ལྡེའུ་ཆོས་འབྱུང་།
མུ་སྟེགས་པའི་དབྱེ་བ།
Previous Chapter
Next Chapter

(མུ་སྟེགས་པའི་དབྱེ་བ།)

མུ་སྟེག་པ་ལ་ཡང་དབྱེ་ན་སུམ་རྒྱ་དྲུག་བཅུ་ཞེས་པ་ལྟ་ལོགས་སུམ་བཅུ་རྩ་གཉིས་སོ། །བསྡུས་བས་ལྟ་བ་རྟགས་ཆད་གཉིས་སུ་འདུས། ཞེས་པས་རྟགས་པར་མཛིན་པ་ཤང་ཀ་དུང་མཛིན་དང་། ཆད་པར་མཛིན་པ་འབྲི་ཧ་འབྲི་ཏ་ལ་སོགས་པའོ། །དེ་ལས་རེས་ཤིག་མུ་སྟེགས་པའི་དབྱེ་བ་ཟུར་ཅིག་བརྗོད་ན། ལྟ་ལོགས་སུམ་རྒྱ་དྲུག་བཅུ་རྩ་གཉིས། འཇིགས་ཚོགས་ལྟ་བ་དྲུག་བཅུ། བདག་ལྟ་ཉི་ཤུ། ལྟར་ཀ་སྡེ་དྲུག །རྒྱུར་ལྟ་བ་བཞི། རིགས་བྱེད་བཞི། ལུང་རྩ་བ་སྡེ་བཞི། ཐེགས་པ་རིམས་དགུའོ། །དེ་ལ་ལྟ་ལོག་སུམ་རྒྱ་དྲུག་བཅུ་དྲུག་བཙ་གཉིས་ནི། འདས་པའི་མཐའ་ལ་རྟེན་པ་བརྒྱ་ཉི་ཤུ། མ་འོང་པ་དང་ད་ལྟར་བ་ལ་དེ་རྩམ་རེ་རེ་སྟེ། རྩ་བ་རྟག་ཆད་གཉིས་དང་སུམ་བརྒྱ་དྲུག་བཅུ་རྩ་གཉིས་སོ། །དེ་དག་ཀྱང་རང་བཞིན་ལྟ་བ་གོལ་བ་བརྒྱད་དང་། ཕྱོགས་ལོགས་བདོལ་བ་བཅུ་གཉིས་ལས་གྱེས་པའོ། །འཇིག་ཚོགས་ལྟ་བ་དྲུག་བཅུ་རྩ་གཉིས་ནི། རྟགས་པར་སྨྲ་བ་བཞི། མི་རྟགས་པར་སྨྲ་བ་བཞི། མཐར་སྨྲ་བ་བཞི། ཀུན་འབྱུང་རྒྱུ་མེད་པར་སྨྲ་བ་གཉིས།

63b

ཚིག་འཁྲུལ་པར་སྨྲ་བ་བཞི། འདུ་ཤེས་སུ་སྨྲ་བ་བཅུ་དྲུག །འདུ་ཤེས་ཡོད་པ་མ་ཡིན་པར་སྨྲ་བ་བཅུ་དྲུག །འདུ་ཤེས་ཡོད་པར་སྨྲ་བ་བརྒྱད། མཐོང་པའི་ཆོས་ལ་ཡིད་འབྱུང་པར་སྨྲ་བ་ལྔ། ཆད་པར་སྨྲ་བ་བདུན། བདག་ལྟ་ཉི་ཤུ་ནི། བདག་གཟུག་ཡིན། ཚོར་བ་ཡིན། འདུ་ཤེས་ཡིན། འདུ་བྱེད་དང་། རྣམ་པར་ཤེས་པ་ཡིན། བདག་གཟུགས་དང་ལྡན་ཞེས་པ་ལྔ། བདག་གཟུགས་ཡིན་ཞེས་པ་ལྔ། བདག་ལ་གཟུགས་གནས་ཞེས་པ་ལྔ་སྟེ་ཉི་ཤུའོ། །བཏང་ཀ་སྡེ་དྲུག་ནི་ཝ་མགོ་རེ་ཐོང་ཅན་གྱིས་སྡེ་པ། རྩིག་ཕག་མི་ཤ་ཅན། སེར་བུ་བོང་དེད། རྒྱངས་ཕན་ཕྱལ་པ། ཆད་པའོ། །རྒྱུར་ལྟ་བ་བཞི་ནི། རང་བཞིན་རྒྱུར་ལྟ་བ། བྱེད་པ། དབང་ཕྱུག །དུས་རྒྱུར་ལྟ་བའོ། །རིགས་བྱེད་བཞི་ནི། ཀ་རི་ཤམ་པ། རྒྱན་གྱིས་དྲ་ཅན། ཤ་སྣ་ཅན་དང་། རིགས་བྱེད་མི་བཞིའོ། །ལུང་རྩ་བ་སྡེ་བཞི་ནི། མུ་ཏེགས་མུར་ཐུག་གཉིས། རྒྱང་པན་ཕྱལ་པ་གཉིས་སྟེ་བཞིའོ། །ཐེགས་པ་རིམ་པ་དགུར་འདོད་པ་ནི། རིལ་པོ་རྒྱུར་ལྟ་བའི་མུ་ཏེག་དང་། བྱེད་པ་རྒྱུར་ལྟ་བའི་དང་། འཕྲ་མེད་སྤྱོད་པ་དང་། ལུང་གི་ཕྱོགས་རྩམ་མཛིན་པ། རིགས་ཀྱི་མཐའ་གསང་བར་སྨྲ་བ། བརྟུལ་ཤུགས་སྤྱོད་པ། རྒྱལ་འབོག་པ། བརྟུལ་ཐབས་སྤྱོད་པའི་མུ་སྟེགས་པའོ། །དེ་རྣམས་འདུས་ན་བཞི་སྟེ། སྤྱོད་པ་སྟེ། འཇིག་རྟེན་རྒྱངས་པན་པ། གཅེར་བུ་པ།

