ལྡེའུ་ཆོས་འབྱུང་།
ཐོགས་མེད་སྐུ་མཆེད་ཀྱི་ལོ་རྒྱུས་དང་མངོན་པ་མཛོད་བསྐྱར་དུ་དར་བ།
Previous Chapter
Next Chapter

(ཐོགས་མེད་སྐུ་མཆེད་ཀྱི་ལོ་རྒྱུས་དང་མངོན་པ་མཛོད་བསྐྱར་དུ་དར་བ།)

དེའི་དུས་སུ་འབུད་དྷ་ལ་དགེ་བའི་རྩ་བ་བསགས་པའི་དགེ། སྙན་མ་གསལ་བའི་ཚུལ་ཁྲིམས་ཞེས་བྱ་བ་ཅིག་ཡོད་པ་དེས་བསམས་པས། སྟན་པའི་སྙིང་པོ་མངོན་པ་ནུབ་སྟེ་འབུད་དྷའི་སྟན་པ་ཉི་མ་ནུབ་པ་ལྟར་གྱུར་ན། བདག་གིས་ནི་བུད་མེད་སོང་བས་དར་བར་མི་ནུས་པས། བདག་གི་ལུས་ལ་བུ་སྐྱེས་ལ་འབུད་དྷའི་སྟན་པ་དར་བར་བྱེད་དུ་བཞུག་གོ་སྙམས་སྟེ། དེ་ལྟར་བསམས་ནས་རྒྱལ་རིགས་གཅིག་དང་འཚོགས་པ་ལས་ཅེན་ཐོག་མེད་བྱོན། བྲམ་ཟེ་ཅིག་དང་འཚོགས་པ་ལས་ཅུང་དབྱིག་གཉེན་བཙས་སོ། །དེ་གཉིས་ལ་བློ་རྣོ་བའི་ཆོ་ག་བྱས་ནས་ཆེར་སྐྱེས་པ་དང་། རྒྱ་གར་གྱིས་ལུགས་ཀྱིས་ཕའི་ལས་གང་ཡིན་པ་དེ་བུས་ཀྱང་བྱེད་དགོས་པས་མ་ལ་དྲིས་པ་དང་། མ་ན་རེ་ཁྱོད་ཕའི་ལས་བྱེད་པའི་ཆེད་དུ་སྐྱེད་པ་མ་ཡིན་གྱིས། དམ་པའི་ཆོས་མངོན་པ་དར་བར་གྱིས་ཅིག་ཅེས་བསྒོའོ། །དེ་ནས་རྟོགས་པ་སོ་སོར་ཞུགས་སྟེ་དབྱིག་གཉེན་གྱིས་རྒྱ་གར་ནུབ་ཕྱོགས་སུ་བྱོན་ནས་སློབ་དཔོན་དགེ་འདུན་བཟང་པོ་ལ་རབ་ཏུ་བྱུང་ནས། ཐེགས་པ་ཆུང་བའི་ཆོས་མངོན་པ་རྩ་བའི་བྱེ་བྲག་ཏུ་བཤད་པ་ཆེན་པོ་སླབས་པས་ཤིན་ཏུ་མཁས་པར་གྱུར་ནས་པཎྚི་ཏ་ཆེན་པོར་གྱུར་སྟེ། ཕྱི་རབས་ཀྱི་སྐྱེ་བོའི་དོན་དུ་ཚིག་བསྡུས་ལ་དོན་སྡུས་པའི་ཆོས་མངོན་པ་མཛོད་ཀྱི་སྟན་ཅོས་དང་། དེའི་འབྲེལ་པ་མཛོད་ཀྱི་འབྲེལ་པ་ཆེན་མོ་མཛད་དོ། །སློབ་དཔོན་ཐོག་

