངས། །ཞེས་སོ། །རྒྱལ་བུས་ཞབས་ཀྱིས་འཐེ་འོང་ལ་བཞུགས་མ་དཀྲིས་ནས་འཕངས་པས་དཔག་ཚད་རྩམ་དུ་སོང་པས་དེར་ཁུང་བུ་བྱུང་པས་དེ་ལ་གླང་པོའི་གཤོང་བྱ་བ་ཡོད་སྐད། དེར་གྲོང་ཁྱེར་བརྩིགས་པས་མི་རབས་བདུན་དུ་མེས་པོ་མཐེང་པ་བཀྲ་ཤིས་པ་ཅིག་བྱུང་སྐད། དེར་རོལ་ཙེད་མཛད་པས་ཐང་ཆད་ནས་ཤིང་འཛམ་བུ་ཀྲི་ཤའི་གྲིབ་མ་ལ་བཞུགས་པས་དེའི་གྲིམ་མ་མ་ཏང་ངོ་། །དེའི་ཚེ་ལྷའི་བུའི་བདུད་རྣམས་ཀྱི་བར་སྣང་ནས་བསྟུད། དེ་ནས་ས་མཚོ་མ་ཐོབ་སྟེ་ཕོག་པའི་གནས་ནི་ཆུ་བོ་ན་ར་ཛ་རའི་འགྲམས་དུ་ཁར་དགུ་རིམས་ཀྱི་ཁང་པ་ན་བཞུགས་སྟེ། སྲས་རྟོགས་པ་སྐྱེས་ཀྱིས་དོགས་ནས་ཡབ་ཀྱི་འབྱུང་འཇུག་བྱེད་དུ་མ་གནང་། དེར་ཕྱིས་ལོ་དུས་སུ་སྒྲ་གཅན་འཛིན་ཡང་ལྟམས་སྐད། དེ་ནི་ཁབ་བཞེས་པའོ། །