64a

༄༅།       །གྲངས་ཅན་པ། རིགས་པ་ཅན་ནོ། །དེ་ལས་ཀྱང་བསྡུ་ན་ཕྱི་རོལ་གྱིས་དོན་དངོས་པོ་ཡོད་པར་ཁས་ལེན་ཀྱང་། ནང་གི་སེམས་ཁས་མི་ལེན་པ་རྒྱངས་པན་པ་དང་། ནང་གིས་སེམས་ཁས་མི་ལེན་གྱིས་ཕྱི་རོལ་མི་འདོད་པ་རིགས་བྱེད་ཀྱིས་གསང་བའི་སྨྲ་བ་དང་། ཡུལ་སེམས་གཉིས་ཀ་བདེན་པར་སྨྲ་བར་འདོད་པ་གྲངས་ཅན་པ་དང་། བྱེ་བྲག་པ་ལས་སོགས་པའོ། །ཡང་ཁ་ཅིག་ན་རེ་ཕྱིའི་མུ་སྟེགས་པ་དང་ནང་གི་མུ་སྟེགས་པ་གཉིས་ཡིན། ཕྱིའི་མུ་སྟེགས་པ་ནི་སྟོན་པ་དྲུག་དང་བློན་པོ་དྲུག །སྟོན་པ་འོད་སྲུངས་རྫོགས་བྱེད་དང་། བློན་པོ་ཉི་ཟླ་གྲགས་པ། སྟོན་པ་བེ་ཏ་བུ་ཐུགས་རྒྱལ་དང་། བློན་པོ་བདེ་ཐོབ། སྟོན་པ་ཀ་ཏའི་བུ་ནོག་ཅན་དང་། བློན་པོ་དོན་ཐམས་ཅད་ཤེས་པ་སྟོན་པ་དྲང་སྲོངས་སྲུངས་བྱེད་དང་། བློན་པོ་བཀྲ་ཤིས། སྟོན་པ་གཅེར་བུ་པ་གཉེན་གྱིས་བུ་དང་། བློན་པོ་འཇིགས་པ་མེད་པ། སྟོན་པ་མི་འཕམ་ཀྲའི་ལ་བ་ཅན་དང་། བློན་པོ་གྲགས་པ་ལ་སོགས་པའོ། །ནང་གི་མུ་སྟེགས་པ་ནི། ཕྱི་རོལ་པ་ཡང་དག་པ། གསང་སྔགས་པ། གསང་ཆེན་པའོ་ཟེར། དེ་དག་ཐམས་ཅད་ཀྱང་བསྡུ་ན་རྩ་བ་བརྟགས་ཆད་གཉིས་སུ་འདུས་སྟེ། རྟག་ལྟ་ལ་དྲུག །ཆད་ལྟ་ལ་གསུམ། རྟག་ལྟའི་དྲུག་ནི། སེམས་ཅན་གྱིས་དེ་ཁོ་ན་ཉིད་རྟག་པར་ལྟ་བ། བདག་རྟག་པར་ལྟ་བ། ཕྱའམ་དབང་ཕྱུག་རྟག་པར་ལྟ་བ། རིགས་བྱེད་ཀྱི་གསང་ཚིག་རྟག་པར་བལྟ་བ། འདོད་ཡོན་གསུམ་གྱིས་

