ལྡེའུ་ཆོས་འབྱུང་།
ཐེག་པ་ཆེ་ཆུང་གི་ཁྱད་པར།
Previous Chapter
Next Chapter

(ཐེག་པ་ཆེ་ཆུང་གི་ཁྱད་པར།)

ཐེག་པ་ཆེ་ཆུང་གཉིས་ཀྱིས་ཁྱད་པར་ནི། ཤེས་རབ་དང་སྙིང་རྗེ་ཆེ་བ་ཐེགས་ཆེན་ལ། པྲད་ཉ་དང་ཀ་རུ་ཆུང་པ་ཐེགས་ཆུང་ངོ་། །དེ་སྐད་དུ་ཡང་། ཡེ་ཤེས་རྣམ་པར་བཀོད་པའི་རྒྱུད་ལས། སྙིང་རྗེ་སེམས་ཅན་ལ་དམིགས་ཤིང་། །པྲད་ཛྙ་ཆོས་ཀྱིས་དབྱིངས་སུ་ཁྱབ། །ཐེགས་པ་ཆེན་པོ་ཞེས་བྱར་བཤད། །ཐེགས་ཆུང་དེ་ལས་ཟློག་པའོ། །ཞེས་པས། ཐེགས་ཆུང་ཤེས་རབ་ཆུང་དེ་གང་ཟག་གི་བདག་ལས་མ་གཏོགས། རང་དོན་རྩོར་བྱེད་པ་དང་། སྙིང་རྗེ་ཆུང་ཏེ་སེམས་ཅན་སེམས་ཅན་ལ་དམིགས་པ་རྩམ་ལས་མེད་དོ། །ཐེགས་ཆེན་ནི་པྲད་ཛྙ་ཆེ་སྟེ་གང་ཟག་གི་སྟེང་དུ་ཆོས་ཀྱི་བདག་མེད་རྟོགས། མ་ཧ་ཀ་རུ་ནི་ཆེ་སྟེ་ཆོས་ལ་དམིགས་པ་དང་དམིགས་པ་མེད་ལ་གཉིས་ཀྱིས་རང་པས་གཞན་ཅེས་པར་མཛིན་པའོ། །དེ་སྐད་དུ་ཡང་ཐབས་མེད་ཤེས་རབ་སྨན་པས་གཞན་

76b

དོན་བྱེད་མི་ནུས། །གཞན་དོན་རྩོར་བྱེད་ཐེག་པ་ཆེན་པོའི་ལམ་ཞེས་སོ། །ཡང་ན་ཐེགས་པ་ཆེན་པོ་ནི་ཐེགས་པ་ཆུང་ངུ་ལས་ཆེ་བའི་ཁྱད་པར་བདུན་གྱིས་འཕག་ཏེ། དང་པོ་དམིགས་པ་ཆེ་བ་ནི། མི་རྟགས་པའི་དོན་ལ་མ་ཡིན་སྟེ་ཟབ་ཅིང་རྒྱ་ཆེ་བའི་དོན་ལ་དམིགས། དེ་ཡང་དོན་ཟབ་དོན་ནི་རྒྱ་ཞིང་ཞེས་སོ། །གཉིས་པ་སྒྲུབས་པ་ཆེ་བ་ནི་རང་དོན་པས་གཞན་དོན་སྒྲུབས་སྟེ། དེ་ཡང་དོན་ཆེན་འགྲོ་བའི་དོན་བྱེད་པ་ཞེས་སོ། །གསུམ་པ་ཡེ་ཤེས་ཆེ་བ་ཡང་གང་ཟག་གི་བདག་མེད་པས་ཆོས་ཀྱིས་བདག་མེད་གཙོ་བོ་སྟེ། དེ་ཡང་ཡང་དག་བདག་མེད་དེ་བཞིན་ཉིད་ཅེས་སོ། །བཞི་པ་ཐབས་ཆེ་བ་ཡང་ཞི་བ་མྱ་ངན་ལས་འདས་པར་མི་ལྟུང་པར་སྲིད་པ་འཁོར་བ་ལ་མི་གནས་སྟེ། སྲིད་ཞི་གཉིས་ལ་པྲད་ཉ་དང་ཀ་རུས་མི་གནས་པའོ། །དེ་ཡང་དགོངས་པ་སྟོན་པའི་མདོ་ལས། སྙིང་རྗེས་ཞི་ལ་མི་གནས་ཤིང་། །ཤེས་རབ་ཀྱིས་ནི་སྲིད་མཐར་མིན་ཞེས་སོ། །གཞན་ཡང་སྡུག་བསྔལ་གསུམ་གྱིས་སྡུག་བསྔལ་ཞི་ཞེས་སོ། །

