ལྡེའུ་ཆོས་འབྱུང་།
ཐོག་མར་བཀའ་ཇི་ལྟར་གསུངས་པ།
Previous Chapter
Next Chapter

(ཐོག་མར་བཀའ་ཇི་ལྟར་གསུངས་པ།)

ད་ནི་སྤྱི་དོན་གཉིས་པ་ཆོས་ཇི་ལྟར་གསུང་པའི་ཚུལ་གཅིག་སྟོན་ལགས་སོ། །དེ་ལ་ཡང་ནང་སེམས་རྣམ་པ་ལྔས་འཆད་དེ། ཆོས་ཇི་ལྟར་གསུངས་པའི་གསུངས་ཚུལ། ཆོས་ཀྱི་ངོ་བོ། ངེས་ཚིག །དབྱེ་བ། ཆོས་རྣམས་ཀྱི་ཁྱད་པར་དབྱེ་བ་སྟན་པའོ། །དང་པོ་གསུངས་ཚུལ་ལ་གཉིས་སྟེ། བཀའ་ཇི་ལྟར་གསུངས་པ་དང་། སྟན་ཆོས་ཇི་ལྟར་རྩམས་པའི་རྩམས་ལུགས་སྟན་པའོ། །དེ་ཡང་གཞུང་ལས་ད་ནི་དེ་ཡིས་གསུངས་པའི་ཆོས་རྣམས་ལ་ཞེས་པ་ལ་སོགས་པའི་ཚིག་བདུན་གྱི་སྟོན་པ་ལས། དང་པོར་ཤཀ་ཐུབ་འབུད་དྷ་ཤཀ་ཐུབ་དེ་དགུང་ལོ་སུམ་བཅུ་སོ་བདུན་ཕག་གི་ལོ་དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱད་ལ་སངས་རྒྱས་ནས། དབྱར་ཟླ་ར་བའི་ཉི་ཤུ་བརྒྱད་ཀྱིས་བར་དུ་ཆོས་མ་གསུངས་སྟེ། མི་གསུངས་བའི་རྒྱུ་མཚན་ཡང་རྒྱ་ཆེ་རོལ་པ་ནས་འདི་སྐད་དུ། ཞག་བདུན་ཕྲག་གཅིག་ཏུ་ཆོས་ཀྱི་སྐུ་སྐྱེ་བ་མེད་པ། གཉིས་སུ་མེད་པ་དེ་ལ་ཐུགས་མཉམ་པར་བཞག་ཏེ་བཞུགས། བདུན་ཕྲག་གཉིས་པ་ལ་འབུད་དྷེའི་ཤིང་མ་གཟིགས་ནས་འཕྲིན་ལས་མཛད་ཅིང་བཞུགས་སྟེ། ས་བཅུ་པའི་འབུད་དྷེ་སྭ་ཏྭའི་དུས་ནས་རྡོ་རྗེ་གདན་དུ་མ་བྱོན་གྱི་བར་དུ་མཛད་པ་རྣམས་ལ་ཐུགས་མཉམ་པར་བཞག་ཏེ་བཞུགས། བདུན་ཕྲག་གསུམ་པ་ལ་གདན་སེང་གེའི་ཁྲི་ལྟ་བུའི་གདན་ལས་བཞེངས་སྟེ་སྟོང་གསུམ་གྱིས་མཐར་བཅག་ཏེ་སྟོང་གསུམ་རང་གི་ཞིང་ཁམས་སུ་དབང་པར་མཛད། བདུན་ཕྲགས་

43b

བཞི་པ་ལ་ཤར་ནས་ནུབ་ཀྱིས་རྒྱ་མཚོའི་བར་དུ་མི་དྲག་རྩམ་དུ་ཆགས་ཀྱིན་བཞུགས། བདུན་ཕྲག་དྲུག་པ་ལ་ཀླུའི་ར་རྩ་བཏང་གཟུང་གི་གནས་སུ་བཞུགས་པ་ལས། དེའི་དུས་སུ་ཀླུའི་ཡུལ་ཏུ་ཚུབ་མ་ཆེད་པ་ལངས་པ་ལས་ཀླུའི་ར་ཙ་རྣམས་ཀྱིས་འབུད་དྷའི་སྐུ་ལ་དཀྲིས་སྟེ་གབ་པས། གདུག་པ་ཅན་དེ་རྣམས་ཀྱིས་ཀྱང་སྔར་མ་མྱོང་པའི་བདེ་བ་ཁྱད་པར་ཅན་ཡང་ལུས་སེམས་ལས་སྐྱེས་པར་གྱུར་ཏོ། །བདུན་ཕྲག་བདུན་པ་ལ་ཤིང་ན་ཡ་ཏྲོ་ཏ་དང་རབ་སྐྱོང་དང་རབ་འབྱམས་ཀྱི་དྲུང་དུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་གོ །བདུན་ཕྲག་བདུན་པ་ལ་ཤིང་བསྒྲོལ་རྒྱུའི་ཚལ་ཏུ་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པའོ། །དེ་ལྟར་སྒྲོལ་རྒྱུའི་ཚལ་ན་བཞུགས་པའི་སྐབས་སུ་ཚོངས་པ་ག་གོང་དང་བཟང་པོས་རྟ་ཅང་ཤེས་དང་གླང་བུ་ལེགས་ཤོས་དེད་ནས་ཕྱིའི་རྒྱ་མཚོ་ལ་ནོར་བུ་བླངས་ནས་ལོགས་པ་དང་། ཚལ་དེ་ན་འབུད་དྷ་བཞུགས་པ་མཐོང་ཏེ། རད་ནའི་གཞོང་པ་སྦྲང་རྩིས་བཀང་པ་ཕུལ་ནས་ཆོས་གསུངས་བར་ཞུས་པས་མ་གནང་ཏེ། འདི་སྐད་དུ། ངས་ནི་བཟོད་པ་ཐོབ་པ་དེའི་ཚེ། །སངས་རྒྱས་མར་མེ་མཛད་ཀྱི་བདག་ལུང་སྟན། །འཇིག་རྟེན་མཐའ་ཡས་ཀུན་ལ་སྙིང་རྩེ་ཡང་། །གཞན་གྱིས་གསོལ་བ་མ་བཏབ་པས་ང་མི་འཆད་གསུང་ངོ་། །ཡང་སྐྱར་ཏེ་མ་ཐ་ཡང་བདག་ཅགས་རྣམས་རྟགས་ཏུ་འགྲོ་འདུག་བྱེད་པས་དེ་ལ་བར་ཆོད་མི་འབྱུང་བ་དང་བཀྲ་ཤིས་པའི་ཆོས་གཅིག་ཞུ་བྱས་པས། མདོ་ཤིས་པར་བརྗོད་པའི་མདོ་གསུངས་ཏེ། ཚོངས་པ་དེ་ཡང་སྦྲང་རྩི་འབྱུང་ཞེས་བྱ་བའི་