64b

བརྟགས་པར་ལྟ་བ། སྤྱིར་རྟགས་པར་ལྟ་བའོ། །ཆད་ལྟ་གསུམ་ནི། ཚེ་སྔ་ཕྱི་ལ་ཆད་པར་ལྟ་བར་འདོད་ལ། ལས་རྒྱུ་འབྲས་ལ་ཆད་པར་འདོད་ལ། འབྲས་བུ་མཐོ་རིས་དང་ངན་སོང་ལས་ཆད་པར་འདོད་པའོ། །ལྟ་ལོགས་མུ་སྟེགས་བསྡུ་ན་བཞི་སྟེ། ཆལ་པ་ནི་དཔེར་ན་བྱ་ཐང་ལ་བབས་ཐང་ཡངས་པ་ལ་ཕྱིན་པས་དམིགས་པའི་རྟེན་མེད་དེ་ཐང་ཆལ་ཟེར་བ་དང་འདྲ་བར། མུ་སྟེགས་པ་ཆལ་བ་ནི་དགེ་མི་དགེའི་འབྲས་བུ་མ་རྟོགས་སྟེ་གཏི་མུག་པའམ། ཀུན་ནས་ཀུན་ཏུ་རྨོངས་པའོ། །རྒྱངས་པན་པ་ནི་ཡང་དག་པའི་དོན་ལས་རྒྱངས་སྲིངས་ནས་ལོ་ག་བའི་ཕན་པ་རྩམ་སྒྲུབས་པའོ། །མུ་ཐུག་པའི་ནི་ཡང་དག་པའི་དོན་སྡུག་ལ་བྱ། ཐམས་ཅད་བློ་བུར་དུ་སྐྱེས་པ་མཐའ་ཆད་པར་ལྟ་བའོ། །མུ་སྟེགས་ནི་སྟན་པའི་མུ་གཟུང་བ་ལ་བྱའོ་སྟེ། བདག་གི་ལུས་ཆེ་ཆུང་གི་ཁྱོན་གྱིས་བྱེད་པའི་སྐྱེས་བུ་ཞེས་བྱ་བ་ཆེ་ཐེབ་རྡོག་རྩམ། འབྲིང་ནི་སྲན་མའམ། ཆུང་ན་ཉུང་འབྲུ་རྩམ་འམ་ཞིག་རྟགས་པ་ཐེར་ཟུག་པར་བལྟ་སྟེ། ལུས་ངག་གི་སྡོམ་པ་སྲུངས། ཡིད་ཀྱིས་གསུམ་མ་རྟོགས་པས་འབུད་དྷ་མི་ཐོབ་པོ། །དེ་ལ་ལྟ་ལོགས་སུམ་རྒྱ་དྲུག་བཅུ་ཡང་བསྡུ་ན་བཞིར་འདུས་ཏེ། མུ་སྟེགས་ནི་སྔགས་པ་ལ་ཚངས་སྟེ། ཡང་དག་པའི་ལྟ་བའི་དོན་ནི་མ་རྟོགས་པས། མ་རིགས་པ་ལ་མུ་གཏད། དབང་དང་ལྟ་བ་ལ་རེ་ལྟོས་བྱས་ནས་བཅས་ན་ཚང་ངོ་། །རྒྱངས་པན་པ་ནི་བོན་པོ་ལ་ཚང་སྟེ། ཚེ་ཕྱི་མ་རྒྱང་དུ་བཞག །ཚེ་འདི་ལ་ནི་ཅི་ཕན་བྱེད་པའོ། །ཆལ་

65a

༄༅།       །བ་པ་བྲོ་པ་ལ་ཚངས་སྟེ། དགེ་སྡིག་འདི་ཡིན་ངོ་མ་ཤེས་པས། གླུ་བྲོ་ལ་མི་ཚེ་སྐྱེལ་བས་ཆལ་པར་སོང་པའི་ཕྱིར་རོ། །མུ་ཐུག་སྐྱེ་བོ་ཐ་མལ་ལ་ཚངས་སྟེ། ཆོས་ཀྱི་གདམས་ངག་ནི་མ་ཐོས། ཚེ་སྔ་ཕྱི་ནི་ངོ་མི་ཤེས་པས། སྲོག་ཆགས་གསོད་པའི་ཕྱིར་ན་མུ་རྟུག་པ་ཞེས་བྱའོ། །