59b

མེད་ཀྱི་འདི་ལྟར་བསམས་སྟེ་བདག་གི་ཤེས་རབ་ཀྱི་ཆོས་མངོན་པ་དར་བར་མི་ནུས་པས། རྒྱལ་བ་བྱམས་པ་སྒྲུབས་ལ་དར་བར་བྱའོ་སྙམས་ནས། བླ་མ་ཅིག་ལ་གདམས་ངག་ཞུས་ཏེ་ལྷོ་ཕྱོགས་ཀྱི་རི་བྱ་རྐང་ཅན་དུ་ལོ་བཞི་སྒྲུབས་པས་མ་སྒྲུབས་སྟེ་ཐོན་ནས་བྱོན་པས་སྒོ་ན་བྲག་ལ་ཆུ་འཐིག་པས་བྲག་ལ་བུག་པར་སོང་བ་མཐོང་ནས། ངའི་སྒྲུབས་པ་ཡུན་ཐུངས་སྙམས་ནས་ལོགས་ནས་ལོ་བཞི་སྒྲུབས་པས་མ་འགྲུབ་ནས་བྱོན་པས་ལམ་ཀ་ན་རྒན་མུ་གཅིག་བལ་གྱི་རྟ་རི་ཐོགས་ནས་ལྕགས་ཀྱི་སྡོང་པོ་བརྡར་བ་གཅིག་མཐོང་ནས། དེ་ལ་ཁྱོད་ཅི་བྱེད་བྱས་པས་ཁྲབ་ཁབ་བྱེད་ཟེར་རོ། །དེ་ལ་མི་འོངས་བྱས་པས་ཡུན་དུ་སྲིང་ན་འོང་བ་ཡིན་ནོ་ཟེར་རོ། །འོ་ན་བདག་གིས་རྒྱལ་བ་སྒྲུབས་པ་ཡུན་ཐུང་སྙམས་སྟེ་ཡང་ལོགས་ནས་ལོ་བཞི་སྒྲུབས་པས་ཀྱང་མ་འགྲུབ་ཏེ་ཐོན་ནས་བྱོན་པས་དེའི་ལུང་པ་དེའི་མདོ་ན་ཀྱི་མོ་རོ་སྨད་འབུས་རྙིག་པ་ཅིག་འདུག་པ་མཐོང་བས་དེ་ལ་སྙིང་རྗེ་སྐྱེས་ནས་རང་གི་ཤ་བཅད་ནས་དེ་ལ་འབུ་མཛུད་ཀྱིན་ཡོད་པ་དང་རྒྱལ་ལོ། །དེ་སངས་ནས་ལྟས་པ་དང་ཀྱི་མོ་ཡང་མེད་རང་གི་རྨ་ཡང་མེད་དེ་རྒྱལ་བ་བྱམས་པ་མཐོང་ངོ་། །དེར་ཨ་རྱ་མི་ཏྲི་ལ་ཐུགས་རྗེ་རེ་ཆུང་ཞེས་ཞུས་པས། ང་ཐུགས་རྗེ་ཆུང་བ་མ་ཡིན་ཏེ། ཁྱོད་རང་ལ་སྒྲིབས་པ་ཡོད་པས་མ་མཐོང་པ་ཡིན། ང་དང་པོ་ནས་ཁྱོད་རང་གི་གམ་ན་ཡོད་དོ་གསུངས་ཏེ། དེ་ལྟ་ཡིན་ནམ་མ་ཡིན་ཁྱོད་རང་གི་ཕྲག་པ་ལ་ང་ཁུར་ལ་གྲོང་ཁྱེར་གྱི་མི་ལ་ང་སྟོན་ཅིག་གསུང་ནས་བསྟན་པས་