44a

༄༅།       །སངས་རྒྱས་སུ་ལུང་སྟན་ཏོ། །དེའི་དུས་སུ་རྒྱལ་པོ་བཞིས་རིན་པོ་ཆེའི་ལྷུང་བཟེད་བཞི་ཕུལ་བས། བཞི་ཀ་བླངས་ནས་རྡོ་རྗེ་ལྷུང་བཟེད་གཅིག་མཛད་ནས་བསྣམས། དེ་ནས་བདག་གིས་ཆོས་འདི་ལོ་ཀ་ན་བློ་རྣོ་བ་རངས་བྱེད་བུ་ལྷག་སྤྱོད་དང་རྒྱུ་རྩལ་ཤེས་ཀྱིས་བུ་རིངས་འཕུར་ལ་བཤད་དགོངས་ནས་བྱོན་པས། གཅིག་གུམ་ནས་ཞག་གཅིག་ལོན། གཅིག་གུམ་ནས་ཞག་གསུམ་ལོན་ནས་མི་སྣང་སྐད། དེ་ནས་ད་ནི་གོ་རུང་མ་གོ་རུང་བདག་ལ་དྲིན་ཆེ་བ་ཤཀྱ་བ་ཡིན་པས་དེ་རྣམས་རེ་ཤིག་བསྟན་སྙམས་ནས་བྱོན་པས། ཤཀྱ་བ་རྣམས་ན་རེ་ལྷ་སྦྱིན་གྱི་ཁ་ལ་ཉན་ནས་འདི་སངས་རྒྱས་ཟེར་བ་དང་ག་ལ་བདེན་ཏེ་ན་ར་ཛ་རར་མ་ཤི་བ་ཁར་རྗེ་ཆེ། ད་སྐྱེངས་པས་ཕོ་བྲང་དུ་ཚུད་དུ་རེ་ནས་འདིར་ལོགས་པར་འདོད་པ་ཡིན་པས། ད་ནི་སྟང་དུ་མི་རུང་པ་སྟེ། ལྟོར་བའི་འོ་མ་ཡང་མཐུང་པས། རིགས་ལད་པའི་གང་ཟག་ཉན་དུ་མི་རུང་ཞེས་ནས་ཆོས་མི་ཉན་པར་དམ་བཅའ་བྱས་སོ། །དེར་ཐུགས་མུག་པའི་ཚུལ་གྱིས་འདི་སྙམས་དུ་དགོངས་ཏེ། ག་རེ་བདག་གིས་ཤེས་པའི་དོན་འདི་ནི་ཟབ་ཅིང་ཕྲ་སྟེ་མཁས་ཤིང་མཛངས་པས་ཤེས་པར་བྱ་བ་ལས། གཞན་གྱིས་ཁོང་དུ་ཆུད་པར་དཀའ་བས་གོ་བར་མི་ནུས་སྟེ། བདག་རངས་ནགས་སུ་གནས་པ་ལན་གཅིག་སྐུ་འདའ་བའི་ཚུལ་བསྟན་ལ་རིང་སྲེལ་གྱིས་ལྷ་མི་རྣམས་ལ་ཚོགས་བསགས་པའི་རྟེན་དུ་ཕན་གདགས་དགོས་སྙམས་ནས་ཐུགས་ཁྲལ་ཆུང་པ་ལ་དགོངས་ཏེ། འབུད་དྷེའི་ཤིང་ལ་གཟིགས་ནས་འདི་སྐད་དུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་

