ལྡེའུ་ཆོས་འབྱུང་།
༡༢.མྱ་ངན་ལས་འདའ་བའི་མཛད་པ།
Previous Chapter
Next Chapter

(༡༢.མྱ་ངན་ལས་འདའ་བའི་མཛད་པ།)

དེ་ནས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ནི་དགུང་ལོ་བརྒྱད་བཅུ་ལོན་རྩ་ན་བདུད་ཀྱིས་ཞུས་སྟེ། ཁྱོད་མི་ཏག་པའི་ཆོས་ཤ་རྟགས་འཆད་ཟེར་བ་ལ་ཁྱོད་རང་རེ་རྟགས་ཅིང་མྱ་ངན་ལས་མི་འདའ་བ་ཅུག་ཡིན། མྱ་ངན་ལས་འདའ་དགོས་བྱས་པས་ཕྱོགས་བཞི་ནས་ཤོལ་འདེབས་ཆེན་པོ་བརྒྱད་བྱུང་ནས་བཀྲ་ཤིས་རྫས་རེ་རེ་ཕུལ་ནས་ཤོལ་བཏབ་བོ། །

(མཛད་པ་བཅུ་གཉིས་ལ་ཡུལ་བཅུ་གཉིས། དགོས་བྱེད་བཅུ་གཉིས། གནད་རྣམ་པ་བཞི། གཅོད་རྣམ་པ་གསུམ།)

དེ་ནས་མཛད་པ་བཅུ་གཉིས་ལ་ཡུལ་བཅུ་གཉིས། དགོས་བྱེད་བཅུ་གཉིས། གནད་རྣམ་པ་བཞི། གཅོད་རྣམ་པ་གསུམ། དེ་ལ་ཡུལ་བཅུ་གཉིས་ནི། འཛམ་བུའི་གླིང་དུ་ལྷ་ལས་བབས། །ལྷ་ལས་བབས་པའི་མཆོད་རྟེན་བྱུང་། །ལུམ་བུ་ཚལ་པད་རྩེགས་པར་ལྟམས། །པད་མ་རྩེགས་པའི་མཆོད་རྟེན་བྱུང་། །སེར་སྐྱའི་གྲོང་དུ་རོལ་རྩེད་མཛད། །ཤཀྱའི་མཁར་དུ་རྒྱལ་སྲིད་བཞེས། །བྱང་ཆུབ་ཆེན་པོའི་མཆོད་རྟེན་བྱུང་། །རྣམ་དག་ཏེ་རྩེར་རབ་ཏུ་བྱུང་། །མཚན་དཔེ་བརྒྱན་པའི་ཏེ་རྩ་ཡིན། །ན་ར་ཛ་རར་དཀའ་ཐུབ་མཛད། །དེ་ནི་སྤྲུལ་པའི་ཏེ་རྩ་ཡིན། །བྱང་ཆུབ་ཤིང་དྲུང་བདུད་རྣམས་

