ལྡེའུ་ཆོས་འབྱུང་།
བཀའ་དང་སྟན་ཆོས་ཀྱི་ཁྱད་པར།
Previous Chapter
Next Chapter

(བཀའ་དང་བསྟན་བཅོས་ཀྱི་ཁྱད་པར།)

བཀའ་དང་སྟན་ཆོས་གཉིས་ཀྱི་ཁྱད་པར་དང་ཞེས་པ་ནི། དེ་ལ་ས་མཚམས་ཀྱི་ཕྱེ་བ་ནི། བུད་དྷ་བཞུགས་རིང་ལ་བཀའ་ལ། འབུད་དྷ་འདས་ནས་སྟན་ཆོས་སོ། །སློབ་དཔོན་ཀླུ་གྲུབ་ཀྱི་ཞལ་ནས། དེ་ཡང་འབུད་དྷ་མྱ་ངན་འདས་འོག་ཏུ། །ང་འམ་ང་འདྲ་དག་གིས་ནི། །དེའི་དགོངས་པ་འབྲེལ་བྱེད་པ། །དེ་ནི་སྟན་ཆོས་ཞེས་སུ་བཤད་པའོ། །བརྗོད་བྱས་ཕྱེ་ན་བཀའི་ངོ་བོ་ནི། མ་སླད་པའོ། །དེ་ཡང་དཀོན་མཆོག་རྩེགས་པ་ལས། འབུད་དྷ་རྣམས་ཀྱི་ཆོས་སྟན་པ། །ཟབ་ཅིང་ཞི་ལ་མཐུན་བགྱིད་དེ། །དེ་ནི་སླད་པར་མ་གྱུར་པ། །དེ་ནི་རྗེས་མཐུན་བཟོད་པའོ་ཞེས་སོ། །སྟན་ཆོས་ཀྱི་ངོ་བོ་ནི། གྲུབ་མཐའ་རང་རེའི་ལྟ་བས་འཚོལ་

75a

༄༅།       །ཏེ། ཉན་ཐོས་བེམ་པོ་རྗེས་སུ་གྲུབ་པར་འདོད། སྒྱུ་མ་ལྟ་བུ་བསྟན་ཆོས་རྨི་ལམ་ལྟ་བུར་འདོད། རབ་ཏུ་མི་གནས་པ་སྤྲོས་བྲལ་དུ་འདོད། དོན་ལ་སྒྲ་སྤྱིའི་མཚན་ཉིད་སྣང་པ་དང་འབྲེལ་པར་དྲིས་པའོ་གསུངས། འོ་ན་ཡི་གེ་སྟན་ཆོས་མ་ཡིན་ནམ་ཞེ་ན། གཟུགས་ཡིན་ཏེ་སྟན་ཆོས་མ་ཡིན་སྐད། བཀའི་ངེས་པའི་ཚིག་ནི་མི་བསླུ་བ་སྟེ། དེ་ཡང་དེ་བཞིན་གཤེགས་པ་ནི་བདེན་པར་གསུངས་པ། ཡང་དག་པར་གསུངས་པ། མི་བསླུ་བར་གསུང་པའོ། །ཞེས་པའོ། །དེ་ཡང་ཏ་ཐཱ་ག་ཏའི་གསུང་ཡིན་ཞིང་། ཆོས་ཉིད་ཀྱི་དོན་སྟོན་པས་ཏེ། བྱམས་པའི་ཞལ་ནས། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞེས་ཤོ་ལོ་ཀ་གཅིག་གོ །སྟན་ཆོས་ཀྱིས་ངེས་ཚིག་ནི། སློབ་དཔོན་དབྱིག་གཉེན་གྱིས་ཉོན་མོངས་པ་འཇོམས་ཤིང་། ངན་འགྲོ་དང་སྲིད་པ་ལས་སྐྱོབས་པའོ། །དེ་ཡང་། ཉོན་མོངས་དགྲ་རྣམས་མ་ལུས་འཇོམས་པ་དང་། །ངན་འགྲོ་སྲིད་ལས་སྐྱོབས་པར་བྱེད་པས་ན། །འཆོས་སྐྱོབས་ཡོན་ཏན་ཕྱིར་ན་སྟན་ཆོས་ཏེ། །གཉིས་པོ་འདི་དག་གཞན་གྱིས་ལུགས་ལ་མེད། །ཞེས་པས་ཤློ་གཅིག་གོ །དོན་ལ་སྟན་པར་བྱ་བ་སློབ་དཔོན་གྱིས་སློབ་མའི་བློ་འཆོས་པའི་ཕྱིར་སྟན་ཆོས་སོ། །ཡང་ན་ཐར་པ་ཐོབ་པའི་སྲོག་ཏུ་དགོས་པས་ཀྱང་། སྟན་ཆོས་སོ། །བྱམས་པའི་ཞལ་ནས། གང་ཞིག་རྒྱལ་བ་སྟོན་པ་འབའ་ཞིག་གོ་ཞེས་པ་ཤློ་གཅིག་གོ །གསུང་པའོ། །དབྱེ་བ་ནི་སོ་སོ་ཏེ་གོང་དུ་སྟན་ནོ། །མིང་གི་རྣམ་གྲངས་ནི་བཀའ་ལ་མདོ་རྒྱུད་གཟུངས་དང་རྟོགས་པ་