44b

མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཅིག་བདག་གི་རྟོགས། །སུ་ལ་སྟན་ཀྱང་གོ་བར་མི་འགྱུར་བས། །གཅིག་བུ་ནགས་སུ་འདུག་སྟེ་བསྒོམས་པར་བྱའོ། །ཞེས་གསུངས་པས། གསུངས་དེ་ཚངས་པའི་འཇིག་རྟེན་མན་ཆད་དུ་གྲགས་པས་ཀུན་དེར་འདུས་པར་གྱུར་ཏོ། །དེ་ནས་ཡང་གསུངས་པ། ཚིག་བྲལ་ངག་གི་ལམ་གྱིས་མ་གོས་པར། །དེ་བཞི་ཆོས་ཉིད་ནམ་མཁའ་འདྲ། །སེམས་དང་ཡིད་ཀྱིས་རྒྱུ་བ་རབ་གྲོལ་བ། །མཆོག་རབ་ངོ་མཚར་ཆེ་བ་དམ་པ་ཤེས། །དོན་ཚུལ་འདི་ནི་ཡི་གེ་རྣམས་ཀྱིས་སུ། །ཤེས་པར་མི་ནུས་རྟོགས་པར་རིགས་མ་ཡིན། །སྔོན་གྱིས་རྒྱལ་བ་ལྷག་བྱས་སེམས་ཅན་རྣམས། །དེ་དག་ཆོས་འདི་ཐོས་ནས་ཡིད་ཆེས་འགྱུར། །བསྐལ་པ་བརྒྱ་སྟོང་དཔག་ཏུ་མེད་པར་ནི། །སྔོན་གྱིས་རྒྱལ་བའི་གནས་ནས་བདག་གི་ཅད། །འོན་ཀྱང་ག་ན་བདག་དང་སེམས་ཅན་དང་། །སྲོག་མེད་བཟོད་པ་དེ་ནི་ཌ་མ་ཐོས། །སྐྱེ་བོ་རྣམས་ནི་ཚངས་ལ་དད་པ་སྟེ། །དེའི་གསོལ་བ་བཏབ་ན་ཆོས་འཁོར་བསྐོར། །གལ་ཏེ་ཚངས་པ་ང་ནི་རྐང་ལ་གཏུགས། །རྣམ་པ་བཟང་པོ་འཚལ་འགྱུར་སེམས་ཅན་མཆིས། །རྡུལ་བྲལ་གྱ་ནོམ་ཆོས་ཤོད་གསོལ་བཏབ་ནས། །དེ་ལྟས་ངའི་ཆོས་འདི་གཟུང་འོས་འགྱུར། །ཞེས་གསུངས་ནས་སྨིན་འཚམས་ནས་འོད་བྱུང་ནས་སྟོང་གསུམ་ཁྱབ་བོ། །དེ་ནས་ཚངས་པས་འཁོར་གྱིས་མ་ཞུས་ན་ཆོས་མི་གསུངས་པར་རིགས་ནས་ཚངས་རིགས་ཀྱིས་ལྷའི་བུ་རྣམས་ལ་སྨྲས་པ། གྲོགས་པོ་དག་ཏ་ཐ་འབུད་དྷས་ཀྱང་ཆོས་མི་གསུང་པར་འདུག་པས། ཆོས་མ་གསུངས་ན་ལོ་ཀ་འདི་དག་

45a

༄༅།       །མ་རུངས་པར་འགྱུར་བས་བདག་ཅག་འདོངས་ལ་ཏ་ཐ་ག་ཏ་བསྐུལ་དགོས་ཞེས་སྟེ་ཐམས་ཅད་འདུས་སྟེ་ཏ་ཐ་ལ་ཚངས་པས་སྨྲས་པ། ཀྱེ་དེ་བཞིན་གཤེགས་པ་ནི་སངས་རྒྱས་ཀྱང་ཆོས་མི་གསུངས་ན་ལོ་ཀ་བ་འདི་མ་རུངས་པར་འགྱུར་རོ། །ལོ་ཀ་འདི་ན་ཡང་སེམས་ཅན་རྣམ་པ་བཟང་པོ་གོ་སླ་བ་འབུད་དྷས་གསུང་པའི་ཆོས་གྱིས་དོན་འཚལ་བར་སྔོ་ཐོག་པར་སྐལ་བ་དང་ནུས་པར་ལྡན་པ་དག་མཆིས་སྟེ། དེ་དག་གི་དོན་དུ་ཆོས་ལེགས་པར་བསྟན་དུ་གསོལ་ཞེས་པ་དང་། གཞན་ཡང་འདི་སྐད་དུ་ཞུས་སྟེ། ཡེ་ཤེས་ཆེན་པོའི་ད་ལ་རབ་བསྒྲུབས་ནས། ཕྱོགས་བཅུ་དག་དུ་འོད་ཟེར་འགྱེད་མཛད་དེ། །ཡེ་ཤེས་གསེར་གྱིས་བློའི་པད་མ་ཁ་འབྱེད་པ། །སྨྲ་བའི་ཉི་མ་བཏང་སྙོམས་བཞུགས། །འཕགས་པའི་ནོར་ལ་སེམས་ཅན་དག་ནི་མགྲོན་གཉེར་སྟེ། །སྲོག་ཆགས་བྱེ་བ་མང་པོ་དབུགས་ཕྱུང་མཛད་ནས་ནི། །གང་སླད་མི་གསུང་འགྲོ་ལ་སྟང་སྙོམས་མཛད་པ་ནི། །འཇིག་རྟེན་རྩ་ལགས་ཁྱོད་ལ་རིགས་པ་མང་ལགས་སོ། །ཆོས་ཀྱིས་དམ་པའི་རྔ་བོ་ཆེ་ནི་བརྡུང་དུ་གསོལ། །དམ་པ་ཆོས་ཀྱིས་དུང་ནི་འབུད་དུ་གསོལ། །ཆོས་ཀྱིས་མཆོད་རྟེན་ཆེན་པོ་བསྒྲེང་དུ་གསོལ། །ཆོས་ཀྱིས་མར་མེ་ཆེན་པོ་སྤར་དུ་གསོལ། །ཆོས་ཆུ་མཆོག་གི་ཆར་ཆེན་དབབ་དུ་གསོལ། །སྲིད་པའི་རྒྱ་མཚོར་གནས་པ་འདི་དག་བསྒྲལ་དུ་གསོལ། །ལྷ་མི་ཐམས་ཅད་ལྷན་གཅིག་འདུས་པར་བགྱིས་ནས་ནི། །བདག་ནི་ཆོས་རྒྱལ་ཁྱོད་ལ་གསོལ་བ་འདེབས་པ་ལ། །ཞེས་ཞུས་པས། ལོ་ཀ་བ་རྣམས་ལ་ཐུགས་བརྩེ་བའི་ཕྱིར། ཅི་ཡང་མི་གསུང་པར་

