ལྡེའུ་ཆོས་འབྱུང་།
ཆོས་འཁོར་གཉིས་པའི་བསྟན་བཅོས་བརྩམས་ཚུལ་བསྟན་པ།
Previous Chapter
Next Chapter

(ཆོས་འཁོར་གཉིས་པའི་བསྟན་བཅོས་བརྩམས་ཚུལ་བསྟན་པ།)

ད་ནི་བསྟན་ཆོས་འཁོར་ལོ་གཉིས་པའི་བརྩམས་ཚུལ་སྟོན་སྟེ། སྟོན་པ་འདས་ནས་ལོ་ནི་བཞི་བརྒྱ་ན། །ཞེས་པ་ལ་སོགས་པའི་ཚིག་བཅད་གཉིས་ཀྱིས་བསྟན་སྟེ། དེ་ཡང་འབུད་དྷ་འདས་ནས་ལོ་བཞི་བརྒྱ་ན་ཀླུ་གྲུབ་ཡབ་སྲས་དང་། བྲམ་ཟེ་ས་ར་ཧ་པ་བྱོན་ཏེ། དེ་ཡང་དཔལ་གྱི་རི་ལ་དུས་མཉམ་དུ་བྱོན་པ་ལ་འབུད་དྷེ་སྭ་ཏྭ་བློ་གྲོས་རིན་ཆེན་གྱིས་བྱིན་གྱིས་བརླབས་གྲུབ་པ་མཉེས་ནས། ས་ར་ཧ་པ། ཀླུ་གྲུབ་ཀྱིས་གདམས་པ་ལ་རྟེན་སྟེ་མདོ་ཧ་ཆེ་ཆུང་རྣམས་དང་འབུད་དྷ་ཐོད་པའི་རྒྱུད་ཀྱིས་འབྲེལ་པ་ལ་སོགས་པ་མང་དུ་མཛད་སྐད། ཀླུ་གྲུབ་ཡབ་སྲས་ཀྱིས་སྔགས་ཀྱིས་སྟན་ཆོས་མདོར་བྱས་དང་སྒྲོན་གསལ་ལ་སོགས་པ་དང་། མཚན་ཉིད་ཀྱིས་སྟན་ཆོས་ཤེས་རབ་ཕ་རོལ་ཕྱིན་པ་ལ་རྟེན་ནས་རིག་ཚོགས་དང་། དེའི་རྗེས་སུ་འབྲང་པ་ཡེ་ཤེས་སྙིང་པོས་ཤར་གསུམ་དང་། གསོ་བ་རིགས་པ་ཡན་བརྒྱད་པ་དང་། གསོ་མ་ར་ཙ་ལ་སོགས་པ་མང་དུ་མཛད་དོ། །ཚུལ་ཇི་ལྟར་མཛད་པ་ཡང་ཕྱི་ནང་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་འདི་དག་ཐམས་ཅད་ཀྱང་ཀུན་རྫོབ་ཏུ་སྒྱུ་མའི་མཚན་ཉིད་རྩམ་དུ་མ་བརྟགས་ན། ཉམས་དགའ་བའམ་ངོ་བོར་ཡོད་པ་མ་རྟོགས་པ། དོན་དམ་པ་ལ་རང་བཞིན་མེད་པར་སྟན་པས། ཚེ་འདི་པ་རྣམས་ཀྱང་མེད་པར་ལྟ་བ་ཤས་ཆེ་བར་གྱུར་ཏོ། །དེ་དག་ནི་བཀའ་སྤྲད་ཉ་པ་ར་མི་ལྟ་དང་ལྟ་བ་མཐུན་

58a

༄༅།       །པས་དོན་བཀྲོལ་བ་དབུ་མའི་སྟན་ཆོས་སོ། །དེ་ཡང་ཤིང་རྟ་ཆེན་པོ་གཅིག་གི་གཞུང་ཞེས་པ་ཆོས་ཚན་གཅིག་ཡིན་ཞེས་པའོ། །