60a

༄༅།       །སུས་ཀྱང་མ་མཐོང་ངོ་། །དེ་ནས་སི་ཏི་ཅི་འདོད་གསུང་པས་དམ་པའི་ཆོས་མངོན་པ་དར་བར་མཛད་པ་ཞུ། ཞེས་ཞུས་པས། ངའི་ཆོས་གོས་ཀྱིས་གྲྭ་ནས་ཟུང་ཅིག་གསུང་ནས་དེ་ལ་གཟུང་པ་དང་། དགའ་ལྡན་གྱིས་གནས་སུ་བྱོན་ནས་ལྷའི་གྲོ་སྐད་ཅིག་ཆོས་གསུངས་ཏེ། མེ་ཏྲི་དྷརྨཱ་པན་དང་རྒྱས་པའི་སྟན་ཆོས་རྣལ་འབྱོར་སྤྱོད་པའི་སྡེ་ལྔ་བསྣམས་ནས་འཛམ་བུ་གླིང་དུ་བྱོན་ཏེ། མ་འོངས་པའི་སྐྱེ་བོ་རྣམས་ཀྱི་ཆེད་དུ་ཡི་གེར་བཀོད་དེ། དེའི་ཚེ་སློབ་དཔོན་དབྱིག་གཉེན་གྱིས། ཐོག་མེད་དང་ཐེགས་པ་ཆེན་པོའི་ཆོས་བརྩོམ་པ་ཐོས་ནས་ཆོས་དང་ཆོས་སྨྲ་བའི་གང་ཟག་ལ་སྨོད་དེ། ཨེ་མ་ཐོགས་མེད་ནགས་སུ་ལོ། །བཅུ་གཉིས་བར་དུ་ཏིང་འཛིན་སྒྲུབས། །གཏིང་མཛིན་མ་རྙེད་གླང་ཆེན་གྱིས། །རྒྱབ་ཁལ་ལོངས་པའི་གྲུབ་མཐའ་བརྩོམས། །ཞེས་སྨོད་དོ། །དེར་སློབ་དཔོན་ཐོགས་མེད་ཀྱི་དེ་གསན་ནས། དེ་འདུལ་བའི་ཆེད་དུ་བབས་པར་མཁྱེན་ནས། སློབ་མ་གཉིས་ལ་མདོ་སྡེ་ས་བཅུ་པ་དང་བློ་གྲོས་མི་ཟད་པ་གཉིས་བློ་ལ་བྱང་བར་བྱས་ཏེ་དེ་གཉིས་བཏང་བས། དབྱིག་གཉེན་དང་མཇལ་ནས་མདོ་གཉིས་པོ་སྟོན་པས་ཐེགས་པ་ཆེན་པོ་ལ་དད་པ་སྐྱེས་ཏེ། སྔར་སྨད་པ་དེ་ལ་འགྱོད་པ་སྐྱེས་ནས་དེ་ལྕེས་ལན་པས་ལྕེ་གཅོད་གསུང་། དེར་ལྗགས་དགུམ་མི་དགོས། ལྗགས་ཀྱི་སྒྲིབས་པ་སྦྱོང་བ་ལྕེན་ལ་མངའ་བས་དེར་གཤེགས་པར་ཞུས་པས་བྱོན་ཏེ། དེར་བྱོན་ནས་ཕྱག་བྱས་མཇལ་མ་ཐོག་ཏུ་