45b

སྣང་སོ། ཚངས་པས་ཀྱང་དེ་བཞིན་གཤེགས་པ་ཅི་ཡང་མི་གསུང་པས་གནང་པར་རིགས་ནས། ཕྱག་དང་མཆོད་པ་བྱས་སྟེ་མི་སྣང་པར་གྱུར་ཏོ། །དེ་ནས་ཡང་ཏ་ཐས་དགོངས་པ། ལོ་ཀ་བ་རྣམས་ཆོས་ལ་གུས་པ་བསྐྱེད་པ་དང་། ཚངས་པའི་དགེ་རྩ་རྫོགས་པ་དང་། ཆོས་ཀྱང་ཤིན་ཏུ་ཟབ་པར་བསྟན་པའི་ཕྱིར་ནང་དུ་ཡང་དག་འཇོག་ལ་གནས་ནས། བདག་གི་ཆོས་ཟབ་ཅི་འཕྲ་བ་དའ་གཞན་གྱིས་ཁོང་དུ་མ་ཚུད་ན་ནི་བདག་གིས་གསུང་པ་ཡང་དོན་མེད་ལ་བདག་ལ་ཡང་མཐོ་མཚམས་པར་འགྱུར་གྱིས། བདག་རང་སྙིང་ལས་ཆུང་དུས་ནགས་སུ་གནས་པར་བྱ་སྙམ་དུ་དགོངས་སོ། །དེ་ནས་ཡང་འབུད་དྷའི་མཐུས་ཚངས་པས་འབུད་དྷའི་ཐུགས་དགོངས་ལྟར་ཤེས་སྟེ། བརྒྱ་བྱིན་ལ་སྨྲས་པ། ཀོའུ་ཤི་ཀ་ཏ་ཐ་ནི་ཆོས་མི་གསུང་པར་འདུག་པས་དེ་ལ་བསྐུལ་བ་ཅི་ཕྱིར་མི་གདབ་སྟེ་བསྐུལ་བ་འདེབས་དགོས་སོ་ཞེས་པ་དང་། བརྒྱ་བྱིན་ན་རེ་གྲོགས་པོ་ལགས་སོ་ནམ་སྲོས་པ་དང་འདེང་ངོ་ཞེས་སྟེ། ཁམས་གསུམ་གྱིས་ལྷ་རྣམས་དང་བཅས་སྟེ་ནམ་སྲོས་པ་དང་ཤིང་སྒྲོ་རྒྱུའི་ཚལ་དུ་ཕྱིན་ཏེ། ཏ་ཐ་ག་ཏ་ལ་བརྒྱ་བྱིན་གྱིས་སྟོད་དེ་ཞུས་པ། ཟླ་བ་ཉ་བ་གཟའ་ལས་ཐར་བ་ལྟར། །ཁྱོད་ཀྱིས་ཐུགས་ནི་རྣམ་པར་གྲོལ་བ་ལགས། །གཡུལ་ལས་རྣམ་པར་རྒྱལ་བ་གཤེགས་སུ་གསོལ། །འཇིག་རྟེན་མུན་པར་ཤེས་རབ་འོད་དབྱུང་གསོལ། །ཞེས་གསོལ་བ་བཏབ་ནས་ཞུས་པས། ཏ་ཐ་ག་ཏ་ཅི་ཡང་མི་གསུང་པར་བཞུགས་སོ། །