དེ་ནས་ཡང་མངོན་པའི་སྟན་ཆོས་བྱུང་ཏེ། སྟོན་པ་འདས་ནས་ལོ་ནི་དགུ་བརྒྱ་ན། །ཞེས་པ་ལ་སོགས་པའི་ཚིགས་ཅད་གསུམ་གྱིས་བསྟན་ཏེ། འབུད་དྷ་འདས་ནས་ལོ་དགུ་བརྒྱ་ན་ཐོགས་མེད་སྐུ་མཆེད་གཉིས་བྱོན། ཐོགས་མེད་ཀྱིས་ཐེགས་ཆེན་གྱིས་མངོན་པ་ནུབ་པ་བྱམས་པ་ལ་ཞུས་སྟེ། བྱམས་པའི་ཆོས་ལྔ་འདིར་བྱོན་ཏེ། དྷརྨཱ་པན་ཙ་ལ་རྟེན་ནས་སའི་བསྐོར་བཅུ་བདུན་དང་། སྡོམ་རྣམ་པ་གཉིས་ལ་ཐེགས་པ་ཆེན་པོའི་སྡོམ་དུ་ཐེགས་པ་བསྡུས་པ་མཛད། ཐུན་མོངས་ཀྱིས་སྡོམ་དུ་མངོན་པ་ཀུན་ལ་བསྡུས་པ་མཛད། དབྱིག་གཉེན་གྱིས་དགེ་འདུན་བཟང་པོ་ལ་ཐེགས་ཆུང་གི་ཆོས་མངོན་པ་ནུབ་པས། དེ་ལ་ཁ་ཆེ་དགེ་འདུན་བཟངས་པོ་ལ་མངོན་པ་འོག་མ་གསན་ནས་མཛོད་རྩ་བ་འབྲེལ་པ་དང་བཅས་པ་མཛད། གཅེན་ལ་གསན་ནས་ཀྲ་ཀ་ར་ན་སྡེ་བརྒྱད་མཛད། དེའི་སློབ་མ་བློ་གྲོས་སྟན་པས་པན་ཀན་གྱིས་འབྲེལ་པ་བྱེ་བྲག་བཤད་པ་མཛད། དེ་བཞིན་དུ་བྲམ་ཟེ་བཙུན་པ་ཡོན་ཏན་འོད་དམ། གནས་བརྟན་ངོ་བོ་ཉིད་མེད་པ་ལ་སོགས་པས་མངོན་པའི་སྟན་ཆོས་མང་དུ་མཛད་སྐད་དོ། །དམ་པའི་ཆོས་མངོན་པ་ལ་དགྲ་ལན་གསུམ་དར་ཏེ་ནུབ་པ་རྣམས་དེ་དག་གིས་རྒྱས་པར་མཛད་དེ། དེ་ཡང་ཇི་ལྟར་ནུབ་པ་དང་དར་བར་

58b

མཛད་པ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་རྒྱ་ལྷག་རྩམ་ན། ཆོས་མངོན་པ་ལ་དགྲ་ལན་གསུམ་དར་ལྟེ། དང་པོ་མུ་སྟེགས་པ་དང་འབུད་དྷ་བ་བརྩོད་པ་བྱས་པས་མུ་སྟེགས་པ་རྒྱལ་ཏེ་ཆོས་མངོན་པ་ལ་ཆས་ཤས་ཀྱིས་ནུབ་པར་བྱས་སོ། །དེ་ནས་སྟག་གཟིག་གི་རྒྱལ་པོས་དམག་དྲངས་སྟེ་ནུབ་པར་བྱས་སོ། །དེ་ནས་མངོན་པའི་སྟན་ཆོས་ཅུང་ཟད་དར་བ་ལས་མུ་སྟེགས་པའི་སྤྲང་པོ་གཉིས་ཀྱིས་འབུད་དྷ་བའི་གཙུག་ལགས་ཁང་ཤྲི་ན་ལེན་ཏྲར་སློང་དུ་བྱོན་པ་ལས། ཚའོ་བ་མ་སྟེར་བར་སྒོ་བར་དུ་རྩིར་ནས། ཆུ་ཚན་གཏོར་བ་ལས། དེ་གཉིས་འཁྲོས་སྟེ་གྲོས་བྱས་པ་ལས། གཅིག་ན་རེ་ང་ལ་ཉི་མ་སྒྲུབས་པའི་གདམ་ངག་ཡོད་པས་དེ་སྒྲུབས་ལ་གང་ལ་ལྟས་པ་དེ་བསྲེགས་པར་བྱེད་ཟེར་རོ། །དེར་སའི་དོང་དྲུས་སྟེ་སྤྲང་པོ་གཉིས་ཀྱིས་འཚོལ་བ་བླངས་ཤིང་ལོ་གསུམ་དུ་སྒྲུབས་པས་རྟགས་མ་བྱུང་ཏེ་མི་གྲུབ་པར་འདུག་་པར་ཤེས་ནས། ང་ཐོན་བྱས་པས་ད་རུང་ངང་བསྲིང་ཤིག་ཟེར་ནས་ཡང་ལོ་གསུམ་སྒྲུབས་པས་མ་གྲུབ་སྟེ། དེ་ནས་ཡང་ང་ཐོན་བྱས་པས། ཉི་མ་མ་གྲུབ་ན་དོང་ནང་དུ་ཁ་གསུབ་གསོད་བྱས་པས། ཡང་ལོ་གསུམ་སྐྱར་ནས་བསྒྲུབས་པས་འགྲུབ་ཏེ། དོང་ནས་སྟོན་པ་དེས་ཉི་མ་བསྒོམས་ཤིང་གང་ལ་བལྟས་པ་དེ་སྲེག་ཏེ། འབུད་དྷ་བའི་གཙུག་ལགས་ཁང་ཐམས་ཅད་བརླག་པར་བྱས་ནས་ཆོས་མངོན་པ་ཕལ་

59a

༄༅།       །ཆེར་ནུབ་པར་བྱའོ། །