ལྔ་པ་བརྩོན་འགྲུས་ཆེ་བ་ནི། ཉོན་མོངས་པས་སྐྱོ་ནས་རང་དོན་མི་སྒྲུབ་ཀྱི་བརྩོན་འགྲུས་ཀྱིས་སྡུག་བསྔལ་དང་དུ་ལེན་པའོ། །དེ་ཡང་། བརྩོན་འགྲུས་ཆེན་པོས་བརྟུལ་བ་ཡིན། ཞེས་སོ། །

དྲུག་པ་འཕྲིན་ལས་ཆེན་པོ་ནི། རང་གཅིག་བུའི་དོན་སྒྲུབས་པ་མ་ཡིན་པར་འབུད་དྷའི་མཛད་པ་ཐམས་ཅད་སྒྲུབས་ཏེ། དེ་ཡང་སངས་རྒྱས་འཕྲིན་ལས་བྱེད་པའི་མགོན་ཅེས་སོ། །བདུན་པ་ཡང་དག་པའི་སྒྲུབས་པ་ཆེ་བ་ནི། འབྲས་བུ་དགྲ་བཅོམ་པ་སྒྲུབས་པ་མ་ཡིན་ཏེ། སངས་རྒྱས་ཀྱིས་ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་སྒྲུབས་སྟེ། དེ་ཡང་ཏ་ཐ་ག་ཏ་འགུ་ན་མཚའ་ཞེས་སོ། །གཞན་ཡང་སྟོང་པ་ཆེ་དང་མཐུ་ཆེ་དང་། །

77a

༄༅།       །རྒྱལ་བ་རྣམས་ཀྱིས་ཐེགས་ཆེན་མཆོག་ལ་ཞུགས་པ་སྟེ། །གོ་ཆ་ཆེན་པོ་དགོས་ཤིང་བདུད་ཀྱིས་སྒྱུ་འདུལ་བ་ཞེས་པ་དེ་ལ་ཐེགས་པ་ཆེན་པོའོ། །ཡང་སྒྱུ་འཕྲུལ་ལས། ཐབས་ཆེ་སྒོ་ཡངས་ཐེགས་ཆེན་ལམ་ཞེས་འབྱུང་སྟེ། དེ་ཡང་སྒོ་ཡངས་སྟེ་གང་ཟག་ཐམས་ཅད་བཞུགས་དུ་རུང་། ཐབས་ཆེ་སྟེ་གང་གི་སྒོ་ནས་ཞུགས་ཀྱང་འབྲས་བུ་ཐོབ། དོན་ཆེ་སྟེ་རང་དོན་གཞན་དོན་གཉིས་འགྲུབ། ཐེགས་ཆུང་སྒོ་དོགས་སྟེ་གང་ཟག་ཉམས་པ་བཞུགས་པའི་སྒོ་མེད། ཐབས་ཆུང་དེ་ཚུལ་ཁྲིམས་རྩམས་ལས་མེད། དོན་ཆུང་ཏེ་རང་དོན་ལས་མི་འགྲུབ་པའོ། །