46a

༄༅།       །དེ་ནས་ཡང་ཚངས་པས་གཡུལ་ལས། ལོ་ག་ཀུན་ཏུ་འཚལ་བས་ཐུབ་པས་ཁྱོད་ཀྱིས་ཆོས་ནི་བསྟན་དུ་གསོལ། །ཞེས་པས། ཏ་ཐས་ཚངས་པ་ལ་གསུང་པ། ང་ལ་རྒྱུན་དུ་སྣང་ཡོང་གིས། །སྐྱེ་དགུ་འདོད་པ་རྣམས་ཀྱིས་བཅིངས། །རྒྱུས་ཀྱིས་རབ་ཏུ་བལྟས་པ་ཡིས། །ངས་ནི་ཚོགས་ནི་ཆེན་པོས་རྙེད། །ད་ལྟ་བས་ན་བསྟན་མི་ཕན། །ཞེས་གསུངས་པས། ཚངས་པ་ལ་སོགས་པ་ཐམས་ཅད་སྡུག་བསྔལ་ཞིང་ཡིད་མི་བདེ་སྟེ་དེ་ཉིད་དུ་མི་སྣང་པར་གྱུར་ཏོ། །ལན་གསུམ་གྱིས་བར་དུ་ཏ་ཐས་ཐུགས་ཆུང་ངུན་ལ་བསྟུད་དོ། །དེའི་ཚེ་ཡུལ་མ་ག་ཏའི་མི་རྣམས་ཀྱང་སྡུག་བསྔལ་གྱིས་ནོན་ཏེ་འདི་སྐད་དུ། ད་ནི་ལོ་ཀ་འདིར་རླུང་མི་སྟང་ཆར་མི་འབབ་སྦྲུམ་མ་རྣམས་བརྩ་བར་འགྱུར་རོ་ཞེས་པའོ། །དེ་ནས་ཚངས་པས་མ་ག་ཏ་པ་རྣམས་དང་། ཏ་ཐའི་ཐུགས་དགོངས་ཤེས་ཏེ་ནམ་སྲོས་པ་དང་ཏ་ཐའི་དྲུང་དུ་ཕྱིན་ནས་བཏུད་དེ།  མ་ག་ཏའི་ཡུལ་འདིར་སྔན་ཆད་ཆོས་བྱུང་པ། མ་དག་དྲི་མས་རྗེས་སུ་འབྲལ་བར་བྱུང་། བདུད་རྩི་ཆོས་ཀྱི་སྒོ་མོ་ཕྱེ་མཛོད་ལ། །རྡུལ་བྲལ་དྲི་མ་མེད་པའི་ཆོས་རྣམས་བཤད་དུ་གསོལ། །སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ་ལོ་ཞེས། །སྔོན་སྲིད་ཁྱོད་ཀྱིས་དགོངས་པ་ད་དུས་བབས། །ད་ལྟ་ཁྱོད་ནི་ཕ་རོལ་ཕྱིན་པར་ངེས། །བདེན་པའི་མཐུ་བཙན་ཐུགས་དམ་བཞེས་པར་མཛོད། །ཐུབ་པས་ཆོས་ཀྱི་སྒྲོན་མེས་མུན་པ་སོལ། །ཏ་ཐ་ག་ཏའི་རྒྱལ་མཚན་ཁྱོད་ཀྱིས་བསྒྲེངས། །བསྟན་པའི་གསུང་བརྗོད་པའི་དུས་ལ་བབས། །ཞེས་

46b

ཞུས་པས། དེ་ནས་ཏ་ཐའི་འབུད་དྷས་སྤྱན་གྱིས་འཇིག་རྟེན་ཐམས་ཅད་ལ་གཟིགས་སྟེ། སེམས་ཅན་དམན་པ་དང་། འབྲིང་དང་། རབ་དང་། མཐོ་བ་དང་དམའ་བ་དང་རབ་མ་དང་། སེམས་ཅན་གྱིས་ཕུང་པོ་གསུམ་སྟེ། གཅིག་ནི་ལོགས་པ་ཉིད་དུ་ངེས་ལ། གཅིག་ནི་ཡང་དག་ཉིད་དུ་ངེས་ལ། ཅིག་ནི་མ་ངེས་པ་ལ་གཟིགས་པའོ། །དེ་ཡང་འདི་ལྟར་དུ་འདི་དག་ལ་ངས་ཆོས་བསྟན་ཀྱང་རུང་མ་སྟན་ཀྱང་རུང་སྟེ། གང་ལོགས་པ་ཉིད་དུ་ངེས་པའི་ཕུང་པོ་འདིས་ནི་ཆོས་འདི་ཤེས་པར་མི་ནུས་སོ། །ཡང་དག་པ་ཉིད་དུ་ངེས་པས་ནི་ནམས་ཀྱང་ཤེས་པར་འགྱུར་རོ། །མ་ངེས་པའི་ཕུང་པོ་འདི་རྣམས་ལ་ནི་བསྟན་ན་ཤེས་ལ་མ་སྟན་ན་མི་ཤེས་པས། མ་ངེས་པའི་ཕུང་པོ་རྣམས་ལས་བརྩམས་སྟེ་ཐུགས་རྗེ་ཆེན་པོ་སྐྱེད་དོ། །དེ་ནས་ཡང་ཏ་ཐས་ཡང་དག་པའི་ཡེ་ཤེས་འདི་ཡི་དབང་དུ་མཛད་ནས་ཚངས་པ་ལ་གསུངས་པ། བདུད་རྩིའི་སྒོ་མོ་དག་ནི་བདག་གི་དབྱེ། །ཉན་པར་སུ་འདོད་སུམ་གཉིས་སྤོངས་ལས་ཉོན། །ཚངས་པ་མི་རྣམས་ལ་ནི་གྱ་ནོམ་ཆོས་རླན་ཀ་མི་བཙལ་མདོ་རྩམ་བཤད་པར་བྱ། ཚངས་པ་མ་ག་ཏའི་སེམས་ཅན་རྣམས། །རྣ་པར་ལྡན་ཞིང་དད་དང་ལྡན་གྱུར་ལ། །མི་འཚེའི་འདུ་ཤེས་རྟགས་ཏུ་ཆོས་འདོད་པས། །དེ་དག་ལ་ནི་བདུད་རྩིའི་སྒོ་མོ་དབྱེ། །ཞེས་གསུངས་པས་གནང་པར་རིགས་ནས་ཚིམ་ཞིང་འགུས་ཏེ་ཚངས་པ་ཡང་མི་སྣང་པར་གྱུར་ཏོ། །དེ་ནས་ས་རླའི་ལྷས་བར་སྣང་གི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་ད་འབུད་དྷས་ཆོས་གསུང་བར་སྣང་ཏེ། ལྷ་མ་ཡིན་གྱིས་རིས་སྒྲིབ་པ་དང་ལྷའི་

