ལྡེའུ་ཆོས་འབྱུང་།
དབྱེ་བའི་ཁྱད་པར།
Previous Chapter
Next Chapter

(དབྱེ་བའི་ཁྱད་པར།)

ད་ནི་དབྱེ་དོན་སྟོན་ཏེ། དེ་ཡང་དབྱེ་ན་ཕྱི་པ་མུ་སྟེག་པ་དང་། ནང་པ་བུད་དྷ་བའི་ཐེགས་པ་གཉིས། ཞེས་པ་སྤྱི་ལ་ལྔ་སྟེ་བྱེ་བྲག་རྣམ་པ་གཉིས་ཞེས་པའི་བར་དུ་ཚིགས་བཅད་གསུམ་དང་

63a

༄༅།       །ཚིག་རྐང་གསུམ་གྱིས་སྟོན་སྟེ། དེ་ལ་ཡང་བཀའི་དབྱེ་བ་དང་སྟན་ཆོས་ཀྱིས་སོ། །

དང་པོ་བཀའི་དབྱེ་བ་ལ་མུ་རྟེག་པ་དང་འབུད་དྷ་བ་གཉིས་སུ་འབྱེད་དེ། དེ་སྐད་དུ་ཡང་རྡོ་རྗེ་ཐེགས་པ་རྣམ་པར་བཀོད་པ་ལས། བསྟན་པའི་ཚུལ་ནི་རྣམ་གཉིས་སྟེ། །དམན་པ་མུ་སྟེགས་ཐེགས་པ་དང་། །མཆོག་ཏུ་གྱུར་པ་འབུད་དྷའོ་ཞེས་པས་སོ། །