75b

ལ་སོགས་པར་གསུངས་ལ། སྟན་ཆོས་ལ་བཀའི་དོན་གསལ་བར་བྱེད་པའོ། །ལྡང་ཚད་ནི་བཀའི་དབུ་རུ་ཕུན་སུམ་ཚོགས་པ་རྣམ་པ་ལྔ། བར་དུ་དྲིས་པ་དང་ལན། ཐ་མར་རྗེས་སུ་ཡི་རང་བ་ཚངས་པ་དེ་ནི་ལྡང་ཚད་དོ། །སྟན་ཆོས་ཀྱི་ལྡང་ཚད་ནི་ལྟེ་བ་ནས་རླུང་ཨུ་དྲེ་ཞེས་པ་ལངས་ནས། སྒྲའི་གནས་བརྒྱད་དུ་བཏུགས་པ་ལས། ཡི་གེ་དེ་ལས་ཚིག །ཚིག་ལས་རབ་ཏུ་བྱེད་པ། རབས་དུ་བྱེད་པ་དུ་མ། དེ་ལས་སྟན་ཆོས་འབྱུང་པས་དེ་དགོས་འབྲེལ་བཞི་ཚངས་པའོ། །བཀའ་གསུངས། བཀའ་གསུངས་ཚུལ་ནི་གསུམ་སྟེ། དེ་གསུང་མཁན་སྐུ་གསུམ། གསུངས་ལུགས་སེམས་བསྐྱེད་ཚོགས་བསགས་འབུད་དྷ་ནས་སོ། །གསུང་ཚད་ནི་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའོ། །སྟན་ཆོས་ལ་ཡང་གསུམ་སྟེ། རྩོམ་པའི་རྒྱུ་ནི་ཤེས་རབ་དང་སྙིང་རྗེས་སྟེ། རང་དོན་དང་གཞན་དོན་དུའོ། །ཤེས་རབ་ལ་ཡང་གཉིས་སྟེ་ཐོས་པ་ལས་བྱུང་པའི་ཤེས་རབ་རིགས་པའི་གནས་ལྔ་འབྱོངས་པ་དང་། སྒོམས་པ་ལས་བྱུང་པའི་ཤེས་རབ་ཀྱིས་ལྷའི་ཞལ་མཐོང་ནས་དེས་བྱིན་གྱིས་རླབས་པའམ་རྗེས་སུ་གནང་བ་ཐོབ་པའོ། །སྙིང་རྗེ་ནི་སྤྱིར་སྙིང་རྗེས་འགྲོ་བ་གཞན་ལ་ཕན་པ་དང་། དགོས་གང་ཟག་གིས་གསོལ་བ་བཏབ་པས་རྩོམ་པའོ། །རྩོམ་པའི་ཚད་ནི་ལྔ་རིག་པ་འམ། ཡི་དམ་ལྷས་ལུང་སྟན་ནས་རྗེས་གནང་ཐོབ་པའམ། དེའི་དོན་མཐོང་པ་འམ། སྒྲ་དང་ཚད་མའི་སྐྱ་བར་ནས་ཐོན་པས་རྩམ་པར་ཆོག་གོ །རྩམས་ཚུལ་ནི། བཀའ་ལ་འཁོར་ལོ་རིམས་པ་གསུམ་དུ་གསུངས་པ་བཞིན་དུ་

76a

༄༅།       །སྟན་ཆོས་ཀྱིས་ཀྱང་དེ་དག་སྟན་ལ་འབེབས་པར་བྱེད་པས། སྟན་ཆོས་འཁོར་ལོ་གསུམ་ལ་སོགས་པར་བརྩམས་སོ། །བཀའ་གསུང་པའི་དགོངས་པ་ནི། ཉོན་མོངས་པའི་གཉེན་པོར་འགྲོ་བ། སེམས་ཅན་གྱི་དོན་དུ་འགྱུར་བ། དངོས་པོར་མཛིན་པའི་ཞེན་པ་ཟློག་པ། འབྲས་བུ་མངོན་པར་རྫོགས་པར་སངས་རྒྱ་བའི་དོན་ནོ། །སྟན་ཆོས་ཀྱི་དགོངས་པ་ནི་བཀའི་གཞུང་མཛེས་པ། སེམས་མོས་པ་སྐྱེ་བ། གཞུང་མཐོར་བ་བསྡུད་པ། བཀའ་ཟབ་མོ་འགྲེལ་བ། གཞུང་ཉམས་པ་གསོ་བས་སྟེ། དེ་ལ་དབྱིག་གཉེན་གྱིས། མཛེས་སྨོན་བྱ་བ་མོང་པ་དང་། །མཐོར་བསྡུས་ཟབ་བསྒྲོལ་ཉམས་གསོ་ཞེས་གསུངས་སོ། །