47a

༄༅།       །རིས་རྣམས་འཕེལ་ཞིང་འགྲོ་བ་ཐམས་ཅད་ཀྱིས་དོན་དུ་འགྱུར་རོ་ཞེས་བསྒྲགས་པས་འོག་མིན་གྱིས་བར་དུ་སྒྲ་དེ་གྲགས་པར་གྱུར་ཏེ། དེ་ནས་ཐམས་ཅད་ཀྱིས་འབུད་དྷས་ཆོས་གསུངས་པར་རིགས་ནས་བྱང་ཆུབ་ཀྱིས་ཤིང་ལ་གནས་པའི་ལྷ་ཆོས་སྲེད། ཆོས་འདོད། ཆོས་སྤྱོད་ཆོས་ཀྱི་བློ་གྲོས་རྣམས་ཀྱི་ཏ་ཐ་ལ་ཆོས་ཀྱིས་གསུང་གང་དུ་བྱེད་ཞེས་ཞུས་པས། གྲོང་ཁྱེར་བ་ར་ན་སེར་དྲང་སྲོངས་ལྷུང་པའི་རི་དགས་ཀྱིས་གནས་སུ་བོ་གསུངས། ལྷའི་བུས་སྨྲས་པ། བ་ར་ན་སེ་ནི་སྐྱེ་བོའི་ཚོགས་ཉུངས་ལ་རི་དགས་གི་གནས་ནི་ཞུགས་ཤིང་གི་གྲིབ་མ་ཆུང་ལ། གྲོང་ཁྱེར་འབྱོར་པ་རྒྱས་པ་སྐྱེ་བ་མང་པོས་གང་བས་གཞན་དག་མཆིས་ན་དེ་དག་དུ་གསུང་པར་ཞུ་ཞེས་པས། ཏ་ཐའི་ཞལ་ནས་བཞིན་བཟངས་དག་དེ་སྐད་དུ་མ་ཟེར་ཅིག །དེ་ཅིའི་ཕྱིར་ཞེས་ན། གནས་དེར་ང་ཡིས་མཆོད་སྦྱིན་སྟོང་ཕྲག་བྱེ་བ་ཕྲག་ཁྲིག་བཞི་བཅུ་བྱས། །དེར་ནི་འབུད་དྷ་བྱེ་བ་ཕྲག་ཁྲིག་སྟོང་ཕྲག་དྲུག་བཅུ་དེ་དག་མཆོད། །བ་ར་ན་སེ་དམ་པ་དེ་ནི་མངོན་གྱིས་དྲང་སྲོངས་རྣམས་ཀྱི་གནས། །ས་དེ་ལྷ་དང་ཀླུ་དང་དེ་ཡིས་མངོན་སྟོད་རྟགས་ཏུ་ཆོས་ནི་མངོན་པར་གཞོལ། །ངས་ནི་སྔོན་ཆད་འབུད་དྷ་བྱེ་བ་སྟོང་ཕྲག་དགུ་བཅུ་རྩ་གཅིག་དྲན། །དེ་དག་དྲང་སྲོངས་ཞེས་བྱ་ནགས་མཆོག་འདིར་ནི་འཁོར་ལོ་དམ་པ་བསྐོར་དུ་གསོལ། །ཞི་ཞིང་ཉེར་ཞི་བསམ་ཏན་མངོན་འགྱུར་རྟགས་ཏུ་རི་དགས་རྣམས་ཀྱི་གནས། །དེ་ཕྱིར་དྲང་སྲོངས་ཞེས་བྱའི་ནགས་མཆོག་དེར་ནི་འཁོར་ལོ་དམ་པ་བསྐོར། །ཞེས་གསུངས་པའོ། །དེ་ལྟར་ཚངས་པས་ཞུས་པས་སྣང་ཏེ།

