ལྡེའུ་ཆོས་འབྱུང་།
ཆོས་ཀྱི་ངོ་བོ།
Previous Chapter
Next Chapter

(ཆོས་ཀྱི་ངོ་བོ།)

དེ་ལྟར་ཆོས་ཇི་ལྟར་གསུང་པའི་ཚུལ་བསྟན་ནས། དེ་ནི་དེ་ལྟར་གསུང་པའི་ཆོས་དེ་རྣམས་ལ། ངོ་བོ་དང་། ངེས་ཚིག །དབྱེ་བའི་ཁྱད་པར་རྣམ་པ་བཞི། ཞེས་པའི་དོན་སྟོན་ཏེ། དོན་དེ་ལ་དང་པོ་ཆོས་ཆོས་ཞེས་པའི་ངོ་བོ་གང་ལ་བཞག་ཅེས་ན། རྟོགས་པའི་ཆོས་ཀྱི་ངོ་བོ་ནི་དཀོན་རྩེགས་ལས། ཡི་གེ་དག་ནི་སྤངས་པ་ནི། །ཆོས་ཀྱིས་ངོ་བོ་ཉིད་ཅེས་བྱ། །སེམས་དང་ཡེ་ཤེས་སྤངས་པས་ན། །སྟོང་པའི་ངོ་བོ་ཉིད་ཅེས་བྱ། །ཞེས་པའི་བརྗོད་བྱ་ལས་

62a

༄༅།       །འདས་པ་གཅིག་ལ་བཞག་གོ །ལུང་གི་ཆོས་ཀྱིས་ངོ་བོ་ནི་ཐབས་ཤེས་རབ་ཀྱི་རང་བཞིན་ཡི་གེ་གཉིས་ཀྱིས་མཚོན་པས་སྟེ། ལུང་དེ་ཡང་ལུང་རིགས་པ་མན་ངག་གསུམ་གྱིས་བསྟན་ལ་དབབ་སྟེ། ལུང་ལྷའི་དབང་པོས་ཞུས་པའི་མདོ་ལས། ཆོས་ཀྱིས་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་གྲངས་སྙེད་ཀྱིས། །ཀུན་གྱིས་གཞི་དང་ཕ་མ་དང་། །རྒྱུ་འམ་དེ་བཞིན་ངོ་བོ་ནི། །ཡི་གེ་གཉིས་སུ་ཡང་དག་བསྟན། །ཨེ་དང་བཾ་ཞེས་བྱ་བའོ། །ཡི་གེ་ཨེ་ནི་མར་གྱུར་ལ། །བཾ་ནི་ཕ་ཞེས་བྱ་བ་ཡིན། །ཐིག་ལེ་དེ་གཉིས་སྦྱོར་བར་གྲགས། །སྦྱོར་དེ་ཤིན་ཏུ་སྨད་བྱུང་པའི། །ཞེས་པ་ལ་སོགས་པ་གསུངས་པས། ཨེ་བཾ་གཉིས་པོ་དེ་ཆོས་ཀྱི་རྒྱུ་འམ་ངོ་བོར་བཞག་པའོ། །རིགས་པ་ཡང་སྣང་གྲགས་ཐམས་ཅད་ཐབས་ཤེས་རབ་གཉིས་ཀྱིས་རང་བཞིན་ཟུང་འཇུག་ལས་བྱུང་པས་སྟེ། འདིར་ཡང་དབྱངས་ཡིག་དང་གསལ་བྱེད་ཀྱིས་ཡི་གེ་གཉིས་ལས་ཆོས་ཀྱི་ཕུང་པོ་བརྒྱ་ཁྲི་བཞི་སྟོང་ལ་སོགས་པ་བྱུང་པས་དབྱངས་ཡིག་གསལ་བྱེད་གཉིས་ངོ་བོ་ཨེ་བཾ་གྱུར་འཐད་དོ། །མན་ངག་དུ་ཡང་ཨེ་བཾ་གཅིག་པོ་དེ་བརྗོད་པ་སྒྲའི་ཨེ་བཾ་དང་། བྲིས་པ་གཟུགས་ཀྱི་ཨེ་བཾ་གཉིས་སྟེ། དེ་ལ་བརྗོད་པ་སྒྲ་ནི་རྒྱ་གར་དུ་ཨེ་བཾ་མ་ཡ་ན། དེ་ལ་བོད་སྐད་དུ་བསྒྱུར་བས་འདི་སྐད་བདག་གིས་བྱ་བ་འགྲོ་སྟེ། མདོ་རྒྱུད་ཐམས་ཅད་ཀྱི་སླད་དུ་དེ་བྱུང་བས། དེ་ནས་གཞུང་དངོས་བྱུང་པས་ནའོ། །བྲིས་པ་དབྱིབས་ཀྱང་ཨེ་གྲུ་གསུམ་དུ་འདུག་པ་ཤེས་རབ་སྟོང་པས་སྟེ།

62b

དེས་ཡུམ་གྱིས་བྷ་ག་མཚོན།  བེཾ་ཟླུམ་པོར་འདུག་པ་ཐབས་སྟེ་སྙིང་རྗེ་ཡིན་པས་ཡབ་ཀྱིས་རྡོ་རྗེ་བུམ་པ་མཚོན། དེ་གཉིས་འདུས་པ་ལས་ས་བོན་ནམ་བུ་འབྱུང་པ་ལྟར། ཆོས་ཐམས་ཅད་ཀྱང་ཐབས་དང་ཤེས་རབ་གཉིས་སུ་འདུས་པ་ལས་བྱུང་པའི་ཕྱིར་ན་ངོ་བོ་བསྡུས་པས་ཡི་གེ་རྣམ་པ་གཉིས་ཞེས་པའོ། །