(ལུང་དང་རིགས་པའི་བསྟན་བཅོས།)
བྱེ་བྲག་ཏུ་ལུང་གི་སྟན་ཆོས་དང་རིགས་པའི་སྟན་ཆོས་སོ། །ལུང་གི་སྟན་ཆོས་ལ་བཞིའོ། །ལུང་བསྡུ་བ། ལུང་བསྒྲོལ་བ། ལུང་ལས་སུ་བསྟུས་པ། ལུང་འབྱེད་པའི་སྟན་ཆོས་སོ། །རིགས་པའི་སྟན་ཆོས་ལ་དགུ་སྟེ། དེ་སྐད་དུ་ཡང་། དོན་མེད་དོན་ལོགས་དོན་དང་ལྡན། །ཐོས་བརྩོད་སྒྲུབས་པ་ལྷུར་ལེན་དང་། །ངན་གཡོ་རྩེ་བྲལ་སྡུག་བསྔལ་སྤོང་། །སྟན་ཆོས་
༄༅། །དོན་ནི་རྣམ་པ་དགུ། །ཞེས་པས་སོ། །དེ་ལ་ལུང་བསྡུ་བ་ནི། མདོ་སྡེ་བརྒྱ་བཅུའི་ཁུངས་སམ། སྐྱེ་རབས་ལྟ་བུའོ། །ལུང་བསྒྲོལ་བ་ནི་བཀའ་རྣམས་ལ་འབྲེལ་པ་མཛད་པ་ལྟ་བུའོ། །ལུང་ལས་བསྟུས་པའི་ལུང་ལ་སྟོན་པ་ནི་སྟན་ཆོས་འདི་ལྟ་བུའོ། །འབྱེད་པ་ནི་གཞུང་ལས་ས་གཅོད་བསྡུས་དོན་དུ་རྩམས་སོ། །རིགས་པ་གཉིས་སྟེ། རིགས་པ་སྐྱེད་པ་དང་། རིགས་པ་སྤྲོས་པའོ། །དེ་ཡང་དོན་དགུར་རྩམས་པ་ལས། དོན་མེད་པ་ནི་བྱ་རོག་སོ་ཏོག་པ་ལྟ་བུའོ། །དོན་ལོགས་པ་མུ་སྟེགས་ཀྱི་སྟན་ཆོས་སོ། །དོན་དང་ལྡན་པ་ནང་པའི་སྟན་ཆོས། ལྷུར་ལེན་གསུམ་ལས་ཐོས་པ་ཕྱི་པའི་བཤད་པ་ལྷུར་ལེན་པ། སྒྲུབས་པ་ནང་ལྷུར་ལེན། བཙོད་པ་དགྲ་ཚད་མ་ལྷུར་ལེན་ནོ། །ངན་གཡོ་ནི་བྲེ་བསྒྱུར་སྲང་སྒྱུར་ལྟ་བུའོ། །རྩེ་བྲལ་ནི་སེམས་ཅན་ལ་ཤ་ཅོད་རྣ་བ་འགིག་པ་ལགས་པའོ། །ཡང་ན་སྲོག་དང་བྲལ་ཐབས་དེ་དུག་དང་མཚོན་གྱིས་བྱ་ཐབས་ལྟ་བུའོ། །སྡུག་བསྔལ་སྤོང་བ་ནི་ནང་པའི་སྟན་ཆོས་སོ། །