47b

དེའི་དུས་སུ་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ནས་སེམས་བསྐྱེད་ནས་དེ་མ་ཐག་ཏུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་བྱུང་ནས། གསེར་གྱིས་གདུགས་རྩིབ་མ་སྟོང་དང་ལྡན་པ་གཅིག་ཕུལ་ནས་ཞུས་པས་གནང་ནས། མིའི་འདྲེན་པ་ཁྱོད་ནི་སངས་རྒྱས་འགྱུར་རོ་ཞེས། །འབུད་དྷ་མར་མེ་མཆོག་གི་སེམས་ཅན་དག་པ་ལུང་བསྟན་པ། །ཁྱོད་ལ་ཐལ་སྦྱར་ཞབས་གཉིས་ལ་ནི་བཏུད་ནས་སུ། །ཆོས་ཀྱི་འཁོར་ལོ་དམ་པ་ཤཀྱའི་རྒྱལ་པོ་ཁྱོད་ཀྱིས་བསྐོར་དུ་གསོལ། །ཞེས་ཞུས་སོ། །དེ་ལྟར་ཞུ་སྣ་གཉིས་བྱུང་པ་ནི་འགལ་ལམ་ཞེས་ན་མི་འགལ་ལྟེ། ངོ་བོ་ཅིག་མི་སོ་སོ་འམ། ཡང་ན་གཉིས་སུ་སྟེ་གཅིག་ནི་སྐལ་པ་སྟོང་གི་ཞུ་སྣ་སྟེ། གཅིག་ནི་དུས་གསུམ་གྱིས་སངས་རྒྱས་ཐམས་ཅད་ཀྱི་ཞུ་སྣའོ། །དེས་ན་ཆོས་འདི་སྔོན་ལ་སུ་རྟོགས་ན། འཁོར་གྱིས་དང་པོ་དམ་པ་ལྔ་སྡེ་བཟང་པོས་ཁོང་དུ་ཆུད་པར་དགོངས་ནས། དེར་བཞུད་པ་ལ་ལྔ་སྡེ་བཟངས་པོ་ནི་ཡུལ་བ་ར་ན་སེའི་ཕུ་ན་གནས་པས་འབུད་དྷ་ནི་ལྷོའི་ངོས་ནས་བྱང་ཕྱོགས་སུ་བཞུད་པ་ལས། དེའི་ཤུལ་ཀར་ཀུན་ཏུ་རྒྱུ་ཕྱི་རོལ་བ་ལྔ་བརྒྱ་རྩམ་དང་བཅས་པ་ལྷོའི་ཕྱོགས་སུ་འགྲོ་བ་དང་ཕྲད་ནས། དེའི་བསམ་པ་ལ་གོའུ་ཏ་མ་འདི་ལ་སློབ་དཔོན་མེད་པར་འབུད་དྷ་ཟེར་བ་ནི་འདི་རིགས་སམ་བདེན་ནམ་དྲིས་པས། གོའུ་ཏ་མ་ཁྱོད་ཀྱི་སློབ་དཔོན་སུ་ཡིན་དྲིས་པ་དང་། ལན་དུ་ང་ལ་སློབ་དཔོན་སུ་ཡང་མེད། །ང་རང་གཅིག་བུ་རྫོགས་སངས་རྒྱས། །ང་དང་འདྲ་བ་གཞན་མེད་དོ། །བསིལ་གྱུར་ཟག་པ་ཟད་པ་ཡིན། །ཞེས་གསུངས་པས།

48a

༄༅།       །དགྲ་བཅོམ་པར་གོ་ནས་འོ་ན་ཁྱོད་དགྲ་བཅོམ་པ་ཡིན་ནམ་བྱས་པས། ང་ནི་ལོ་གིའི་དགྲ་བཅོམ་པ། །ང་ནི་སྟོན་པ་བླ་ན་མེད། །ལྷ་དང་ལྷ་མིན་ནང་ན་ཡང་། །ང་དང་འདྲ་བ་ཡོད་མ་ཡིན། །ཞེས་གསུངས་པས། འོ་ན་ཁྱེད་རྒྱལ་བར་ཁས་ལེན་ནམ། ཞེས་ཞུས་པས། འབུད་དྷས་བཀའ་བཙལ་པ། གང་དུ་ཟག་པ་ཟད་སྙེད་པ། །ང་འདྲ་རྒྱལ་བར་ཤེས་པར་བྱ། །སྡིག་པའི་ཆོས་ལས་ང་རྒྱལ་བས། །ཉེར་འགྲོའི་དེ་བཞིན་ང་རྒྱལ་བ་ཞེས་གསུངས་པས། འབུད་དྷར་ཡིད་ཆེས་སྟེ་ད་འོ་ན་ཁྱོད་གར་བཞུད་དྲིས་པས། ང་ནི་བ་ར་ན་སེར་འགྲོ། །གྲོང་ཁྱེར་གསལ་ལྡན་སོང་ནས་ཀྱང་། །རྨུན་ལོང་ལྟ་བུའི་སེམས་ཅན་ལ། །ཆོས་ཀྱི་སྒྲོན་མེ་འདེགས་དུ་འགྲོ། །ཞེས་པ་ལ་སོགས་པ་གསུངས་པས། འོ་ན་བདག་ཅག་ཀྱང་ལན་གཅིག་ཁྱོད་ཀྱི་འཁོར་བགྱིད་དོ་ཟེར་ནས་ལྷོ་ངོས་སུ་སོང་ངོ་། །འབུད་དྷ་འཁོར་དང་བཅས་པས་བྱང་ཕྱོགས་སུ་བ་ར་ན་སེའི་ཕུར་བྱོན་པ་དང་། དེ་ན་མུ་ཏེགས་ཀྱི་སྟོན་པ་ལྔ་སྡེ་བཟང་པོ་ཡོད་པས་འབུད་དྷ་བྱོན་པ་ཐོས་ནས་འཁོར་མི་བྱེད་པར་བཅའ་བ་བྱས་སོ། །ཀུན་ཤེས་ཀོའུ་དི་ནས་དམ་མ་བཅས། དེར་འབུད་དྷ་བྱོན་པ་དང་གཟི་བརྗིད་མ་བཟོད་དེ་དྲིས་པས། ཚེ་དང་ལྡན་པ་ཁྱེད་མི་ཆོས་བླ་མ་མཁན་གཅིག་ཡིན་ནམ། སྙམས་པ་ལ་གཟི་བརྗིད་རེ་ཆེ་འཕགས་པའི་ཤེས་རབ་ཅང་སྔ་འམ་ཞེས་དྲིས་པས། བཀའ་བསྩལ་པ། ང་ལ་ཚེ་དང་ལྡན་པ་མ་ཟེར་ཅིག །ང་ནི་ཁམས་གསུམ་ལས་འདས་པའོ། །ཐམས་ཅད་མཁྱེན་པའོ། །

