ལྡེའུ་ཆོས་འབྱུང་།
༡༡.ཆོས་བསྐོར་འཁོར་བའི་མཛད་པ།
Previous Chapter
Next Chapter

(༡༡.ཆོས་འཁོར་བསྐོར་བའི་མཛད་པ།)

དེ་ལྟར་འབུད་དྷའི་སྤྲུལ་པའི་སྐུ་དེས་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ནི། དེའི་རྣམ་ཐར་དཔག་ཏུ་མེད་ཞེས་གསུངས་ནས་ཞེས་པས་མདོར་སྟན། ད་ནི་དེ་ཡིས་གསུངས་པའི་ཆོས་རྣམས་ལ་ཞེས་པས་རྒྱས་པར་སྟོན་ཏེ་འོག་ཏུ་མཆད་དོ། །དེ་ནས་ར་རྩའི་ཁབ་དུ་ཆོ་འཕྲུལ་བསྟན་པ་ལ་བཞི་སྟེ། རང་བཞིན་གྱིས་ཆོ་འཕྲུལ་དང་། རྗེས་སུ་སྟན་པའི་ཆོ་འཕྲུལ་དང་། བྱིན་གྱིས་རླབས་པའི་ཆོ་འཕྲུལ་དང་། རྫུ་འཕྲུལ་གྱིས་ཆོ་འཕྲུལ་ལོ། །དེ་ལ་རང་བཞིན་གྱིས་ཆོ་འཕྲུལ་ནི་དཔེར་ན་ནམ་མཁའ་ལས་མ་གཡོས་པ་ལས། གཟའ་སྐར་གྱིས་ཚོགས་བྱུང་པ་ལ། དེ་ལས་མ་གཡོས་པ་ལ་རྒྱ་མཚོ་ལ་གཟུགས་སུ་སྣང་པ་དང་འདྲ་བར། ཆོས་སྐུ་ནམ་མཁའ་དང་འདྲ་བ་ལས། ལོངས་སྐུ་ཉི་ཟླ་སྤྲུལ་སྐུ་དེའི་གཟུགས་བརྙན་གྱིས་འགྲོ་དོན་མཛད་པའོ། །རྗེས་སུ་བསྟན་པའི་ཆོ་འཕྲུལ་ནི་རྟགས་དུ་ངུས་ཆོས་འཚོལ་བའི་ཆེད་དུ་ལུས་སྟོང་ཡོད་པ་ལྟ་བུའོ། །བྱིན་གྱིས་བརླབས་པ་ནི་འབུད་དྷའི་དབུའི་གཙུག་ནས་འོད་ཟེར་བྱེ་བ་ཕྲག་དྲུག་བཅུ་བྱུང་ཞེས་པ་ལ་སོགས་པ་ལྷའི་འོད་ལ་སོགས་པ་

41b

མགོ་མགོ་ལ་སོགས་པའོ། །རྫུ་འཕྲུལ་གྱིས་ཆོ་འཕྲུལ་ནི་དཔེར་ན་མུ་སྟེགས་ཀྱི་སྟོན་པ་དྲུག་གི་ཆུ་ལ་མི་བྱིང་པ་ལ་སོགས་པའི་རྫུ་འཕྲུལ་ཡོད་ཀྱང་། འབུད་དྷ་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་དེ་བས་ཀྱང་རྫུ་འཕྲུལ་ཆེ་སྟེ། སྨད་ཀྱི་ལུས་ཆེ་བོ་བཅྭ་བརྒྱད་སྟོན་པ་ནི་རྫུ་འཕྲུལ་གྱིས་ཆོ་འཕྲུལ་ལོ། །ལྷ་ཀླུ་ལ་སོགས་པའི་ཆོ་འཕྲུལ་གྱིས་རྫུ་འཕྲུལ་ཐམས་ཅད་ཟིལ་གྱིས་གནོན་པའི་ཆོ་འཕྲུལ་བསྟན་ཏོ། །