60b

བརྩོད་པ་བྱས་པས། དབྱིག་གཉེན་སྤོགས་པ་ཐོག་མེད་དུ་ལན་འདེབས་ལ། ཐོགས་མེད་སྤོབས་པ་ཐོགས་བཅས་སུ་བྱུང་པས། དེའི་རྒྱུ་མཚན་ཞུས་པས་ཁྱོད་ཀྱི་སྐྱེ་བ་ལྔ་བརྒྱར་པཎྚི་ཏའི་རྒྱུད་པའི་ཐོས་པའི་ཤེས་རབ་ཅན་ཡིན་ལ། ང་ནི་རྒྱལ་བ་བྱམས་པ་ལ་དྲིས་ཀྱིན་ལན་འདེབས་པས་ཐོགས་པ་ཡིན་གསུང་པས། ཅུང་དད་པ་སྐྱེས་ཏེ། བདག་དང་ཡང་མཇལ་བར་ཞུ་བྱས་པས་རྒྱལ་བའི་ཞལ་ནས་དབྱིག་གཉེན་དང་ང་ལ་ཚེ་འདི་ལ་མཇལ་བའི་སྐལ་བ་མེད་པས། ཐེགས་པ་ཆེན་པོའི་མདོ་འབྲེལ་མང་དུ་བརྩོམས། ཐེགས་པ་ཆེན་པོའི་སེམས་རྩམ་དུ་སྒྲུབས་པའི་མདོ་འབྲེལ་མང་དུ་བརྩོམས། བྱམས་པའི་ཆོས་ལྔ་ལ་འབྲེལ་པ་ཐོགས། གཙུག་གཏོར་རྣམ་པར་རྒྱལ་བ་ཡི་དམ་དུ་སྒྲུབས། སྐྱེ་བ་ཕྱི་མ་ལ་ངའི་ཞབས་དྲུང་དུ་སྐྱེ་བར་འགྱུར་རོ་གསུངས། དེར་སློབ་དཔོན་ཐོགས་མེད་ཀྱིས་ལོ་ཚྩ་བ་མཛད་ནས་ཐེགས་པ་ཆེན་པོའི་ཆོས་ཐམས་ཅད་གསན་པས། ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐམས་ཅད་ཐུགས་སུ་ཆུད་ནས་ཚིག་སུ་ཅད་དེ་སྨྲས་པ། བདག་གི་ཕོ་བོ་ཀླུ་དང་འདྲ། །བདག་ནི་ཆར་བསྟོད་བྱ་དང་འདྲ། །ཀླུའི་རྒྱལ་པོས་ཆར་ཕབ་ཀྱང་། །བྱའི་གྲེ་བར་འགྲོ་བ་ཉུང་། །ཞེས་གསུངས་སོ། །དེ་ནས་སྔར་གྱིས་ཐེགས་པ་ཆུང་ངུའི་འབྲེལ་པ་དེ་རྣམས་ངན་པ་དང་། ནོར་བར་གཟིགས་ནས། ཐེགས་པ་ཆེན་པོའི་མདོ་འབྲེལ་ལྔ་བརྒྱ་མཛད། བྱམས་པའི་ཆོས་བཞི་ལ་འབྲེལ་པ་བཏགས། པྲ་ཀ་ར་ན་

61a

༄༅།       །སྡེ་བརྒྱད་བརྩམས། སྔར་གྱིས་མངོན་པ་མཛོད་ལ་རྩ་བ་སུ་འབྱིན་ཞེས་པས་འབྲེལ་པ་མཛད། དེས་འབུད་དྷ་གཉིས་པ་ལྟ་བུ་ཞེས་བྱ་བའི་དབྱིག་གཉེན་དུ་གྲགས་སོ། །དེ་ཡང་ཤིང་རྟ་ཅེས་པ་ཚན་པ་ཅིག་གོ །ཆོས་ཀྱིས་འཁོར་ལོ་བར་པའི་བཤད་པ་སྟན་ཆོས་ཙཀྲ་གཉིས་པའི་བཞེད་པ་ཡིན། ཞེས་པས་སྟེ་གཉིས་སྡེབས་པ་ལའོ། །མངོན་པ་དེ་རྣམས་ཕལ་ཆེན་དང་མདོ་མངས་ལ་སོགས་པའི་དོན་བཀྲོལ་བའོ། །དེ་དག་ཀྱང་ཚུལ་ཇི་ལྟར་མཛད་ན་ཀུན་བརྟགས་གཟུང་མཛིན་གཉིས་པོ་མཚན་ཉིད་ངོ་བོ་ཉིད་མེད་པར་བསྟན་པས་ནི་ཡོད་པར་བལྟ་བའི་མཐའ་གསལ། གཞན་དབང་དང་ཡོངས་གྲུབ་གཉིས་པོས་ཀུན་རྫོབ་དང་དོན་དམ་གང་དུ་ཡང་མ་གྲུབ་པ་མེད་པ་མ་ཡིན་ཏེ། ཡོད་པར་བལྟས་པས་ནི་མེད་པར་བལྟ་བའི་མཐའ་གསལ་ཏེ། རིགས་པའི་ཚོགས་ཡོངས་སུ་རྫོགས་པར་བསྟན་པ་ལགས་སོ། །དེས་ནི་བསྟན་ཆོས་འཁོར་ལོ་གཉིས་པའི་སྟན་ཆོས་བརྩམས་ཚུལ་ལོ། །