(༨.བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ།)
དེ་ནས་རྡོ་རྗེ་གདན་ལ་གཤེགས། ཁར་ཡབ་ཀྱིས་ཕོ་ཉ་བཏང་དེ། སྲས་དང་ཡུག་གཅིག་མཇལ་བར་ཞུས་པས། སྲས་ན་རེ་མི་མཇལ་བདག་གིས་ཡབ་ལ་ཕྱག་བྱས་ན་སྐུའི་སྒྲིབས་པར་འགྱུར་ཟེར། དེ་ནས་ཡང་ཡབ་ན་རེ་བདག་སྲས་ལ་ཕྱག་འཚལ་བས་ཅིས་ཀྱང་མཇལ་བར་ཞུ་ཞེས་པ་དང་། དེར་ཡབ་ཀྱིས་སྲས་ལ་ཕྱག་འཚལ་ཏེ། དང་པོ་སྐྱེས་པའི་ས་གཞི་དང་འཛམ་བུ་གྲིབ་མས་སྐྱབས་པ་དང་། །ད་ལྟ་མཁྱེན་ལྡན་ཁྱོད་དང་གསུམ། །ཀུན་དུ་
༄༅། །ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོ། །དེར་ཡབ་ཀྱིས་སྙུན་གསོལ་པ། ཤིང་རྟ་གླང་པོ་ཞོན་ནས་ནི། །དཔའ་བོ་གྲོང་དུ་འགྲོ་བ་ལ། །ད་ལྟ་ཚེར་ཅན་ས་གཞི་ལ། །སྲས་ཀྱི་ཞབས་ཀྱིས་ཅི་སྟེ་བཟོད། །སྲས་ན་རེ་ཤིང་རྟ་གླང་པོ་རྫུ་འཕྲུལ་རྟ། །དེ་དག་བཙོལ་བས་འགྲོ་བ་སྟེ། །ད་ལྟ་བཙོལ་མེད་ཀུན་ཏུ་རྒྱུ། །ཉོན་མོངས་ཚེར་མ་ཟུག་མི་ནུས། །ཅེས་སོ། །ཡབ་ཀྱིས་ནམ་ཟ་ལ་སྙུང་གསོལ་པ། སྔོན་ཆད་ཀ་ཤི་ཀའི་ནམ་བཟའ་མཛེས་གསོལ་ན། །ད་ལྟ་ངུར་སྨིག་ཙུབ་མོ་འདི། །སྲས་ཀྱིས་སྐུ་ལ་ཅི་སྟེ་བཟོད། །ཅེས་ཟེར་བ་ལ། སྲས་ཀྱིས་སྨྲས་པ། བདག་གི་ཁྲིམས་གོས་གཙང་མ་འདི་གོན་ནས་རབ་དུ་བྱུང་པ་མཛེས་པ་ཡིན་ཞེས་སོ། །ཞལ་ཟས་ལ་སྙུན་གསོལ་པ། སྔོན་ཆད་གསེར་གཞོང་དངུལ་གཞོང་དུ། །ཞལ་ཟས་ཕུན་གསུམ་ཚོགས་སྦྱར་གསོལ་ན། །ད་ལྟ་བསོད་སྙོམས་ཞལ་ཟས་འདི། །སྲས་ཀྱི་འགྱུར་དུ་ཅི་སྟེ་བྱོན། །སྲས་ཀྱིས་སྨྲས་པ། ཟས་སུ་སྲིད་དང་ཐམས་ཅད་སྤངས། །འཇིག་རྟེན་རྩེ་ཕྱིར་ཡབ་ཀྱི་སྤྱན་མངར་མཆིས་ཞེས་སོ། །དེ་ནས་ཡབ་ཀྱིས་རྒྱལ་པོའི་ཁབ་སེར་སྐྱའི་གྲོང་དུ་གཤེགས་བདག་གིས་ཡོན་བདག་བགྱིས་ནས་སྟན་པ་ཡུན་རིངས་དུ་སྤེལ་ན་མི་རུང་ངམ་ཞུས་པས། སྲས་ན་རེ་ཁབ་དུ་མི་མཆི་བདག་སེམས་ཅན་ཐ་མ་རེག་པ་མཆོག་དུ་མ་གྱུར་པ་རྣམས་ཀྱིས་དོན་བྱེད་དགོས། སེམས་ཅན་འདུལ་འཕྲོ་ལགས་
པས་མི་མཆི། ཡབ་ཉིད་ཁབ་དུ་གཤེགས་འཚལ་ཞེས་གསུངས་པས། ཡབ་མི་དགྱེས་བཞིན་དུ་ཁབ་དུ་གཤེགས་སོ། །དེ་ནས་རྩ་འཚོངས་བཀྲ་ཤིས་ཀྱིས་རྩའི་གདན་ཕུལ་བ་ལ་བཞུགས་སྟེ། དི་རིང་ཁྱོད་ཀྱིས་རྩ་འདི་ང་ལ་བྱིན། །ངས་ནི་དགོངས་པ་གྲུབ་ནས་སེམས་ཅན་དོན་ཡང་བྱེད། །ཅེས་གསུངས་སོ། །དེ་ནས་འདོད་ཁམས་ཀྱིས་ལྷ་བྲན་རྣམས་ཀྱིས་སྨྲས་པ། ལྷའི་ཡུལ་ན་ཡང་སངས་རྒྱས་གཅིག་སངས་རྒྱས། ར་རྩ་མྱ་ངན་མེད་པའི་ཡུལ་མ་ཀི་ན་ཡང་གཅིག་འཚངས་རྒྱ་བས། འདི་གཉིས་གཅིག་གམ་མི་གཅིག་ཅེས་ལྷ་ཚངས་པ་ལ་དྲིས་པས། ཆ་མེད་ཟེར། མ་ཧ་དེ་བ་ན་རེ་འདི་གཉིས་གཅིག་ཡིན་པས་མཆོད་པ་འབུལ་དགོས་ཞེས་ནས། ལྷ་རྣམས་ཀྱིས་རྡོ་རྗེ་གདན་བཤམས་ནས་སྤྱན་དྲངས་རྩ་ན་ལྷ་སྦྱིན་གྱིས་ཐུ་བ་ནས་གཟུང་སྐད་དོ། །