48b

སྡུག་བསྔལ་སེལ་བའི་ལྗོན་ཤིང་ངོ་། །ནད་སེལ་བའི་སྨན་པའོ། །ཞེས་གསུངས་པས་དད་དེ་འཁོར་གྱིས་དང་པོར་གྱུར་ཏོ། །དེ་ནས་ཆོས་གསུང་པར་བཞེད་ནས་འཁོར་བསྡུད་པའི་གྷན་དྷེ་བརྡུང་པའི་སྒྲ་ལ་འདི་སྐད་བྱུང་ཏེ། བདེ་གཤེགས་སློབ་མར་གྱུར་པའི་སེམས་ཅན་གང་སུ་དག །དེང་འདིར་སྟོན་པ་ཆོས་ཀྱི་ཆར་འབེབས་ཀྱིས། །ང་དག་གསན་པར་འདོད་འདིར་གཤེགས་ཅིག །ཟབ་མོ་རྒྱལ་བའི་བཀའ་ནི་ཀུན་ཉོན་ཅིག །ཞེས་པའི་གསུང་བྱུང་པས་ཀུན་བ་ར་ན་སེར་འདུས་སོ། །དེ་ལྟར་ཆོས་གསུང་པ་ཡང་གཉིས་སྟེ། ཚད་མེད་དུ་གསུང་པ་དང་ཚད་ཅན་དུ་བོ། །དེ་ཡང་གཞུང་ལས། ད་ནི་དེའི་གསུང་པའི་ཆོས་རྣམས་ལ། བཀའ་དང་དེ་ལ་སྟེན་པའི་བསྟན་ཆོས་སོ། །བཀའ་ལ་གཉིས་སྟེ་ཚད་མེད་ཚད་ཅན་ནོ་ཞེས་སོ། །ཚད་མེད་པར་ཇི་ལྟར་གསུང་ན་ཚད་མེད་ལུགས་ནི་ལུང་ལང་དཀར་གཤེགས་པར་ལྟ་ཞེས་སོ། །མདོ་སྡེ་ལང་དཀར་གཤེགས་པ་ལས་གདུལ་བྱ་ཡོད་ཀྱི་བར་དུ་སྟོན་པས་ཆོས་གསུང་པར་བཤད་དེ། ཇི་སྐད་དུ་ཇི་སྲིད་འདུ་ཤེས་ཡོད་ཀྱི་བར། །ཐེགས་པའི་ཐ་ལ་ཐུག་པ་མེད། །འདུ་ཤེས་ཡོངས་སུ་སྤངས་རྩ་ན། །ཐོགས་པ་མེད་ཅིང་གྲོལ་བ་འང་མེད། །ཞེས་པས་འཁོར་བ་མ་སྟོངས་ཀྱི་བར་དུ་ཆོས་གསུངས་པས་ན་ཚད་མེད་དོ། །ཚད་ཅན་དག་དུ་གསུངས་པ་བཞི་ཡིན་ཏེ། གདུལ་བྱའི་མོས་པ་དག་ལ་དགོངས་ནས་བཀའ་འཁོར་ལོ་རིམས་པ་གསུམ། གཉེན་པོ་ལ་དགོངས་ནས་རྒྱ་ཁྲི་བཞི་སྟོང་། དབྱེ་

49a

༄༅།       །བ་ལ་གསུངས་རབས་བཅུ་གཉིས། བསྡུ་བ་ལ་སྡེ་སྣོད་གསུམ། དང་པོ་མོས་པ་ལ་དགོངས་པ་ཡང་དབང་པོ་ཐ་མ་ལ་དགོངས་ནས་བདེན་པ་བཞི། འབྲིང་ལ་མཚན་ཉིད་མེད་པ་དང་ངེས་པའི་དོན་གཉིས། རབ་ལ་དགོངས་ནས་གསང་སྔགས་གསུངས་སོ། །འོ་ན་དང་པོ་ཤིས་པར་བརྗོད་པ་དང་གྲོངས་ཁའི་མྱ་ངན་འདས་པ་གཉིས་འཁོར་ལོ་གསུམ་དུ་མ་འདུས་སམ་གར་བསྡུད་ཞེ་ན། དེ་གཉིས་ནི་བཀའ་ཡིན་ཀྱང་ཚངས་པས་ཞུས་པ་མ་ཡིན་པས་འཁོར་ལོ་གསུམ་དུ་མ་འདུས་སྟེ་དེ་གཉིས་དང་ལྔ་ཡིན་ནོ། །འོ་ན་གསུམ་ཞེས་པ་དང་འགལ་ལམ་ཞེ་ན་མི་འགལ་སྟེ་ངེས་དོན་གྱིས་མདོ་ཁ་ཅིག་ལས། བདེ་བར་གཤེགས་པ་རྣམས་ཀྱིས་ནི། །ཆོས་ཀྱི་འཁོར་ལོ་ལྔ་གསུང་པ། །ཞེས་པས་སོ། །