42a

༄༅།       །བརྟུལ། །རྡོ་རྗེ་གདན་དུ་མངོན་སངས་རྒྱས། །འཇམ་དབྱངས་ཏེ་རྩ་བྱ་བ་བྱུང་། །བ་ར་ན་སེར་ཆོས་འཁོར་བསྐོར། །དེ་ལ་ཆོས་འཁོར་མཆོད་རྟེན་བྱུང་། །རྒྱལ་པོའི་ཁབ་ཏུ་ཆོ་འཕྲུལ་སྟན། །རྩྭ་མཆོག་དྲུང་དུ་མྱ་ངན་འདའ། །མྱ་ངན་འདས་པའི་མཆོད་རྟེན་བྱུང་། །ས་ལ་ཟུང་དུ་སྐུ་གདུང་བཞག །ཞེས་སོ། །དགོས་མཆེད་བཅུ་གཉིས་ནི། འགྲོ་བ་འདུལ་ཕྱིར་ལྷུམས་སུ་ཞུགས། །སེམས་ཚུལ་མཐུན་བྱ་ཕྱིར་བལྟམས། །འཁོར་དང་ལོངས་སྤྱོད་སྟུན་ཕྱིར་རོལ་ཙེད་མཛད། །ལོངས་སྤྱོད་བསྟུན་ཕྱིར་རྒྱལ་སྲིད་བཞེས། །སེམས་ཅན་དད་ཕྱིར་རབ་ཏུ་བྱུང་། །དཀའ་བ་བསྟན་ཕྱིར་དཀའ་ཐུབ་མཛད། །དགྲ་མེད་བྱ་ཕྱིར་བདུད་རྣམས་བརྟུལ། །སྤྲོ་བ་སྐྱེད་ཕྱིར་མངོན་སངས་རྒྱས། །སེམས་ཅན་སྨིན་ཕྱིར་ཆོས་འཁོར་བསྐོར། །ཡིད་ཆེས་བསྟན་པར་བྱ་ཕྱིར་ཆོ་འཕྲུལ་བསྟན། །མི་རྟགས་བརྟན་ཕྱིར་མྱ་ངན་འདས། །བསོད་ནམས་ཐོབ་ཕྱིར་སྐུ་གདུང་བཞགས། །ཞེས་སོ། །གནད་བཞི་ནི། འཆི་བ་མཐའ་དག་དང་བཅས་པའི་བཞི་སྟེ། ལྷུམས་སུ་ཞུགས་ལྟམས་རོལ་ཙེད་མཛད་ཁབ་བཞེས་བསམ་གཏན་དང་བའི་དངོས་གཞི་ཐོབ་པ་གཉིས་ལ་ལྷས་བསྐུལ་རབ་ཏུ་བྱུང་པའོ། །གཟུགས་ལ་འདོད་ཆགས་དང་བྲལ་བ་གསུམ་ལ། དཀའ་ཐུབ་མཛད་པ་བདུད་བརྟུལ་སངས་རྒྱས། འདས་པའི་ཆ་དང་མཐུན་པ་གསུམ། ཆོས་འཁོར་བསྐོར་མྱ་ངན་འདས་སྐུ་གདུང་བཞག་པའོ། །གཅོད་པ་གསུམ་དུ་ཕྱེ་ན་འཇིག་རྟེན་པའི་ལྔ། འཇིག་རྟེན་ལས་

42b

འདས་པའི་ལྔ། བླ་ན་མེད་པའི་མཛད་པ་གཉིས་སོ། །ཡང་ན་བྱང་ཆུབ་སེམས་དཔའ་དྲུག་རབ་དུ་བྱུང་པའ་ཚུན་ཆད་དོ། །དེ་བཞིན་གཤེགས་པའི་དྲུག་གོ །ཡང་ན་ཐམས་ཅད་ཏ་ཐའི་མཛད་པའོ། །དེ་ཡང་ཡང་དག་རྫོགས་སངས་དེར་སངས་རྒྱས་ཞེས་པ་དང་། ཤཀྱ་ཐུབ་འདི་སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ཏུ་ཏ་ཐ་ག་ཏ་དབང་པོའི་ཏོག་ཞེས་བྱ་བར་སངས་རྒྱས་ཟིན་ནས། ཕྱིས་ཀྱང་འབུད་དྷའི་འཕྲིན་ལས་མཛད་པའི་ཕྱིར་སངས་རྒྱས་ཚུལ་སྟན་ཏེ། དེ་སྐད་དུ་ཡང་། བྱེ་བ་བརྒྱ་རུ་རྒྱལ་བ་འདིས། །འབུད་དྷ་ཉིད་དུ་བསྟན་གྱུར་ཀྱང་། །ད་རུང་ཆོག་པའི་འདུ་ཤེས་མེད། །སླར་ཡང་འབུད་དྷེར་ཐུགས་ཀྱང་ཨུག་ཞེས་པས་སོ། །ཡང་ཐེག་པ་ཆེ་ཆུང་གཉིས་ལ་གོང་གི་འབུད་དྷེ་རྣམས་ཐེགས་ཆུང་པ་ཐུན་མོངས་པ་རྣམས་ཀྱིས་འདོད་པའོ། །ཐེགས་ཆེན་ཁ་ཅིག་ལས་དང་པོར་རྟོགས་ཀར་སྐྱེས་པ་གཅིག །འདས་པ་དང་སྐུ་གདུང་གཉིས་ལ་གཅིག་དུ་བཞེད་དེ་རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་ལོ་ཀ་མཁྱེན། །ལོ་ཀ་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང་། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང་། །དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་ལྟམས་པ་དང་། །གཟོའི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་རོལ་པ་དང་། །ངེས་འབྱུང་དཀའ་བ་སྤྱོད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང་། །མྱ་ངན་འདས་པར་

43a

༄༅།       །གཤེགས་རྣམས་ལ། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྐད་གནས་པར་སྟོན། །ཞེས་སོ། །དེ་ལྟར་སྟོན་པ་སངས་རྒྱས་པའི་ཚུལ་རི་ཤིག་བསྟན་ནས།