ལྡེའུ་ཆོས་འབྱུང་།
ཕ་རོལ་ཏུ་ཕྱིན་པའི་ཐབས་ཀྱི་ཐེག་པའི་ཁྱད་པར།
Previous Chapter
Next Chapter

(ཕ་རོལ་ཏུ་ཕྱིན་པའི་ཐབས་ཀྱི་ཐེག་པའི་ཁྱད་པར།)

པ་ར་མི་ཏ་ཐབས་ཀྱིས་ཐེགས་པའི་ཁྱད་པར་ནི། སུ་སི་ཏི་ཀ་ར་ལས། དོན་ཅིག་ལ་ཡང་མ་སྨོངས་དང་། །ཐབས་མངས་ཞེས་ཤློ་གཅིག་གོ །སྟོན་དེ་ཐབས་མཁས་ཏེ་ཉོན་མོངས་འཁོར་བའི་ཆོས་ལ་ཅད་ཀྱང་གྲོལ་ནུས། སླ་སྟེ་དཀའ་ཐུབ་མི་དགོས། འདོད་ཡོན་ལ་རྟེན་པས་སངས་རྒྱ། ཐབས་མྱུར་བས་སྟེ་གྲངས་མེད་གསུམ་མི་འགོར་སྟེ་ཚེ་ཅིག་གྲུབ། དབང་པོ་རྣོ་ཏེ་གདམས་ངག་བཏབ་པ་དང་གྲོལ་བ་དུས་སྙམས། དེ་ལ་ཡང་སྐད་གཅིག་གཅིག་གིས་རྫོགས་སངས་རྒྱས་ཞེས་པའམ། པྲད་ཛྙ་མ་ཧས་སྐད་ཅིག་མ་ཞེས་སོ། །